མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་ནོར་བཟང་ལགས་རྒྱ་ནག་གི་རྡུང་རྡེག་མནར་གཅོད་འོག་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་བདུན་ཅུ་འཁོར་བ་དང་བསྟུན། བོད་ཀྱི་གྲོང་གསེབ་ཁག་ཏུ་རྒྱའི་མགོ་ཁྲིད་ཀྱི་པར་སྒྲིག་བཤོམ་དང་དར་ཆ་སྒྲེང་འཛུགས་ལ་ངོ་རྒོལ་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ནོར་བཟང་ལགས་རྒྱའི་མནར་གཅོད་འོག་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་དོན་མེད་འཛིན་བཟུང་བཙན་འཁྲིད་བྱས་ཤིང་། ཁམས་ཤག་རོང་པོ་གེ་སོ་སྲ་བྷ་གྲོང་གི་བོད་མི་ནོར་བཟང་ལགས་སུ་རྒྱ་ནག་གཞུང་གིས་རྡུང་རྡེག་མནར་གཅོད་བཏང་རྐྱེན་འོག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེང་སྐབས་རྒྱ་ནག་གིས་བོད་ནང་ཕྱོགས་ཡོངས་ནས་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། ཆབ་སྲིད་བཙོན་ཟུར་ནོར་བཟང་ལགས་འདས་གྲོངས་སུ་གནས་ཚུལ་ད་ལྟའི་བར་ཕྱིར་འབྱོར་ཐུབ་མེད་པ་རེད།

འདི་གའི་གསར་འགོད་པས་ཆབ་སྲིད་བཙོན་ཟུར་ནོར་བཟང་ལགས་ག་དུས་འདས་གྲོངས་སུ་ཕྱིན་པ་དང་རྒྱ་ནག་གི་བཙོན་ཁང་དང་ཡང་ན་ཀློད་གྲོལ་བཏང་རྗེས་འདས་གྲོངས་སུ་ཕྱིན་པ་ཡིན་མིན་སྐད་ཆ་དྲིས་པར་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། ནོར་བཟང་ལགས་རྒྱའི་བཙོན་ཁང་དང་ཡང་ན་ཀློད་གྲོལ་བཏང་རྗེས་འདས་གྲོངས་སུ་ཕྱིན་པ་ཡིན་མིན་གནས་ཚུལ་ཁ་གསལ་ཧ་གོ་ཡི་མི་འདུག རྒྱུ་མཚན་ནི་དེང་སང་བོད་ནང་གསར་འགྱུར་བརྒྱུད་ལམ་དང་དྲ་རྒྱར་དམ་བསྒྲགས་ཤུགས་ཆེན་བྱས་ཡོད་སྟབས་འབྲེལ་བ་བྱེད་ས་རག་གི་མི་འདུག ང་ལ་ནོར་བཟང་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐད་འབྲེལབ་བྱེད་ས་གཅིག་རག་པ་རེད། ཁོང་གིས་ཀྱང་ནོར་བཟང་ལགས་འདས་གྲོངས་སུ་འགྲོ་ཡུལ་ཏན་ཏན་ཞིག་གསལ་ཁ་བཟོ་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

བོད་མི་ནོར་བཟང་ལགས་འཛིན་བཟུང་བྱེད་དོན་ནི། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་དང་ཏང་ལ་བསྟོད་གླུ་མ་བླངས་པས་ཡིན་པ་དང་། ལོ་དེར་ནོར་བཟང་ལགས་དང་ལྷན་དུ། རྒྱ་ནག་གིས་རྟར་ཆེན་གྲོང་བརྡལ་ཤག་རོང་པོ་དགོན་གྱི་ཡུལ་སྡེ་གེ་སོའི་ཚ་ལྷིས་དང་སྲ་བྷ་གྲོང་ནས་ཡིན་པའི་བོད་མི་ ༦ འཛིན་བཟུང་བཙན་འཁྲིད་བྱས་ཡོད་ཅིང་། བོད་མི་དེ་དག་གིས་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ་དམར་ཤོག་ཚོགས་པར་བསྟོད་གླུ་ལེན་དགོས་སྐོར་བཙན་སྐུལ་བྱས་པ་དྭང་ལེན་མ་བྱས་པ་སོགས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་རྗེས་ནང་མི་སོགས་མི་སུ་གང་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད་ལ།  ནང་མི་ཚོས་ཟ་མ་དང་ཉལ་ཆས་སོགས་སྐྱེལ་ཆོག་པའི་རེ་བ་ཞུས་ཡོད་ཀྱང་སྤྲོད་དུ་བཅུག་མེད་པ་མ་ཟད། དེ་ལྟར་བྱས་ཚེ་ཉིན་གྲངས་མང་པོའི་རིང་བཀག་ཉར་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་སོགས་བཏང་ཡོད་པ་རེད།

དམིགས་བསལ་ནོར་བཟང་ལགས་འཛིན་བཟུང་བྱེད་སྐབས་རང་ལོ་ ༣༥ ཡིན་པ་དང་ཁྱིམ་དུ་ཁོང་དང་བཟའ་ཟླ་གཉིས་ལ་མངལ་ཆགས་བྱིས་པ་གཅིག་བཅས་ཁྱོན་བྱིས་པ་བདུན་ཡོད་པ་དང་། སྐབས་དེར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་དུས་སྟོན་དང་བསྟུན། རྟར་ཆེན་ཡུལ་ཚོའི་སྲིད་གཞུང་གི་ལས་བྱེད་མི་སྣ་འགའ་ཞིག་སྐོར་སྐྱོད་ལ་ཡོང་སྐབས་ནོར་བཟང་ལགས་ཀྱི་རྣམ་འགྱུར་ཡག་པོ་མེད་པར་བསྙད་ནས་གྲོང་བརྡལ་དུ་འབོད་འགུག་བྱས་ཏེ་འཛིན་བཟུང་བྱས་ཡོད་པ་དང་། ནོར་བཟང་ལགས་དང་ལྷན་དུ་འཛིན་བཟུང་བྱས་པའི་བོད་མི་དེ་དག་ནི་སྨན་པ་ཚེ་རྒྱལ་དང་བདུད་འདུལ་ལྷ་རྒྱལ། དབྱངས་འཕེལ། སྲིད་ཐར་དབང་རྒྱལ། ཤེས་དབང་རྣམ་རྒྱས་བཅས་ཡིན་པ་རེད།

གནས་ཚུལ་མཁོ་སྤྲོད་པ་ལྟར་ན། ནོར་བཟང་ལགས་ནི་རྒྱ་ནག་གི་དྲག་གནོན་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་མཁན་ཞིག་ཡིན་པ་མ་ཟད། ནམ་རྒྱུན་གྲོང་ཚོའི་ནང་མངོན་སུམ་འཛེམ་མེད་ཀྱིས་༧གོང་ས་མཆོག་ལ་འགྱུར་མེད་དད་སེམས་སྟོན་ཕོད་པ་དང་བོད་མི་རིགས་ཀྱི་ལ་རྒྱ་གླེང་ཐུབ་མཁན་ཞིག་ཡིན་པར་བརྟེན། རྒྱ་ནག་གིས་ནམ་རྒྱུན་བོད་ཀྱི་གྲོང་ཚོ་ཁག་ཏུ་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོའི་པར་སྒྲིག་བཤོམ་དང་རྒྱའི་དར་ཆ་སྒྲེངས་འཛུགས་བྱེད་པར་ངོ་རྒོལ་གནང་གི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༨ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese