མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་གསར་པ་གཉིས་ནས་ལས་འཁུར་དམ་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

བསོད་ནམས་དབང་མོ་ལགས་དང་ཚེ་རིང་སྒྲོལ་མ་ལགས་གཉིས་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་ཕུལ་ཡོད་པ་རེད།

སྐབས་བཅུ་དྲུག་པའི་མདོ་སྟོད་སྤྱི་འཐུས་བློ་བཟང་གྲགས་པ་ལགས་དང་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་ནས་སྤྱི་འཐུས་ཀྱི་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་གྱི་སྟེང་བོད་མི་མང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། མདོ་སྟོད་དང་མདོ་སྨད་སྤྱི་འཐུས་ཀྱི་སྒུག་ཐོའི་ཨང་རིམ་དང་པོ་ཚེ་རིང་སྒྲོལ་མ་ལགས་དང་བསོད་ནམས་དབང་མོ་ལགས་གཉིས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་དོན་ལྟར། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་མདུན་དུ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་ཡོད་པ་རེད།

དེ་རིང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་འོག མདོ་སྟོད་དང་མདོ་སྨད་སྤྱི་འཐུས་གསར་པ་གཉིས་ཀྱི་ལས་འཁུར་དམ་བཅའ་ཕུལ་བཞིན་པའི་ཡུལ་དངོས་དྲ་ལམ་བརྒྱུད་ཐད་གཏོང་ཞུ་ཐུབ་མེད་པ་དང་། དམ་འབུལ་མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཞོན་མཆོག་གི་དབུས་པའི་སྤྱི་འཐུས་རྒྱུན་ལས་གཅིག་མ་གཏོགས་ཚང་མ་འཛོམས་ཡོད་འདུག་ཟེར། འོན་ཀྱང་། ད་ལྟའི་རྒྱ་གར་ནང་གི་ཏོག་དབྱིབས་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་ན་ཕྱི་ལོ་ ༥ ཚེས་ ༢༠ ཉིན་འཚོགས་གཏན་འཁེལ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འཕར་མ་འཚོགས་ཐུབ་མིན་དོགས་གཞིའི་འོག་གནས་ཡོད་པ་རེད།

བདམས་ཐོན་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནི་ཕྱི་ལོ་ ༡༩༧༨ ཟླ་ ༥ ཚེས་ ༢༦ ཉིན་རྒྱ་གར་བྱང་ཤར་མེག་གྷ་ལ་ཡའི་མངའ་སྡེའི་ཤེས་ལོངས་ས་གནས་སུ་སྐྱེས་ཤིང་། ༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཆུང་དུས་ནས་རྡོར་གླིང་བོད་མིའི་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན། དེ་རྗེས་ཤེས་ལོངས་ནང་རྟེན་གཞི་བྱས་པའི་ནེ་ཧུ་ (North Eastern Hill University-NEHU) གཙུག་ལག་སློབ་གཉེར་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱུན་ལས། དྲུང་ཆེ། དེ་བཞིན་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་དང་དྲུང་ཆེ་བཅས་གནང་ཞིང་། ད་ལྟའི་ཆར་ཤེས་ལོངས་མི་མང་ནས་རེ་བ་ཆེན་པོས་ས་གནས་འཐུས་ཚོགས་སུ་བདམས་ཐོན་བྱུང་ཡོད་པ་ལྟར་བ། ཤེས་ལོངས་ས་འཐུས་ཀྱི་ཚོགས་གཙོའི་ལས་འགན་འཁུར་བཞིན་ཡོད་པ་རེད།

བདམས་ཐོན་སྤྱི་འཐུས་བསོད་ནམས་དབང་མོ་ལགས་ནི་ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡༨ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཆགས་སུ་ཕ་སྟག་ལུང་དགེ་འདུན་བླ་མ་དང་། མ་ཚེ་རིང་མཚོ་གཉིས་ཀྱི་བུ་མོར་སྐྱེས་ཤིང་། ཆུང་དུས་རྒྱ་གར་ར་ཇཱ་ རམ་ མོ་ཧན་ རོཡེ་(Raja Ram Mohan Roy Academy School,Dehradun) སློབ་གྲྭར་འགྲིམས་པ་དང་། རྗེས་ནས་ཌི་ཨེ་ཝི་ (DAV (PG) College,Dehradun) མཐོ་སློབ་དང་།  ཨི་དྷི་ར་གྷན་རྡུའི་མི་མང་ (IGNOU) གཙུག་ལག་སློབ་གཉེར་ཁང་ནས་ཕྱི་ལོ་ ༢༠༡༩ ལོར་དབྱིན་ཡིག་ཐོག་སློབ་དཔོན་ཆེན་མོའི་ལག་འཁྱེར་བླངས་ཡོད་ཅིང་། ད་ལྟའི་ཆར་ (Unison World School, Administration Department) ཞེེེས་པའི་སློབ་གྲྭའི་ནང་རྒྱལ་སྤྱིའི་སློབ་གྲྭའི་མཐུན་སྦྱོར་གྱི་ཕྱག་ལས་གནང་བཞིན་ཡོད། རྒྱ་གར་མཐོ་སློབ་ཁག་ནས་སློབ་མཐར་ཕྱིན་རྗེས་བོད་མི་རིགས་ལ་ཞབས་ཞུ་སྒྲུབ་འདོད་ཡོད་པ་ལྟར། ཕྱི་ལོ་ ༡༩༩༧ ནས་ ༢༠༠༢ བར་ལྡི་ར་རྡུན་མདོ་སྨད་ས་གནས་རྒྱུན་ལས་དང་དོན་འགྲུབ་གླིང་ས་གནས་གྲོས་ཚོགས་ཀྱི་ཚོགས་མིའི་ལས་འགན་གཅིག་ལྕོགས་གནང་མྱོང་བ་མ་ཟད། ས་གནས་འོས་བསྡུའི་འཐུས་མི་ལོ་ལྔ་དང་འོས་བསྡུའི་ཚོགས་གཙོ་བཅས་ཀྱི་འགན་ཡང་འཁུར་མྱོང་བ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༦ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese