དབང་འདུས།
ཉེ་ལམ་སྤྱི་ཟླ་བདུན་པའི་ཟླ་མགོར་སྤྱི་འཐུས་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་སྤྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིའི་སྐོར་ལ་རྩོམ་ཡིག་དང་སྒྲ་སྒམ་སྔ་རྗེས་བཟོས་ཏེ་བཀྲམས་པ་དེ་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་ལབ་གླེང་མང་པོ་ཆགས། སྐད་འཕྲིན་ཚོགས་པ་ཁག་ནང་རྩོད་གླེང་ཆེན་པོ་བྱུང་ཞིང་ཆོལ་ཁ་ཆོལ་ཁའི་བར་དང་ཆོལ་ཁ་ནང་ཁུལ་བར། ལུང་པ་ཕན་ཚུན་བར་དང་གྲོགས་པོ་ནང་ཚགས་བར་སོགས་ལ་ཁ་རྩོད་དྲག་པོ་ཤོར་ཏེ་འགལ་བ་ཆེན་པོ་བྱུང་དང་འབྱུང་བཞིན་འདུག དེར་ཐུགས་ཁག་ཀྱང་ཡོད་པ་མ་རེད་སྙམ། གང་ཡིན་ཟེར་ན་ལོ་ངོ་འདི་དག་ནང་ཚོར་བ་ཧ་ཅང་རྣོ་བའི་དོན་གནས་ཤིག་ཆགས་ཡོད་པ་མ་ཟད། དྲང་བདེན་ལ་དགའ་བའི་མི་མང་ཧ་ཅང་མང་པོ་ཞིག་གིས་ཚོགས་ཟུར་སྤེན་པ་ཚེ་རིང་མ་འོངས་སྲིད་སྐྱོང་ཆགས་པར་རེ་བ་ཆེན་པོ་བཅངས་ཡོད།
ཤར་ཕྱོགས་ཁུག་རྟ་སྒེར་ངོས་ནས་སྲིད་སྐྱོང་འོས་མི་སུ་ལ་རྒྱབ་སྐྱོར་བྱེད་མིན་རང་དབང་རེད་ལ་སོ་སོའི་འོས་ཤོག་གཅིག་པོ་དེ་སུ་ལ་སྤྲོད་མིན་ཡང་ཁོ་རང་གི་དམངས་གཙོའི་ཁེ་དབང་རེད། འོན་ཀྱང་དུས་མ་ཡིན་པར་འོས་བསྡུའི་ལས་རིམ་འགོ་འཛུགས་བྱས་མེད་པ་དང་། ཡུལ་མ་ཡིན་པར་རང་ཉིད་སྤྱི་འཐུས་ལས་ཐོག་ཅིག་ཡིན་སྐབས་འདིར་མངོན་གསལ་དོད་པོས་སྲིད་སྐྱོང་འོས་མི་བྱེ་བྲག་པ་གཅིག་ལ་རྒྱབ་སྐྱོར་ཡོད་མདོག་བསྟན་པ་དེས་སྲིད་སྐྱོང་འོས་མི་གཞན་དག་ཚང་མར་དོ་ཕོག་བཏང་ཡོད་པ་མ་ཟད། ཁོ་རང་གི་རྒྱབ་སྐྱོར་བྱེད་ཡུལ་འབྲོང་ཆུང་དངོས་གྲུབ་ལའང་ཕན་ལས་གནོད་འཚབ་ཆེན་པོ་བཟོས་ཏེ་གླེང་ཕྱོགས་སྣ་ཚོགས་འབྱུང་བཞིན་ཡོད། ལྷག་པར་དུ་མ་འོངས་པར་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གི་འོས་གྲངས་ཐོག་ཤུགས་རྐྱེན་ཐེབས་ངེས་ཡིན་ལ་ཁོང་གི་འདས་པའི་ཕྱག་རྗེས་སྤྱི་དང་། མ་འོངས་མདུན་ལམ་ད་ལྟའི་ཁ་རྗེ་དབང་ཐང་སོགས་ལའང་གནོད་སྐྱོན་ཆེན་པོ་ཐེབས་སྲིད།
ཤར་ཕྱོགས་ཁུག་རྟའི་བྱ་སྤྱོད་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་གཉིས་ཀར་འགལ་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༨ པའི་དོན་ཚན་ ༩༧ པའི་ནང་གསེས་ ༢ པའི་ཀ་པ་དང་། འོས་བསྡུའི་སྒྲིག་གཞི་ལེའུ་ ༣ པའི་དོན་ཚན་ ༥༣ པའི་ནང་ “སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་འོས་བསྡུའི་ལས་དོན་འགོ་འཛུགས་བྱེད་པ་དང་” ཞེས་དང་། ཡང་འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༢༤ པའི་ནང་གསེས་ ༩ པའི་ནང་ “སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་དགོས།” ཞེས་འཁོད་ཡོད། དབུས་འོས་བསྡུ་ལྷན་ཁང་གིས་འོས་བསྡུའི་ལས་རིམ་གསལ་བསྒྲགས་མ་གནང་སྔོན་ལ་ཚོགས་སྒེར་སུས་ཀྱང་འོས་གཞི་འདོན་པ་དང་འོས་མིར་བཞེངས་པ་ཁྱབ་བསྒྲགས་སོགས་གང་ཡང་སྤེལ་མི་ཆོག དོན་གནས་འདིའི་ཐོག་ཉེ་ལམ་ ༢༠༢༠།༣།༡༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་ཤིག་ཀྱང་སྤེལ་དགོས་ཐུག་ཡོད་པའི་ནང་། “གལ་སྲིད་ད་དུང་གནས་ཚུལ་འདི་རིགས་འཐོན་ཚེ་ཁྲིམས་སྒྲིག་དགོངས་དོན་ལག་བསྟར་ཡན་པོར་མ་སོང་བ་བྱ་ངེས་ཡིན་” ཞེས་འཁོད་འདུག
ཤར་ཕྱོགས་ཁུག་རྟ་བོད་མི་མང་སྤྱི་འཐུས་ཤིག་ཡིན་པ་དང་ནམ་རྒྱུན་ཁྲིམས་དང་སྒྲིག་གཞི་རྩོད་གླེང་བྱེད་མཁན་ཞིག་ཡིན་བཞིན་དུ་ཁྲིམས་འགལ་སྒྲིག་འགལ་འདི་ལྟར་བྱས་ན་ཤེས་བཞིན་ཁྲིམས་ལ་ཁྱད་གསོད་བྱས་པ་ཞིག་ཆགས་ཡོད་པ་མ་ཟད། བོད་པའི་སྤྱི་ཚོགས་ནང་འཁྲུག་རྐྱེན་ཐེབས་གཞི་དང་ཆོལ་ཁ་ནང་ཁུལ་དུམ་བུར་འགྲོ་གཞིའི་བཤད་སྤྱོད་འདི་འདྲ་བྱས་ན་བོད་མི་མང་གི་འགོ་ཁྲིད་ཅིག་གི་ཀུན་སྤྱོད་ལས་ཡོངས་སུ་ལྡོག་སྟེ་བོད་མི་མང་གི་ཁ་གཏད་དགྲ་བོ་གང་ན་ཅི་ཡོད་དག་གི་ཞེ་འདོད་དང་གཅིག་པ་གཅིག་རྐྱང་ཆགས་ཡོད་པ་རེད།
དམངས་གཙོའི་སྤྱི་ཚོགས་ནང་མི་མང་ཚོར་བ་སྐྱེན་པའི་ལས་དོན་སྤྱི་དང་བྱེ་བྲག་འོས་བསྡུའི་ལས་དོན་རིགས་ལ་མི་ཚང་མས་ཡིད་གཟབ་བྱེད་པ་དང་། དམིགས་བསལ་གྱིས་གོ་མིང་མཚན་གནས་ཡོད་མཁན་ཚོས་རང་གི་མངོན་འདོད་ལས་སླ་པོར་ཁྲོམ་བསྒྲགས་མི་གནང་། དེ་ནི་སོ་སོར་དགའ་ཕྱོགས་མེད་པ་མིན་ལ་དེ་ཕྱི་ལ་བསྒྲགས་པའི་དབང་ཚད་མེད་པའང་མིན་མོད། མི་མང་གི་མངོན་འདོད་ལ་དོ་ཕོག་མི་འགྲོ་ཆེད་དང་སྤྱི་ཚོགས་ལྷིང་འཇགས་ལ་བརྡབ་གསིག་མི་ཐེབས་ཆེད་ཡིན། བཙན་བྱོལ་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་རྣམ་པ་དང་ཆོལ་གསུམ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ ༤༣ ལའང་རང་རང་གི་སྲིད་སྐྱོང་འོས་དམིགས་མེད་པ་མིན་ཡང་། ད་ལྟའི་འཁྲུག་ཆ་ཆེ་བའི་དུས་སྐབས་ནང་ཁྱབ་བསྒྲགས་བྱེད་པའི་འོས་བབ་མེད་པ་དང་། ཡང་སྒོས་འོས་བསྡུའི་ལས་རིམ་དབུ་འཛུགས་མ་གནང་གོང་ཁྲིམས་འགལ་བྱ་མི་རུང་བའི་བཟང་སྤྱོད་ཀྱི་ཐུགས་འགན་འཁྱེར་ཡོད།
སྤྱིར་འབྲོང་ཆུང་དངོས་གྲུབ་སྲིད་སྐྱོང་འོས་མིར་ཡག་པོ་ཡོད་སྲིད་ལ་སྤེན་པ་ཚེ་རིང་ཡང་འོས་པ་ལས་ཀྱང་རྩེ་ཕུད་ཅིག་ཡིན་པ་ཁོང་གིས་འདས་པའི་ལོ་ངོ་ཉི་ཤུ་ལྷག་རིང་ཕྱག་ལས་གནང་བའི་གོ་རིམ་ཁྲོད་གསལ་བོ་ཆགས་ཡོད་ལ། ལྷག་པར་དུ་སྔར་ལོའི་ཁ་མཆུའི་བརྒྱུད་རིམ་ཁྲོད་སྤྱི་བོ་གནམ་བསྟན་ཡོངས་ལ་ངེས་ཤེས་ཟབ་མོ་རྙེད་ཡོད། འོན་ཀྱང་ད་ལྟ་འབྲོང་ཆུང་སྤེན་པ་གཉིས་ལ་དམིགས་ཡུལ་དང་འཆར་གཞི་གང་ཡོད་ཤེས་རྟོགས་མེད་པ་མ་ཟད། ཐ་ན་སྲིད་སྐྱོང་འོས་མིར་བཞེངས་འཆར་ཡོད་མེད་ཀྱང་གསལ་པོ་ཆགས་མེད་པའི་རྐང་མཚམས་འདིར་བྱ་ཕོ་མ་གྲགས་གོང་ལ་ཁྱི་མོས་ངུ་ཟུག་བརྒྱབ་པ་འདི་སྔོན་ཆད་གྲོས་ཚོགས་ནང་སྔོན་ཐོན་པ་དང་ཧུར་བརྩོན་པ་མིང་འདོག་བྱས་པའི་རང་མདོག་ངོ་མ་ཕྱི་ལ་བསྟན་ཡོད།
ཤར་ཕྱོགས་ཁུག་རྟའི་རྩིས་གཞི་གང་རེད་ཟེར་ན། འབྲོང་ཆུང་དངོས་གྲུབ་སྲིད་སྐྱོང་ཐོབ་ན་ཁོ་བོར་ཐོབ་དང་མཁས་གྲགས་གྱ་ནོམ་པ་རག་རྒྱུ་ཡིན་པ་ལྟ་ཅི་སྨོས། མ་ཐོབ་ཀྱང་ཁུག་རྟ་སྒེར་ལ་མ་འོངས་པར་མདོ་སྨད་ཀྱི་ཁེ་བཟང་ལས་ལྡབ་འགྱུར་གྱིས་དབུས་གཙང་གི་ཁེ་བཟང་ཆེ་བ་ཐོབ་ངེས་ཡིན་པར་རེ་བ་རྒྱབ་ཡོད། ཁོ་རང་གིས་ཇི་ལྟར་འཁྲབ་ཀྱང་མདོ་སྨད་སྤྱི་འཐུས་ཀྱི་འོས་ཤོག་དེ་ཐོབ་ཤག་ཡིན་པ་དང་། དེ་ལས་གཞན་པའི་དཔལ་འབྱོར་དང་ཁེ་ཕན་གཞན་དང་གཞན་གྱི་ཐད་ནས་མདོ་སྨད་མི་འབོར་ཉུང་བ་སོགས་ལ་བརྟེན་ཏེ་རྒྱས་སྤྲོས་རྒྱུན་གནས་ཀྱི་འབབ་སྟེགས་གཞན་ཞིག་འཚོལ་འདོད་པ་དེ་རེད། འོན་ཀྱང་ཆབ་སྲིད་པའི་སྤྱི་དོན་ཁ་འཁྱེར་དང་སྒེར་དོན་ཁོག་བཅུག་གི་བྱ་སྤྱོད་འདི་རིགས་ཀྱིས་ཆེ་ས་ནས་བོད་འཕུང་ལ་སྦྱོར་བཞིན་ཡོད་ལ་ཆུང་ས་ནས་རང་ཁོངས་མི་མང་གི་རེ་བ་ཆུ་ལ་གཡུག་གི་ཡོད།
ཐེངས་འདིའི་ཤར་ཁུག་སོགས་ཀྱི་བྱེད་བབ་འདིས་མདོ་སྨད་མི་མང་གི་འོས་ཤོག་ལ་འགྱུར་བ་གཏོང་ཐུབ་ཀྱི་མེད་པ་གསལ་བོ་ཆགས་ཡོད་ཀྱང་། སྤེན་པ་ཚེ་རིང་གི་དབུས་གཙང་འོས་ཤོག་མང་པོ་ཞིག་ཁ་ཕྱོགས་འགྱུར་རྒྱུ་ཡིན་པ་གཏན་ཁེལ་ཚར་བ་རེད་ལ། འབྲོང་ཆུང་དངོས་གྲུབ་ཀྱི་མདོ་སྟོད་འོས་ཤོག་མང་པོ་ཞིག་ཀྱང་ཕྱིར་འཐེན་བྱ་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། གཡོ་འགུལ་འདིའི་བར་ནས་སྤེན་པ་ཚེ་རིང་སྲིད་སྐྱོང་འོས་འགྲན་ཁྲོད་ཕམ་ཉེས་ཕྱིན་ཏེ་རྒྱ་སྒྲོལ་དང་སྐལ་རྡོར་གང་རུང་ལ་ཁེ་བཟང་གི་གོ་སྐབས་དང་མཐུན་རྐྱེན་གསེར་ལས་ལྷག་པ་ཞིག་ཆགས་ཡོད།
མདོ་དོན། ཐེངས་འདིའི་ཤར་ཕྱོགས་ཁུག་རྟའི་ཐལ་ཆ་ཆེ་བའི་བྱ་སྤྱོད་དེ་བོད་པའི་སྤྱི་ཚོགས་ཀྱི་མཐུན་ལམ་ལྡོག་རྩ་ཆིག་སྒྲིལ་ལ་གནོད་པ། སྲིད་སྐྱོང་འོས་མི་ཀུན་དང་བྱེ་བྲག་སྤེན་པ་ཚེ་རིང་ལ་གནོད་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུ་ལྷན་ཁང་གི་སྒྲིག་གཞིར་འགལ་བ། མི་མང་གི་མགོ་ཁྲིད་དང་ཤེས་ཡོན་པའི་ཀུན་སྤྱོད་དང་འགལ་བ་ཞིག་ཆགས་ཡོད་སྟབས། གླེང་རྙོག་འདི་དང་འབྲེལ་ཏེ་གནས་ཚུལ་ཆེ་ཆུང་གང་ཞིག་བྱུང་ཡང་དེའི་འགན་ཡོངས་རྫོགས་ཤར་ཕྱོགས་ཁུག་རྟས་འཁུར་དགོས་སོ།། །།
མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།
སྐུ་ངོ་མཆོག་གིས་ད་རེས་ངོ་མ་སེམས་ཕམ་དུ་བཅུག་སོང་། སྐུ་ངོ་སྤེན་པ་ཚེ་རིང་སྲིད་སྐྱོང་མ་ཐོབ་ཀྱང་སྔོན་འགྲོའི་འོས་གྲངས་མང་པོ་ཐོབ་ན་ཡག་པོ་ཡོད་པ་རེད། དེ་ཤར་ཕྱོགས་ཁུག་རྟས་མེད་པ་བཟོས་སོང་
ལོ་དྲུག་བདུན་གི་གོང་གི་བར་མའི་འོས་བསྡུའི་སྐབས་ཤིག་ལ་སྐུ་གྲོངས་ཟིན་པའི་སྤྲོ་ཚིགས་ཆོས་གྲགས་ལགས་དང་ཤར་ཕྱོགས་ཁུག་རྟ་གཉིས་ཀྱིས་ཁ་བརྡ་དྲ་ཚིགས་སྟེང་ནས་རྩོད་པ་མང་པོ་བརྒྱབ་པ་ཞིག་ད་ལྟ་དྲན་གྱི་འདུག སྐབས་དེར་སྤྲོ་ཚིགས་ཆོས་གྲགས་ལགས་ནས་ཤར་ཕྱོགས་ཁུག་རྟ་ལ་ཁྱོད་ཀྱིས་སྒེར་དོན་གྱི་ཆེད་དུ་ཅི་ཡང་བསྒྲུབ་ཕོད་པ་ངས་ཤེས་ཡོད་པས་རྩོད་པ་རྒྱག་འདོད་མི་འདུག་ལབ་པ་དེ་དོན་དག་མང་པོ་ཞིག་གི་སྟེང་ནས་བདེན་དབང་ཆགས་ནས་ཡོང་གི་འདུགབར་མའི་འོས་བསྡུ་དེ་ 2013 ལོའི་ཀིརྟི་སྒྲོན་དཀར་ལྷ་མོའི་ཚབ་གསར་ཞིག་གི་ཆེད་དུ་རེད།
རྩོམ་ཡིག་འདི་སུས་བྲིས་མིན་གསལ་པོ་ཤེས་སོང་་་་་་ཟུར་པ་དང་ལས་ཐོག་དེ་རེད་ཅེས་་་་་ཤར་ཁུག་ལ་ཞུ་རུ་འགྲོ་དགོས་པ་འདྲ་་་་ཧཧཧཧཧཧ རྫུན་ཨབ་པྲ་གཉིས་ཀྱི་རྔ་མ་ཐུང་་་་་
སྤེན་ཚེ། ༢༠༡༡ ལ་ལངས་པ་རེད། ༢༠༡༦ ལངས་པ་རེད། ༢༠༢༡ ལ་ལངས་འདོད་ཡོད་རེད། ཡུལ་དུས་གནས་བབ་ལ་གཟིགས་ནས་ལངས་ཀྱི་ཡོད་པ་རེད་དམ། སོ་སོར་ངེས་པར་སྲིད་སྐྱོང་ཐོབ་ན་བསམས་ནས་ལངས་ཀྱི་ཡོད་རེད། དེ་ཤེས་དགོས་པ་རེད། སོ་སོར་སྲིད་སྐྱོང་བྱེད་རྒྱུར་དགའ་པོ་ཡོད་པ་ཙམ་ལ་གཞི་བྱས་ན། དེ་ཏག་ཏག་བསྡད་མ་སོང་། རང་དོན་ཁོག་བཅུག་ཀྱང་ཆགས་ཀི་རེད། དེ་བས་ང་དོགས་པ་ཚ་རུ་འགྲོ་གི་འདུག
༢༠༡༡ ལ་ག་རེ་གསུངས་པ་རེད། ༢༠༡༦ ག་རེ་གསུངས་པ་རེད། ༢༠༢༡ ལ་ག་རེ་གསུངས་ནས་ལངས་རྩིས་ཡོད་རེད། དེར་ཞིབ་ཏུ་བལྟ་དགོས་པ་རེད།
མཐུ་སྟོབས་གཡུ་ཐོག་ལགས། ཁྱེད་རང་མཐུ་སྟོབས་དངོས་ནས་རེད་འདུག་ག ང་མངོན་ཤེས་མ་རེད། Corona ? Lockdown བྱས་པ་རེད། མཛུབ་མོ་སྡད་ཚུག་མེད་པ་ཤོར་སོང་། དུད་བབ་ཚང་གི་དུས་ཚོད་འཁྱོལ་ཡ་ས་མིག་སྟོང་པ་བཞག་འདུག་ག ཡིག་ལན་སྤྲད་པ་ ཐུགས་རྗེ་ཆེ།
ད་ཡིན་ན་ལྟད་མོ་འདུག
སྤེན་ཚེ་ཤར་ཁུག་གཉིས་ཀ
གྲོགས་པོ་གྲོགས་མཆོག་ཡིན་ཟེར།
རྒྱབ་སྐྱོར་ཡོད་དང་མེད་པ།
བརྩད་ནས་བྱབ་ཆུང་མ་བྱེད།
ཧཧཧཧ
2011 བློ་སེང་་་ འོས་བསྡུ་ སྔོན་འགྲོ་གསུང་བཤད་་་ ༡༽ གསར་གཏོད། ༢༽ རང་ཁ་རང་གསོ། ༣༽ ༧གོང་ས་མཆོག་བོད་ལ་གདན་ཞུ།། སྲིད་སྐྱོང་དང་པོ་ལོ་ལྔ་ཚར། ད་ཆ་ སྲིད་ཐེངས་གཉིས་པ་ཡང་ཚར་རན། ༡༽ གསར་གཏོད།-> 5+50 ༢༽ རང་ཁ་རང་གསོ།-> རང་གི་ཁ་དང་ནང་མི་ཁ། ? ༣༽ ༧གོང་ས་མཆོག་བོད་ལ་གདན་ཞུ།-> སྟོང་པའོ། ཨོཾ་ཨཿཧཱུཾ། ? ? ? ? ? ? Hello ! ཚེ་བརྟན་འགྱུར་མེད་ལགས་་་ Wao? You Very Good ? ཁྱེད་མི་གཅིག་བོད་རྒྱལ་ཁབ་ལ་ལག་ནི་མི་བདག མིའི་ལུང་པ་ག་ཚད་བཞུགས་ཐུབ་ཐུབ་བཞུགས་རོགས། ཡང་ རྦད་དེ་བཞུགས་ཐུབ་ན་ཡང་བཞུགས་རོགས། ? ? ? ? ?
སྤྱི་འཐུས་ལས་ཐོག་གི་སྲིད་སྐྱོང་འོས་དམིགས་སྟོན་གྱི་ཡོད་ན་བཅའ་སྒྲིག་དང་མཐུན་པ་ལ་ངོས་འཛིན་དགོས་པ་རེད་དམ་ཐོག་མའི་དམ་བཅའ་དང་འགལ་ནས་ཁྲིམས་འགལ་དང་སྒྲིག་འགལ་ལ་ངོས་འཛིན་དགོས་པ་རེད་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་དང་དབུས་འོས་བསྡུ་ལས་ཁང་བཅས་ནས་མི་མང་ལ་གསལ་བཤད་ཕེབས་དགོས།
སྤྱི་འཐུས་ལས་ཐོག་ཅིག་གི་སྤྱོད་ཐལ། ཅེས་པའི་དབང་འདུས་ཅན་གྱི་བསམ་ཚུལ་དེ་ཁོ་བས་བསམ་ཚུལ་རེད། ཡང། དྲང་བདེན་ལ་དགའ་བའི་མི་མང་ཧ་ཅང་མང་པོ་ཞིག་གིས་ཚོགས་ཟུར་སྤེན་པ་ཚེ་རིང་མ་འོངས་སྲིད་སྐྱོང་ཆགས་པར་རེ་བ་ཆེན་པོ་བཅངས་ཡོད་སོགས་ལ་མོས་མཐུན་མེད། སྤེན་པ་ཚེ་རིང་ག་འདྲ་ཞིག་ཡིན་མིན་འདས་པའི་སྲིད་སྐྱོང་རྩོད་རྙོགས་ལ་ཞིབ་ན་ཤེས། སྤྱི་ཚོགས་ནང་དཀྲུག་ཤིང་ཇི་ལྟ་བུ་ཞིག་བཟོས་མ་སོང་ངས་། སྒེར་དོན་ཆེད་གཞུང་གི་ཡིག་ཆ་ག་འདྲ་བེད་ལོག་ཞུས་སོང་ངས། མ་བརྗེད་པ་གྱིས། ད་བར་བྱུང་མ་མྱོང་བའི་ལོ་རྒྱུས་ཤིག་རེད། དེ་ཡང་བློ་སེང་ལ་བརྟེན་ནས་རེད་ཟེར་ཀྱང་དཔྱད་པ་ཆུང་ངུ་ཞིག་བྱས་ན་བློ་སེང་ལགས་ནས་དེའི་སྔོན་ལའང་སྲིད་སྐྱོང་འོས་བསྡུ་ཞིག་ཞུས་པས་དེ་སྐབས་དེ་འདྲའི་རྙོག་ཁྲ་བྱུང་མེད། དེ་གང་གིས་ཡིན་ནམ།
བློ་སེང་ལ་སྐྱོན་ཡོད། ཡིན་ཀྱང་བྱས་རྗེས་ལ་ངོས་ལེན་ཞུ་དགོས། དངོས་ཤེས་མི་མང་བ་ལ་མེད་ཀྱང་རིག་དཔྱད་ཡོད། དང་པོའི་དཔེ་ལ་རྒྱུ་ལ་འདོད་ན་སྐྱོན་བཏོན་ཟེར་བ་ལྟར་བསོད་རྒྱལ་གྱི་སྲིད་སྐྱོང་ལ་སྐྱོན་བརྗོད་དེ་ཁོ་བོ་བྱས་རྗེས་དེ་ངས་ཐུབ་ན་བསམ་ཀྱང་བྱ་ཐབས་མེད་པའི་སྙིང་གཟེར་ལས་བྱུང་བ་ལས་དེ་མིན་གཞི་མེད་རེད། བོད་ལ་ལོག་རྒྱུ་དེ་ང་ཚོའི་དམིགས་ཡུལ་རེད་ཀྱང་སྐྱབས་བཅོལ་སྡོད་པའི་རིང་ལ་ཕྱིའི་དངོས་པོ་དང་ནང་གི་ཡོན་ཏན་སྤེལ་རྒྱུ་དེ་དགོས་གལ་མ་རེད་དམ། དེ་མིན་རང་བཙན་དོན་དུ་ལས་དོན་འདི་དང་འདི་འདྲ་ཞིག་སྤེལ་མིན་འདུག་ཅེས་པ་ནི་ཁྱེད་ཀྱི་རིག་བསམ་དང་རང་གི་བྱས་བ་གང་ཐད་ནས་སྤུ་ཙམ་ཡང་འཁོད་མིན་འདུག ཁྱེད་ཀྱི་གཏམ་བཤད་དེ་ཨོག་སྟོང་སྐམ་པོའི་སྐད་ཆར་ངོས་འཛིན་ཞུ་ཡི་ཡིན།།
རྩོམ་ཡིག་ཧ་ཅང་གནད་ལ་འཁེལ་བ་རེད། མང་གཙོའི་སྤྱི་ཚོགས་ཟེར་བ་འདི་འདྲ་ཞིག་དགོས་པ་རེད། ལྷག་པར་དུ་གསར་འགོད་པ་དང་རྩོམ་པ་པོ་ཚོས་འགན་འཁུར་ཆེ་བཞེས་གནང་དགོས། སྤྱི་ཚོགས་ནང་གི་རུལ་སུངས་དང་ཆབ་སྲིད་པའི་གཡོ་སྒྱུ་དུས་ཐོག་ལ་ཐེར་འདོན་དང་ཡོ་བསྲང་གནང་ཐུབ་དགོས།
ད་ གང་ བ་ ? བདག་ལ་མངོན་ཤེས་ནི་ མོ་བེ། ད་ལན་སྲིད་སྐྱོང་དེ་ བླ་མ་དཀོན་མཆོག་རང་གིས་ཤུག་རྒྱག་རོགས། ད་ལྟ་སྲིད་སྐྱོང་དེ་ནི་རྒྱལ་ཁབ་གཞན་གྱི་ཉོས་ཟིན། 5+50 བོད་དོན་ནར་འགྱངས་དང་ རྐུབ་ཀྱག་གཏན་སྡོད་ཀྱི་གཡོ་ངན་བཤམས། བོད་རང་དབང་ཐོག་ཚིག་གཅིག་ཀྱང་བསྒྲགས་ཡ་མེད། བོད་རྒྱ་གྲོས་མོལ་ཡང་བྱས་མེད། བོད་མི་མགོ་སྐོར་གཏོང་ཆེད་ བག་སུ་ལམ་ ཟ་ཁང་ཞིག་དུ་ཚོགས་འདུ་ཞིག་སྐོང་། དེ་ནས་རྒྱ་རི་བློ་གྲོས་དགོངས་པ་ཞུ། ཁོང་དང་ཁོང་གིས་རོགས་པ་དབུ་དཀར་ཚང་གཉིས་ཀྱི་ 5+50 དང་ Empowering The Vision ན་གཞོན་ནུས་སྤེལ་ལས་གཞི་ ཟེར་བ་ཞིག བོད་པའི་ན་གཞོན་ཚོ་ Brain Wash ལས་འགུལ་སྤེལ། ད་དུང་ཕྱིའི་རྒྱལ་ཁབ་ནས་རོགས་དངུལ་ཡག་པོ་རག་སོང་དོག་དོག་མི་མང་ལ་ གསལ་བསྒྲགས་བྱེད། ང་ཚོ་བོད་པ་སོ་སོ་ལུང་པ་ལ་ལོག་ཡ་རེད་མ་ཏོགས་ མིའི་ལུང་པ་ལ་ཡར་རྒྱས་བཏང་ནས་སྡོད་ཡ་མ་རེད་པ། TTV ག་དུས་ཡིན་ན་ Comments Off སྒང་ལ་རེད། ཕྱིན་ཆད་དེ་འདྲ་མི་ཡོང་བ་བསམ་བློ་ཡག་པོ་གཏོང་། སྲིད་སྐྱོང་དང་ Mcleod གི་ Dalal ཟླ་བ་ཚེ་རིང་ཟེར་མཁན་དེ་ཚོའི་ ཁོ་རང་ཚོ་སྒེར་གྱི་རྒྱ་གར་ངོ་སྲུང་སྤྲེ་ལད་ཀྱིས་ཆེད་ ༧གོང་ས་མཆོག་ལ་གསོལ་བ་ཕུར་ཚུགས་སུ་ཟེར་ནས་ཁེ་ཕན་བེད་སྤྱོད་བྱེད། ད་ལན་འོས་བསྡུ་སྐབས་མིའི་རྣམ་སྤྱོད་བེད་སྤྱོད་བཏང་ནས་ ཚང་མའི་རིག་པ་གྲིམ་ནས་ རྒྱ་གར་དང་། རྒྱ་དམར། ཨ་རི་སོགས་ཀྱི་ ཁོང་ཚོའི་རྒྱུག་ཁྱི་དང་། ཡིད་ཆེ་བློ་བསྐལ་བྱེད་ཡུལ་མི་མིན་པར། བོད་་་ མི་མང་རང་གིས་ཡིད་ཆེ་བློ་བསྐལ་བྱེད་སའི་མིའི་མཚན་ཉིད་ཚང་པ་གང་ཟག་ཞིག སྲིད་སྐྱོང་ལ་སླེབ་ཐུབ་པ་ཤུག་རྒྱ་དགོས།
བསོད་ནམས་རྒྱལ་མཚན་ལགས་། ཁྱེད་རང་ལ་མངོན་ཤེས་མེད་ཡོངས་གྲགས་ཡིན་ངེས་རེད། འོན་ཀྱང་ཁྱེད་རང་གིས་བྲིས་པའི་གཤམས་གསལ་དོན་ཚན་རེ་རེ་བཞིན་ཁུངས་སྐྱེལ་སྤངས་རྟག་དང་ལེན་འདེབས་རེ་་གནང་རོགས་ཞུ་།
༡) ད་ལྟའི་སྲིད་སྐྱོང་དེ་ནི་རྒྱ་ཁབ་གཞན་གྱིས་ཉོས་ཟིན་།
༢) 5 + 50 བོད་དོན་ནར་འགྱངས་དང་ རྐུབ་སྐྱག་གཏན་བསྡོད་ཀྱི་གཡོ་ངན་བཤམས་།
༣) བོད་རང་དབང་གྱི་ཐོག་ཚིགས་གཅིག་ཀྱང་བསྒྲགས་ཡ་མེད་།
ཧ་ཅང་གཡོ་རྒྱུ་མང་དྲག་ན་། རེ་ཞིག་འགྲུབ་ཀྱང་མཐའ་མར་བརླགས་། གཟིགས་ལྤགས་བཀབ་པའི་བོང་བུ་དེས་། ལོ་ཏོག་ཟོས་མཐར་གཞན་གྱས་བསད་། ཟེར་བ་ལྟར་བསམ་ཚུལ་དངོས་གནས་དང་དྲང་བདེན་ཡོད་ན་རང་དབང་དང་སྤོབས་པའི་ངང་བཤད་ཆོག་མོད་། གཞི་མེད་རྫུན་གཏམ་དང་ཧམ་བཤད་བྱེད་ཐལ་སོང་ན་ཁྲིམས་གཞིའི་འབྲུ་དོན་ལྟར་འགན་འཁུར་དགོས་ཡོད་པ་མཁྱེན་གསལ་བཞིན་བཟང་སྤྱོད་ལྡན་པའི་སྒོ་ནས་དགོངས་པ་བཞེས་དགོས་པ་གལ་ཆེན་རེད་།།།