ཁྲིམས་ལུགས་རིག་པ་བ་བློ་བཟང་ཆོས་འབྱུང་།
དེང་སང་སྤྱི་འཐུས་ཁག་ཅིག་གིས་རྙོག་དྲ་སློང་གི་ཡོད་པའི་གནད་དོན་ཁ་ཤས་ཐོག་ཁྲིམས་དཔོན་ཆེ་བ་ཟུར་པ་ཞིག་ལ་བཀའ་འདྲི་ཞུས་པའི་བཀའ་ལན་ཕྱོགས་བསྒྲིགས་ཞུས་པ་གཤམ་གསལ།
༡། ཁྲིམས་ཞིབ་པ་གསུམ་སྐད་གཏོང་མཁན་མེད་ནས་གོ་གནས་ཐོག་རང་འཇགས་ཡོང་བ་རེད་དམ།
མ་རེད། ཁྲིམས་ཞིབ་པ་གསུམ་སྐད་གཏོང་མཁན་བཀའ་ཤག་སྐབས་ ༡༥ པ་དང་། སྤྱི་འཐུས་སྐབས་ ༡༦ པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཁྲིམས་ཞིབ་པ་གསུམ་གྱི་ཚབ་གསར་འོས་མི་རག་མ་སོང་གསུངས་ཡོད་པ་དང་། འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཀྱང་འོས་མི་མ་རག་པའི་གནས་ཚུལ་ཞིབ་ཕྲ་གསུངས་ཡོད་རེད། འོས་མི་མ་རག་ན་ཁྲིམས་ཞིབ་པ་གསུམ་གྱི་ཚབ་གསར་འདེམས་བསྐོ་བྱེད་ཀྱི་ཡིན་ཟེར་བའི་བྱ་རིམ་དེའི་ཐོག་གོམ་པ་རྒྱག་ས་མེད་པ་ཆགས་པ་རེད། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་འདུ་འཕར་མ་སྐོང་མ་ཐུབ་པ་རེད། སྤྱི་འཐུས་ཚོས་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་བཞག་ཐུབ་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོའི་དམ་བཅའ་འབུལ་ཡུལ་སུ་ཡིན་བཅའ་ཁྲིམས་ནང་ཆ་རྐྱེན་བཟོ་ཐུབ་ཡོད་མ་རེད། དེ་ལྟར་ཕྱིན་ན་སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་ཚང་མ་དམ་བཅའ་འབུལ་ཡུལ་མེད་པ་ཆགས་ནས། བོད་མིའི་སྒྲིག་འཛུགས་འཐོར་འགྲོ་གི་རེད། དེ་ལྟར་བཀའ་ཤག་སྐབས་ ༡༥ པ་དང་། སྤྱི་འཐུས་སྐབས་ ༡༦ པ་གཉིས་ཀར་རྙོག་དྲ་དེ་གཙང་མ་བཟོ་བའི་གོ་སྐབས་ཤོར་ཚར་བ་རེད། བྱས་ཙང་། ཁྲིམས་ཞིབ་པ་གསུམ་གོ་གནས་ཐོག་སྐད་གཏོང་མཁན་བཀའ་སྤྱི་གཉིས་རེད།
༢། ཁྲིམས་ཞིབ་པ་གསུམ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་བརྩི་དགོས་ཀྱི་མ་རེད་དམ།
ཡིག་ཆ་དེ་རྩིས་མེད་བཏང་ཟིན་པ་རེད། ཁྲིམས་ཞིབ་པ་གསུམ་གྱིས་ལས་འགན་བཤོལ་བའི་གསལ་བསྒྲགས་ནང་། གྲོས་ཆོད་དེ་ཁྲིམས་ལུགས་ཀྱི་གཞི་རྟེན་མེད་པ་དང་། བྱ་རིམ་མེད་པར་ལག་བསྟར་བྱས་པ་ཞིག་རེད་ཅེས་གསུངས་འདུག ཁྲིམས་ལུགས་ཀྱི་གཞི་རྟེན་མེད་པ་དང་། བྱ་རིམ་མེད་པའི་ཐག་གཅོད་གང་ཞིག་ཡིན་ཡང་ནུས་མེད་རེད། ཁྲིམས་འགལ་རེད། དེ་ག་རང་ནས་རྩིས་མེད་བཏང་བ་རེད། ད་དུང་སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ཀྱི་བྱ་རིམ་ཚུལ་མིན་དུ་སྤྱད་པ་དང་། སྤྱི་འཐུས་རྣམས་ལོག་ཁྲིད་བྱས་ནས་གྲོས་ཆོད་བཞག་པ་རེད་གསུངས་འདུག་ཨ། དེ་འདྲ་ཡིན་དུས། ཡིག་ཆ་དེ་ལ་ནུས་པ་ཡོད་ས་འགྲོ་གི་མ་རེད།
༣། སྤྱི་འཐུས་ཉི་ཤུ་རྩ་གྲངས་ཤིག་གིས་ཁྲིམས་ཞིབ་པ་གསུམ་ལ་མཛད་འགན་བཞེས་དགོས་པའི་སྙན་ཞུ་ཕུལ་བ་དེར་ནུས་པ་ག་རེ་ཡོད་རེད།
རྣམ་འགྱུར་བསྟན་པ་ཙམ་རེད། སྤྱི་འཐུས་ཚོགས་གཙོ་དང་རྒྱུན་ལས་གཅིག་གིས་རྩ་དགོངས་ཞུས་རྗེས། གྲོས་ཆོད་དེ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཐག་བཅད་པ་ཡིན་ཟེར་བ་དེ་སྦོ་ལུག་པ་རེད། ཁོ་གཉིས་ཀ་གྲོས་ཆོད་ཡིག་ཆ་དེ་འཇོག་སྐབས་ཀྱི་གཏེ་དཔོན་རེད། ཁོ་གཉིས་ཀས་དགོངས་ཞུའི་རྒྱུ་མཚན་དུ་གྲོས་ཆོད་ཡིག་ཆ་དེ་བགྲངས་ཡོད་རེད། དགོངས་པ་ཞུས་ཚར་ནས་ཡིག་ཆ་དེའི་ཐོག་ལག་པ་འཆང་རྒྱུའི་ཐོབ་ཐང་བརླགས་ཚར་བ་རེད། གྲོས་ཚོགས་སྐོང་མ་ཐུབ་པ་ལ་བརྟེན་ནས། སྤྱི་འཐུས་ ༢༡ གིས་ཁྲིམས་ཞིབ་ཁང་ལ་སྙན་ཞུ་ཕུལ་བ་དེས་འཕོ་འགྱུར་གྱི་གྲོས་ཆོད་དེར་ངོས་ལེན་མེད་པའི་རྣམ་འགྱུར་གསལ་པོ་ཞིག་བསྟན་པ་རེད། དམའ་མཐར་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འབོར་གྱི་བརྒྱ་ཆ་ ༥༠ ཡན་ནས་གྲོས་ཆོད་དེར་ངོས་འཛིན་གནང་སྟངས་ག་འདྲ་ཡིན་མིན་སྤྱི་ཚོགས་ནང་གསལ་པོ་བཟོས་པ་རེད། དེ་ཙམ་ཞིག་རེད།
༤། སྤྱི་འཐུས་རྒྱུན་ལས་དང་། ཁྲིམས་ཞིབ་ཁང་ནས་ལས་འགན་བཤོལ་བ་ཟེར་བ་དེར་གོ་བ་ལེན་སྟངས་འདྲ་གི་མི་འདུག སྤྱི་འཐུས་རྒྱུན་ལས་ཀྱི་གསལ་བསྒྲགས་ནང་ལས་ཐོག་ཁྲིམས་ཞིབ་པ་གསུམ་ལ་ཟུར་པ་ཞེས་ལབ་འདུག
སྤྱི་འཐུས་རྒྱུན་ལས་ཀྱིས་ཚོར་བའི་སྐད་ཆ་ཤོད་ཀྱི་ཡོད་རེད། ཁྲིམས་ཞིབ་པ་གསུམ་གྱིས་ཁྲིམས་ལུགས་ཀྱི་གོ་དོན་འགྲེལ་བརྗོད་གནང་གི་ཡོད་རེད། སྤྱི་འཐུས་རྒྱུན་ལས་ལ་ཁྲིམས་ཡིག་འགྲེལ་བརྗོད་བྱེད་པའི་དབང་ཚད་ཡོད་མ་རེད། ཁྲིམས་ཞིབ་པས་ཁྲིམས་དོན་ལ་འགྲེལ་བརྗོད་གནང་བ་དེ་ཁྲིམས་ཡིག་ཆགས་ཀྱི་རེད། སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༧༩ ནང་གསལ་བ་ལྟར། ཁྲིམས་ཞིབ་བྱེད་མཁན་ཁྲིམས་ཞིབ་པ་དེར་གྱོད་ཡ་སུ་ཐད་ནས་ཕྱོགས་ལྷུང་གི་སྙན་ཞུ་ཕུལ་ན། ཁྲིམས་ཞིབ་པ་དེས་ལས་འགན་བཤོལ་དགོས་ཀྱི་རེད་ལ། ཁྲིམས་ཞིབ་པའམ། དེའི་འདོད་གཅིག་ནང་མིའམ་ཉེ་དུ། དགའ་ཉེ་གྲོགས་སྦྲེལ། དགྲ་ཟླ་ཁ་གཏད་གང་རུང་ཞིག་ཁ་མཆུ་དེའི་གྱོད་ཡ་ཆགས་པའམ། ཡང་ན་དེ་དག་སུ་རུང་ཞིག་ཁ་མཆུའི་གནད་དོན་དེར་ཕན་གནོད་ཆེན་པོའི་འབྲེལ་བ་ཆགས་པའམ། ཁྲིམས་ཞིབ་པས་ཁ་མཆུ་དེའི་གནད་དོན་ཐོག་གྱོད་ཡ་ཞིག་ལ་ཁྲིམས་རྩོད་པའམ་ངོ་ཚབ་བྱས་མྱོང་བའམ། ཁྲིམས་དོན་སློབ་སྟོན་དང་། རྣམ་པ་ཅི་རིགས་ཀྱི་འགན་འཁུར་བླངས་མྱོང་བའམ། ཁྲིམས་ཞིབ་པ་དེ་ཁ་མཆུ་དེའི་དཔང་པོ་ཆགས་པ་ཡིན་ན། ཁྲིམས་ཞིབ་པའི་ལས་འགན་བཤོལ་དགོས་ཞེས་བཀོད་འདུག་ཨ། དེའི་གོ་དོན་དེ་ཁ་མཆུ་དེ་རང་ལ་ལག་པ་འཆང་ཆོག་གི་མ་རེད་ཟེར་གྱི་ཡོད་རེད་མ་གཏོགས། གནས་དབྱུང་གཏོང་དགོས། རྩ་དགོངས་ཞུ་དགོས་གསུང་གི་ཡོད་མ་རེད། ཡིན་ནའང་བཅའ་ཁྲིམས་ནང་སྤྱི་འཐུས་ཚོགས་གཙོ་དང་ས་གནས་འཐུས་ཚོགས་ཀྱི་སྐོར་གསུང་སྐབས་ལས་འགན་བཤོལ་དགོས་གསུངས་པ་དེ་རྩ་དགོངས་ཞུ་དགོས་པའི་གོ་དོན་རེད། དེའི་སྐོར་ཁྲིམས་ཞིབ་པ་གསུམ་གྱི་ལས་ཁུར་རྒྱུན་སྐྱོང་གི་གསལ་བསྒྲགས་ནང་གསལ་ཁ་བཏོད་ནས་གསུངས་འདུག ཁྲིམས་ཞིབ་པ་གསུམ་གྱིས་གསུངས་པ་དེ་ཁྲིམས་ཡིག་གི་གོ་དོན་ལེན་སྟངས་ག་འདྲ་ཡིན་མིན་གྱི་ཐག་གཅོད་རེད། དེ་ལ་རྩོད་པ་རྒྱག་ས་ཡོད་མ་རེད།
༥། ཁྲིམས་ཞིབ་པ་གསུམ་གྱི་གསལ་བསྒྲགས་ནང་ད་ཆ་ལས་འགན་བཤོལ་བའི་གཞི་རྩ་མེད་པར་ཆགས་རེད་གསུངས་འདུག་པའི་གོ་དོན་ག་རེ་རེད།
གོང་དུ་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༧༩ སྐོར་བཤད་པ་ནང་བཞིན། ཁྲིམས་ཞིབ་པའི་སྡོམ་ཁྲིམས་དང་པོ་ཕྱོགས་ལྷུང་སྤང་དགོས་ཀྱི་ཡོད་རེད། ཁྲིམས་ཞིབ་པ་དེས་རང་ཉིད་དང་ཤ་ཁྲག་གི་འབྲེལ་བ་ཡོད་པ་དང་། ཁེ་ཕན་གྱི་འབྲེལ་བ་ཡོད་མཁན་ཞིག་གི་ཁ་མཆུ་ལ་ཁྲིམས་ཞིབ་བྱས་ན་ཕྱོགས་ལྷུང་ཡོང་བའི་ཉེན་ཁ་ཡོད་པའི་ཆ་ནས་ཁྲིམས་ཞིབ་པའི་ལས་འགན་བཤོལ་དགོས་ཀྱི་ཡོད་རེད། ཡིན་ནའང་། ཁ་མཆུ་དེའི་ནང་རང་ཉིད་དང་འབྲེལ་བ་ཡོད་པ་དེ་མེད་ཆགས་པ་དང་། ཁྲིམས་ཞིབ་པ་གསུམ་ལས་མང་བས་ཁྲིམས་ཞིབ་བྱེད་སྐབས་དང་། རྒྱུ་མཚན་གཞན་དག་གི་ཐོག་ནས་ཕྱོགས་ལྷུང་གི་ཉེན་ཁ་འབྱུང་ཉེན་མེད་པ་ཆགས་ན། ལས་འགན་བཤོལ་བའི་གཞི་རྩ་མེད་པར་ཆགས་པ་རེད། བཀའ་ཤག་གིས་ཁྲིམས་ཞིབ་པའི་འོས་མི་རག་གི་མེད་ལུགས་གསལ་བསྒྲགས་གནང་བ་དང་། ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཚོགས་ཐུབ་ཀྱི་མེད་པའི་གསལ་བསྒྲགས་གནང་བར་བརྟེན། ཁྲིམས་ཞིབ་པ་གསུམ་ནས་ལས་འགན་བཤོལ་བའི་གཞི་རྩ་མེད་པར་ཆགས་པ་རེད། ཁྲིམས་ཞིབ་པ་གསུམ་གྱིས་ཡིག་ཆ་ཨང་ ༣༩ དེ་ཁྲིམས་འགལ་ཡིན་པའི་གསལ་བསྒྲགས་སྔོན་མ་ནས་གནང་ཟིན་པ་ཡིན་ཙང། ལས་ཁུར་རྒྱུན་སྐྱོང་གནང་མི་དགོས་པའི་རྒྱུ་མཚན་ཡོད་མ་རེད།
༦། སྤྱི་འཐུས་སྐོར་ཞིག་གིས་༸གོང་ས་མཆོག་གི་སྐུ་པར་གྱི་མདུན་ནས་ལས་ཁུར་དམ་འབུལ་བྱེད་ཀྱི་ཡིན་གསུང་གི་ཡོད་ཚོད་འདུག་པ་དེ་ཁྲིམས་མཐུན་རེད་དམ།
དེ་འདྲ་གསུང་གི་ཡོད་ན། དེ་ཁྲིམས་ལུགས་ཀྱི་དཀྱིལ་འཁོར་ནང་དུ་བསྡད་ནས་སྐད་ཆ་ཤོད་ཀྱི་ཡོད་མ་རེད། བཅའ་ཁྲིམས་དོན་ཚན་ ༤༧ པ་ནང་བཞིན་འགྲོ་གི་མིན་ཟེར་གྱི་ཡོད་ན། ཁྲིམས་མཐུན་གྱི་གནང་སྟངས་གཞན་པ་ཞིག་ཡོང་ས་འགྲོ་གི་མ་རེད།
༧། སྤྱི་འཐུས་ ༢༠ ཙམ་ནས་ལས་ཁུར་དམ་འབུལ་མ་བྱས་ན་གནས་སྟངས་ག་རེ་ཆགས་ཀྱི་རེད།
བར་བརྒལ་ཚོགས་གཙོའི་ལས་འགན་ནི་སྤྱི་འཐུས་ལྷན་ཚོགས་ནང་ཉུང་མཐའི་གྲངས་ཚད་ ༣༠ ལོངས་ཐུབ་པ་བཟོས་ཏེ། ཚོགས་གཙོ་ཚོགས་གཞོན་འདེམས་བསྐོ་ཐུབ་པ་གནང་རྒྱུ་དེ་རེད། ཚོགས་གཙོ་ཚོགས་གཞོན་འདེམས་བསྐོ་བྱེད་མ་ཐུབ་པར་ལྷག་ན། དེའི་འགན་ཆ་ཚང་བར་བརྒལ་ཚོགས་རང་གིས་ཁུར་དགོས་ཀྱི་རེད། ང་ཚོའི་ཁྲིམས་སྒྲིག་དེ་ཚོའི་ནང་དམ་འབུལ་མི་བྱེད་མཁན་ལ་བྱེད་སྟངས་ག་རེ་ཡིན་མིན་གསལ་ཁ་ཡོད་ས་མ་རེད། ཡིན་ནའང་། བར་བརྒལ་ཚོགས་གཙོའི་ངོས་ནས། དམ་འབུལ་མི་བྱེད་མཁན་དེ་ཚོའི་གོ་ཡུལ་སྟོང་པ་ཐོན་ཡོད་མེད་དང་། ཡང་ན་ཁོ་ཚོ་རྩ་དགོངས་ཞུས་པ་ཡིན་མིན་བརྩད་གཅོད་གནང་དགོས་ཀྱི་རེད། དཔེར་ན། ཁོ་ཚོ་ལ་བརྡ་ཐོ་བཏང་ནས་དུས་བཀག་ནང་དམ་འབུལ་དུ་བཅར་དགོས་པ་དང་། མ་བཅར་ན་ཐག་གཅོད་འདི་དང་དེ་བྱེད་ཀྱི་ཡིན་ཞེས་སྔོན་བརྡ་བཏང་བ་ཡིན་ན། དམ་འབུལ་མི་བྱེད་པའི་རྒྱུ་མཚན་ག་རེ་ཡིན་མིན་གསལ་པོ་ཆགས་ཐུབ་པ་དང་། ཐག་གཅོད་ག་འདྲ་གནང་རྒྱུའི་གཞི་རྟེན་ཡང་རྙེད་ཀྱི་རེད། དཔེར་ན། བཅའ་ཁྲིམས་དོན་ཚན་ ༣༨ (༩) ནང་གསལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པ་ཞིག་ཡིན་པར་ངོས་འཛིན་བྱ་དགོས་ཆགས་ཀྱི་རེད་ཅེས་སྔོན་བརྡ་བཏང་བའི་ཐོག་ནས་ཐག་གཅོད་གནང་བ་ཡིན་ན། དབུས་འོས་བསྡུ་ལས་ཁང་ལ་སྒུག་ཐོའི་གྲལ་མཚམས་ནས་མིང་ཐོ་འབུལ་དུ་བཅུག་སྟེ། སྤྱི་འཐུས་ཀྱི་ཉུང་མཐའི་གྲངས་ཚད་སུམ་ཅུ་ལོངས་པ་བཟོ་ཐུབ་ཀྱི་རེད།
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།
RA ‘PHAG NAS RA TSANG BSHIG THUP KYI MA RE IS VERY HARSH WORD. WHO ARE YOU CURSING?
Anything said in the short writing is baseless and confusing public who do not care about legal understanding. I will not discuss most of his presentation as they do not make any sense. Regarding public litigation rules 79 the term recuse he had explained according to the judge’s will. . First fall the Supreme Justice used Tibetan terms Shol was purposely to seek something arguably eventually if the Syi-Chi were succeed to appoint new judges. Lobsang siad that the term is defined as resignation if it is used for lower court judges and MP’s but the term used in this case is for recuse. You agreed that the terms is used for resignation but then tried to the make where it has to fit. You have explained clearly what recuse means legally but you have knowingly misinterpreted just to make fit for TSJC illegal entrance. There was no court proceeding and conflict of interest to be defined against the Judges. It was completely parliament resolution of impeachment and the Judges had announced their resignation or stepdown from the position with respect to the resolution. Therefore, reinstatement or restoration of their position was being appealed to the Standing Committee by their supporters. When you appeal someone, the receiver has the right to react whatever it deemed appropriate . As such it was not a part of litigation nor court proceeding and there was no place to use the term recuse. Hence, you cannot fool every body though you wanted. There was no two parties reporting for hearing, and it is also impossible for all judges on recuse simultaneously. Show me or tell me one example in the world where all judges on recuse at the same time. If that happened, court has to shut down and how you would define the term conflict of interest.
The more you lie or try to cover up lie after lie, the truth reveals pristine clear and history will never forget and forgive.
བློ་བཟང་ཆོས་འབྱུང་ལགས། ར་མ་འཕག་ནས་ར་ཚང་བཤིག་ཐུབ་ཀྱི་མ་རེད་ཟེར།
ར་མ་ཟེར་ས་དེ་སུ་རེད། ར་ཚང་ཟེར་ས་དེའང་སུ་ཚང་རེད། འགྲེལ་བཤད་རེ་ཡོད་པའི་རེ་བ་ཡོད།
ཧ་ལས་པའི་ཡག་པོ་བྲིས་འདུག
དགོངས་ཚུལ་ཧ་ཅང་ཡག་པོ་འདུག