མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྣེ་ལེན་ཁང་གི་ཁང་པ་སྟོང་པ་རྣམས་གསར་འབྱོར་ཚོར་སྤྲོད་དགོས་པའི་རེ་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པའི་ཕྱི་དྲོར་སྤྱི་འཐུས་ཁག་ཅིག་ནས་ནང་པ་ལའི་དོན་རྐྱེན་ཁྲོད་ཀྱི་བོད་མི་རྣམས་ཀྱི་ཚིག་ཐོར་ཞིབ་འཇུག་མང་པོ་གནང་མ་དགོས་པར་ཆབ་སྲིད་འབྲེལ་ཡོད་དང་འབྲེལ་ཆགས་ཁོངས་སུ་འཇོག་ཐུབ་ན་ལེགས་པའི་རེ་སྐུལ་ཞུས་པ་ལྟར་གང་ཐུབ་བསམ་ཤེས་གནང་རྒྱུ་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་སོགས་སྤྱི་འཐུས་ཁག་ཅིག་ནས་ཕྱི་ལོ་ ༢༠༠༦ ལོར་ནང་པ་ལའི་དོན་རྐྱེན་སྐབས་སུ་ཡོང་བའི་བོད་མི་བཙན་བྱོལ་བ་རྣམས་ཀྱི་ཚིག་ཐོ་ལ་ཞིབ་འཇུག་མང་པོ་གནང་མ་དགོས་པར་ཆབ་སྲིད་འབྲེལ་ཡོད་དང་འབྲེལ་ཆགས་ཁོངས་སུ་འཇོག་ཐུབ་ན་ཡག་པོ་ཡོད་པའི་རེ་སྐུལ་གནང་བར་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས། བདེ་སྲུང་ལས་ཁུངས་ནས་ནང་པ་ལའི་དོན་རྐྱེན་དང་འབྲེལ་བ་ཡོད་བ་རྣམས་ལ་གནད་དོན་དེ་དང་འབྲེལ་ནས་རྒྱབ་གཉེར་ཀྱི་ཡི་གེ་གང་འཚམ་སྤྲོད་ཀྱི་ཡོད་པ་དང་། ཆབ་སྲིད་བཙོན་པའི་ཁོངས་ཀྱི་ཆབ་སྲིད་འབྲེལ་ཡོད་འབྲེལ་ཆགས་ཀྱི་གཏན་འབེབ་ཀྱི་སྒྲིག་གཞི་ཞིག་ཡོད་པ་དང་། མ་འོངས་པར་སྒྲིག་གཞི་བསྐྱར་བཅོས་སྐབས་གང་ཐུབ་བསམ་ཤེས་བྱ་རྒྱུ་ཡིན་སྐོར་གསུངས་སོང་། 

སྤྱི་འཐུས་ཁག་ཅིག་ནས་སྣེ་ལེན་ཁང་གི་ཁོར་ཡུག་གཙང་སྦྲ་དང་གཞུང་ལམ་ལེགས་བཅོས་དགོས་སྐོར་སོགས་གསུངས་སྐབས། ཨ་ཀྲུག་ཚེ་བརྟན་ལགས་ནས་དྷ་ས་ཁུལ་གྱི་གསར་འབྱོར་ཚོར་སྡོད་ཁང་གསར་རྒྱག་བྱེད་ཐུབ་ཀྱི་མེད་སྟབས། སྣེ་ལེན་ཁང་ལ་ས་ཁྱོན་ཆེན་པོ་ཡོད་པ་དང་ད་ལྟ་བོད་ནས་གསར་འབྱོར་དེ་ཙམ་ཡོང་གི་མེད་པ་སོགས་ལ་བརྟེན། སྣེ་ལེན་ཁང་གི་ཁང་པ་སྟོང་པ་དེ་ཚོ་གསར་འབྱོར་བ་ཚོར་སྤྲོད་ཐུབ་པར་བསམ་ཤེས་བྱེད་དགོས་སྐོར་གསུངས་བའི་ཐད་བདེ་སྲུང་བཀའ་བློན་མཆོག་གིས། ད་ལྟ་སྣེ་ལེན་ཁང་ཁག་གཞུང་འབྲེལ་གྱི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། དཔེར་ན་དྷ་སའི་སྣེ་ཁང་ལ་དེ་སྔོན་གསར་འབྱོར་མང་པོ་མེད་སྐབས་ལས་བྱེད་སྦྱོང་བརྡར་བྱེད་ཆེད་བེད་སྤྱོད་བྱས་ཡོད་པ་དང་། ཏོག་ནད་ཀྱི་གནས་སྐབས་སུ་ཟུར་བཀག་ཆེད་བེད་སྤྱོད་བཏང་སྟེ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་དང་། གསར་འབྱོར་གྱི་སྡོད་གནས་བཟོ་བར་བཀའ་བློན་མཆོག་གི་ལས་ཡུན་རིང་ཁག་པོ་ཆགས་ཡོད་སྐོར་གསུངས་སོང་། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ནས་སྣེ་ལེན་ཁང་དུ་གསར་འབྱོར་བ་ཡོད་མེད་ལ་མ་བལྟོས་པར་འཛིན་སྐྱོང་གི་ངོས་ནས་སྐབས་དང་དུས་སོ་སོར་དགོངས་པ་བཞེས་དགོས་པ་ཞིག་ཡིན་ནའང་། སྣེ་ལེན་ཁང་གི་མིང་དེ་མུ་མཐུད་གནས་དགོས་པ་དང་། དེ་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གནས་སྟངས་ཞིག་ཆགས་ཡོད་པ་དང་། དེའི་མིང་ལ་འགྱུར་བ་མ་གཏང་བར་བདག་པོ་རྒྱག་དགོས་སྐོར་གྱི་དགོངས་ཚུལ་གསུངས་སོང་།
དེ་རིང་ཉིན་རྒྱབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་དེ་སྔོན་འོས་བསྡུ་ལས་ཁང་གི་ལས་དོན་དང་འབྲེལ་བའི་དོགས་འདྲིའི་རིགས་ལ་ལན་འདེབས་གསལ་བཤད་གནང་སྐབས།  སྔོན་འགྲོའི་འོས་བསྡུ་དང་འབྲེལ་ནས་དབུས་འོས་བསྡུ་ལས་ཁང་ངོས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་གཞི་རྩར་བཟུང་ནས་ལག་བསྟར་བྱ་རྒྱུའི་འབད་བརྩོན་ཞུས་པ་ལས། འོས་བསྡུའི་ལས་དོན་གྱི་རྣམ་པ་རྒྱ་ཆུང་རུ་བཏང་མེད་པ་དང་། དགེ་འདུན་པ་རྣམས་ནས་དེབ་སྐྱེལ་ཞུ་རྒྱུའི་ཆ་རྐྱེན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༣ གྱི་ནང་གསེས་ ༢ པའི་ནང་། ཆོས་བརྒྱུད་སོ་སོའི་འོས་གཞིའི་ཁོངས་སུ་སེར་སྐྱ་ཁྱད་མེད་ཞུགས་འཐུས་དང༌། འོས་འཕེན་པ་རྣམས་དགོན་ཁག་དང༌། དེ་མིན་ཆོས་ཀྱི་ཚོགས་སྡེ་ཅི་རུང་ཞིག་ནང་ཡོད་པའི་གྲྭ་པ་དང་སྔགས་བཙུན་ངེས་པར་ཡིན་དགོས། ཞེས་གསལ་བ་བཞིན་ཆོས་སྡེ་ཁག་ནས་ཐོ་གཞུང་གཞིར་བཟུང་དང་། དེ་མིན་ཁ་འཐོར་གྲྭ་བཙུན་སྔགས་གསུམ་རྣམས་ཆོས་ཀྱི་ཚོགས་སྡེ་ཁག་ནས་ཡིན་པའི་ངོས་སྦྱོར་ཡོད་ཕྱིན་སྒྲིག་གསལ་དེབ་སྐྱེལ་ཞུ་དགོས་པའི་བཀོད་ཁྱབ་བཏང་ཡོད་སྐོར་དང་། དེ་བཞིན་ཆོས་བརྒྱུད་རིས་མེད་རྣམས་ལ་འོས་འཕེན་རྒྱུའི་ཐོབ་ཐང་ཡོད་མེད་ཐད། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༧ ནང་གསེས་ ༡ པོའི་ཀ་པ་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལྔ་མ་གཏོགས་རིས་མེད་ཟེར་བ་ཞིག་གསལ་མེད་སྟབས། མ་འོངས་པར་སྤྱི་འཐུས་ལྷན་ཚོགས་ངོས་ནས་རིས་མེད་སྐོར་ཐག་གཅོད་གང་གནང་བ་དེར་ལག་བསྟར་ཞུ་རྒྱུ་ཡིན་སྐོར་གསུངས་སོང་། 
གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༩ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese