མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལུགས་ལོ་སར་རྩིས་མཁན་ཡོངས་ལ་ལོ་སར་གྱི་འཚམས་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་གནམ་ལོ་གསར་པ་ཚེས་ལ་ཉེ་བའི་སྐབས་དང་བསྟུན་༧གོང་ས་མཆོག་ནས་ལོ་སར་འཚམས་འཕྲིན་སྩལ་བའི་ནང་མགོན་པོ་གང་ཉིད་བོད་དུ་བཞུགས་ཐུབ་མེད་ཀྱང་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་དཔྱིས་ཕྱིན་པ་གནང་མུས་ཡིན་བསམ་སྟེ་ཚང་མས་བློ་བདེ་བོ་གནང་དགོས་སྐོར་གསུངས་འདུག

བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་ཁོང་གི་ཆོས་ཚོགས་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཚེས་ ༨ ཉིན་དྲ་ལམ་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་སྩལ་སྐབས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་དང་སོག་པོ། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བོད་ཀྱི་ལོ་སར་རྩིས་མཁན་ཚང་མར་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཐབས་དགོས་པའི་ལོ་སར་གྱི་འཚམས་འཕྲིན་སྩལ།

འཚམས་འཕྲིན་ནང་༧གོང་ས་མཆོག་གིས། ལོ་སར་ཞེས་པ་ནི་ལོ་རྙིང་པ་ཞིག་རྫོགས་ཏེ་ལོ་གསར་པ་ཞིག་སླེབ་ཡོང་གི་ཡོད་པ་རེད། གང་ལྟར་ང་ཚོའི་དུས་ཡུན་རྫོགས་འགྲོ་ཡི་ཡོད་པ་རེད། ལོ་རྙིང་པའི་ནང་སོ་སོར་དགེ་སེམས་གང་འདྲ་སྐྱེས་ཡོད་མེད་དང་། སྤྱིར་ཆོས་པ་དང་ནང་སྒོས་སུ་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་ཐོས་བསམ་སྒོམ་གསུམ་གང་འདྲ་བྱུང་ཡོད་མེད་ཀྱི་ཐད་ཕྱིར་མིག་ཅིག་བལྟས་ཏེ་བསམ་བློ་གཏོང་དགོས་པ་དང་། ཐོས་བསམ་སྒོམ་པ་ཏོག་ཙམ་བྱུང་ཡོད་ཚེ་དེའི་ཐད་རྗེས་སུ་ཡི་རངས་དང་། ལོ་གསར་པའི་ནང་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་ཀྱི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་ཡབ་སྲས་སོགས་ཀྱི་ལེགས་བཤད་རྨད་དུ་བྱུང་བ་དག་མུ་མཐུད་ཐོས་བསམ་སྒོམ་གསུམ་བྱས་ཏེ་མི་ཚེ་དོན་དང་ལྡན་པ་ཞིག བཅོམ་ལྡན་འདས་ནས་བཟུང་དྲིན་ཆེན་རྩ་བའི་བླ་མའི་བར་གྱི་རྩ་རྒྱུད་ཀྱི་བླ་མ་གོང་མ་རྣམ་གྱི་ཐུགས་དགོངས་རྫོགས་པ་ཞིག་བྱ་རྒྱུ་ཡིན་པའི་སྙིང་སྟོབས་བསྐྱེད་དེ་དམ་བཅའ་འཇོག་དགོས་པ་དེ་གལ་ཆེན་པོ་རེད། ཅེས་བཀའ་བསྩལ་འདུག

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཙན་བྱོལ་གྱི་བོད་མི་ཚོ་དང་ཡུལ་ལུང་འདྲ་མིན་གྱི་ཆོས་གྲོགས། ལྷག་པར་དུ་བོད་གངས་ཅན་གྱི་ལྗོངས་སུ་ད་ལྟ་རང་དབང་བྲལ་ནས་ཡོད་ནའང་། སྙིང་སྟོབས་དང་དད་པ་ཞུམ་པ་མེད་པར་བསྡད་ཡོད་སྐོར་གསུངས་པ་དང་འབྲེལ། ངའི་ལུས་པོ་འདི་རྒྱ་གར་དུ་བསྡད་ཡོད་པ་རེད། བོད་ལ་གནས་ཐུབ་ཡོད་པ་མ་རེད། ཡིན་ནའང་། མི་ལ་ཕན་ཐོགས་བྱེད་པར་བོད་ལ་ཡོད་པ་ལས་རྒྱ་གར་ནང་ཡོད་པ་དེ་ཕལ་ཆེར་ཁྱབ་ཆེ་བ་འདྲ་བོ་རེད། དེ་འདྲ་ཡིན་དུས། བོད་ནང་དུ་ཡོད་པའི་བོད་པ། ང་ལ་དད་པ་དང་དགའ་མོས་ཡོད་མཁན་ཚོས་༧རྒྱལ་བ་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་ལ་ཡོད་པས། དངོས་གནས་དྲང་གནས་སངས་རྒྱས་བསྟན་པའི་ཞབས་འདེགས་དཔྱིས་ཕྱིན་པ་བསྒྲུབས་དང་སྒྲུབ་མུས་རེད་བསམ་སྟེ། ཁྱེད་རང་ཚོ་ཚང་མ་བློ་བདེ་བོ་བྱས་ནས་སྡོད་ཨང་། ཞེས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. ལ་རྒྱའི་གནམ་ལྕགས་མདུང་། says:
    ལོ་ 5 སྔོན།

    ཚང་མ་ལ་ལོ་སར་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese