མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་གཞུང་གསར་པས་ཐའེ་ཝན་དང་འབྲེལ་བའི་རྒྱ་ནག་གཞུང་ལ་ཉེན་བརྡ་དང་པོ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གི་མཐའ་སྲུང་ལྷན་ཁང་གི་ཟླ་རེའི་གསར་འགོད་གསལ་བསྒྲགས་སྐབས་གསར་འགོད་མགྲིན་ཚབ་པ་ཝུ་ཆན་(Wu Qian)ཟེར་བ་དེས་ཐའེ་ཝན་གྱིས་རང་བཙན་རྩོད་ལེན་བྱེད་པ་ནི་དམག་འཁྲུག་སློང་བ་དང་གཅིག་མཚུངས་ཡིན་ཞེས་དྲག་པོའི་བཙན་གནོན་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་འདུག

ཡང་གསར་འགོད་མགྲིན་ཚབ་པ་ཝུ་ཆན་ (Wu Qian) གྱིས། ཉེ་ལམ་ཐའེ་ཝན་མཚོ་འགག་ཏུ་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གིས་དྲག་དམག་སྦྱོང་བརྡར་བྱས་པ་ནི་ཉེ་བའི་མཚོ་འགག་བདེ་སྲུང་གི་གནས་བབ་དང་འབྲེལ་ནས་དགོས་ངེས་ཤིག་ཡིན་པ་དང་། ཕྱིའི་དབང་ཤུགས་ཀྱི་ཐེ་ཇུས་ལ་འགོག་རྒོལ་དང་། ཐའེ་ཝན་གྱི་རང་བཙན་རྩོད་ལེན་སོགས་ལ་འགོག་རྒོལ་བྱ་ཆེད་དུ་ཡིན་སྐོར་དང་། ཐའེ་ཝན་དུ་མི་རེ་ཟུང་གིས་ཐའེ་ཝན་རང་བཙན་རྩོད་ཀྱི་ཡོད་པ་དང་། ཐའེ་ཝན་རང་བཙན་རྩོད་པའི་ཤོག་ཁག་ནི་མེ་ཕུང་ལ་རྩེད་མོ་རྩེད་མཁན་ལྟ་བུ་ཞིག་ཡིན་པས་འཕྲལ་དུ་མེས་འཚིག་ངེས་ཡིན་སྐོར་སོགས་བསྒྲགས་འདུག

བསྒྲགས་གཏམ་དེ་སྤེལ་རྗེས། ཨ་རིའི་བདེ་སྲུང་ལྷན་ཁང་གི་གསར་འགོད་དྲུང་ཆེ་ཇོན་ཁིར་བྷེ་ (John Kirby) ཡིས། རྒྱ་ནག་གཞུང་གི་ཐའེ་ཝན་དང་འབྲེལ་བའི་བསྒྲགས་གཏམ་དེ་ནི་བློ་ཕམ་པའི་རང་བཞིན་ཞིག་ཡིན་པ་མ་ཟད། ཨ་རིའི་ཐའེ་ཝན་དང་འབྲེལ་བའི་ཁྲིམས་ལས་ཡོངས་སུ་བརྒལ་ཡོད་སྐོར་དང་། ཐའེ་ཝན་གྱི་དཀའ་རྙོག་དང་འབྲེལ་ནས་ཨ་རྒྱ་གཉིས་དབར་འགལ་ཟླ་བྱུང་བ་ནི་དོན་དངོས་དང་མི་མཐུན་ལ། དེ་བཞིན་ཨ་རི་གཞུང་གིས་ཐའེ་ཝན་རང་སྲུང་ཆེད་མུ་མཐུད་མཐུན་རྐྱེན་སྤྲོད་ངེས་ཡིན་སྐོར་བསྒྲགས་འདུག་ལ། དེ་ནི་ཨ་རིའི་སྲིད་གཞུང་གསར་པས་ཐའེ་ཝན་མཚོ་འགག་དང་འབྲེལ་ནས་སྤེལ་བའི་བསྒྲགས་གཏམ་ཐོག་མ་དེ་ཡིན་འདུག

འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྐབས་སུ། སྲིད་འཛིན་བྷའེ་ཌིན་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་ཕྱོགས་ཡོངས་ནས་མཉམ་འབྲེལ་ཡར་རྒྱས་གཏོང་སྲིད་སྐོར་བརྗོད་ཀྱི་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་དང་ཨ་རྒྱའི་ཚོང་འབྲེལ། ཧོང་ཀོང་དང་ཐའེ་ཝན་སོགས་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

འདས་པའི་བདུན་ཕྲག་གི་ནང་ཐའེ་ཝན་བདེ་སྲུང་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ནུབ་ཏུ་ཡོད་པའི་ཐའེ་ཝན་མཚོ་གླིང་ཞིག་གི་ཉེ་ཁུལ་དུ་རྒྱ་ནག་གཞུང་གིས་དམག་སྤྱོད་གནམ་གྲུ་༦ བཏང་སྟེ་དམག་སྦྱོང་བྱས་ཡོད་པ་དང་། གནད་དོན་དབྱེ་ཞིབ་པས་དེ་ནི་ཨ་རིའི་སྲིད་གཞུང་གསར་པ་སླེབས་པ་དང་བསྟུན། རྒྱ་ནག་གཞུང་གིས་ཐའེ་ཝན་དང་འབྲེལ་བའི་གནད་དོན་ཐད་ཨ་རིའི་སྲིད་གཞུང་གསར་པར་ཉམས་ཚོད་ལེན་གྱི་ཡོད་པའི་དཔྱད་བརྗོད་སྤེལ་ཡོད་ལ། དྲག་དམག་སྦྱོང་བརྡར་དེ་དང་འབྲེལ་ནས་ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེ་ཝིན་མཆོག་གིས་ཐའེ་ཝན་གྱི་རང་དབང་སྲུང་སྐྱོབ་བྱ་རྒྱུ་དང་། རྒྱ་ནག་གི་དྲག་ཤུགས་ལ་མགོ་སྒུར་རྒྱུ་མིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

སྐར་མ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༢༠ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese