མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་གཤིས་ཚ་དྲོད་ཀྱི་ཛ་དྲག་དཀའ་ངལ་སེལ་ཐབས་ཐོག་བཀའ་མོལ་བགྲོ་གླེང་གནང་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

སེམས་དང་སྲོག་གི་ལྟེ་གནས་ཁང་གི་གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་ཛ་དྲག་དཀའ་ངལ་སེལ་ཐབས་ཀྱི་བཀའ་མོལ་བགྲོ་གླེང་སྟེང་༧གོང་ས་མཆོག་གི་དབུས་པའི་འཛམ་གླིང་གི་གནད་ཡོད་མི་སྣ་ཁག་ཅིག་མཉམ་ཞུགས་གནང་གི་འདུག

ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡ ཚེས་  ༩ དང་ ༡༠ བཅས་ཉིན་གཉིས་རིང་། སེམས་དང་སྲོག་གི་ལྟེ་གནས་ཁང་གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སའི་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་ (Greta Thunberg) ལགས་དང་། དེ་བཞིན་དེང་དུས་ཚན་རིག་པ་ཁག་ཅིག་དང་ལྷན་དུ་ཐད་གཏོང་བརྒྱུད། གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་དང་དེའི་དཀའ་ངལ་སེལ་ཐབས་སོགས་ཀྱི་སྐོར་ནས་བཀའ་སློབ་བསྩལ་གཏན་འཁེལ་ཡོད་པ་རེད།

སེམས་དང་སྲོག་གི་ལྟེ་གནས་ཁང་གི་དྲ་རྒྱ་ལྟར་ན། ༧གོང་ས་མཆོག་དང་ཁོར་ཡུག་ལས་འགུལ་བ། དེ་བཞིན་དེང་དུས་ཚན་རིག་པ་གྲགས་ཅན་ཁག་ཅིག་གིས། གནམ་གཤིས་ཚ་དྲོད་ཀྱི་ཛ་དྲག་དཀའ་སེལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་ཕན་ཚུན་བར་བཀའ་མོལ་གནང་རྒྱུ་དང་། ཐད་གཏོང་བཀའ་མོལ་བགྲོ་གླེང་སྐབས་བྱུང་བའི་བཀའ་སློབ་རྣམས་གློག་བརྙན་འཁྲབ་སྟོན་པ་རི་ཆར་ཌི་གྷེར་ (Richard Gere) ལགས་ཀྱིས་གཙོ་སྐྱོང་གནང་བའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སློབ་གསོའི་གློག་བརྙན་ཞིག་གི་ནང་གཏོང་འཆར་ཡོད་འདུག་ལ། བཀའ་མོལ་བགྲོ་གླེང་དེ་ཨ་རིའི་ཝེལ་སི་ལེ་ (Wellesley) མཐོ་སློབ་ཀྱི་འགན་འཛིན་ཌའེ་ནཱ་ཝལ་ཤི་ (Diana Chapman Walsh) ལགས་ཀྱིས་གཙོ་སྐྱོང་གནང་རྒྱུ་ཡིན་པ་རེད།

བཀའ་མོལ་བགྲོ་གླེང་ནང་༧གོང་ས་མཆོག་གི་དབུས་པའི་ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐན་བྷག་ལགས་དང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་མི་སྣ་ཁག་ཅིག་འཛོམས་ཡོད་པ་དང་། དེའི་ཁྲོད་ཕྱི་ལོ་ ༢༠༠༧ ལོར་ནོར་སྦེལ་ཞི་བདེ་གཟེངས་རྟགས་མཉམ་བཞེས་གནང་མཁན་དང་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་ཐོག་གི་རྩོམ་པ་པོ་གྲགས་ཅན་ཝེ་ལིམ་མཱོ་ཝའོ་  (William Moomaw) ལགས་དང་།   གོ་ལའི་བྱང་སྣེ་ (Arctic) ཐོག་གི་སྔོན་ཐོན་ཚན་རིག་པ་སའོ་ཟན་ནཱ་ཊ་ལེ་(Susan Natali) ལགས།  དེ་བཞིན། ༧གོང་ས་མཆོག་གི་སྐུའི་གསུང་བསྒྱུར་བ་ཐུབ་བསྟན་སྦྱིན་པ་ལགས་དང་སེམས་དང་སྲོག་གི་ལྟེ་གནས་ཁང་གི་འགན་འཛིན་སའོ་ཟན་བྷའོ་ཝོ་ (Susan Bauer-Wu) ལགས་བཅས་ཡོད་པ་རེད།

ཡོང་རྒྱུ་བསྡད་པའི་བཀའ་མོལ་བགྲོ་གླེང་དེ་ནི་སེམས་དང་སྲོག་གི་ལྟེ་གནས་ཁང་གིས། གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་དང་དེའི་དཀའ་ངལ་སེལ་ཐབས་སོགས་ལ་དམིགས་པ་ཞིག་ཡིན་པ་དང་། ལྟེ་གནས་ཁང་དེས་མུ་མཐུད་གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་དཀའ་ངལ་སེལ་ཐབས་དང་འབྲེལ། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༢ ཉིན་དྲ་ལམ་བརྒྱུད་གོ་ལའི་གནམ་གཤིས་ཚ་དྲོད་དང་མི་དང་སའི་གོ་ལའི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་ཀྱང་འཚོག་འཆར་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༢༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༢༢ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༢༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese