མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་དྲ་ལམ་ནས་དངུལ་འབོར་ཆེན་གཡོ་ལེན་བྱེད་མཁན་གྱི་མི་དགུ་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་དངུལ་འབོར་ཆེན་གཡོ་ལེན་བྱེད་པའི་རྒྱའི་དྲ་ལམ་ཁེ་གཉེར་ཁང་ཡིན་ཟེར་བའི་དོན་རྐྱེན་དང་འབྲེལ་ནས་བོད་པའི་བུད་མེད་གཅིག་དང་རྒྱ་གར་བ་བརྒྱད་བཅས་འཛིན་བཟུང་བྱས་ཡོད་འདུག

རྒྱ་གར་ཧིན་རྡུན་སི་ཐན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཉེན་རྟོག་ལས་ཁུངས་ཀྱིས། འདས་པའི་ཟླ་གཉིས་རིང་རྒྱ་གར་རྒྱལ་ས་ལྡི་ལི་གཙོས་པའི་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་གི་ནང་དྲ་ལམ་བརྒྱུད་རྒྱ་གར་མི་མང་ས་ཡ་ཕྱེད་ཀ་ཙམ་ལ་མགོ་སྐོར་བསླུ་བྲིད་ཀྱིས། ཧིན་སྒོར་ཀ་རོ་ ༡༥༠ ལྷག་གཡོ་ལེན་བྱས་པའི་དོན་རྐྱེན་ཞིག་རྩད་གཅོད་བྱུང་སྟེ། ཁྱོན་མི་ ༡༡ འཛིན་བཟུང་བྱས་ཡོད་པའི་ཁྲོད་བོད་པའི་བུ་མོ་དབང་ཆེ་ག་གེ་མོ་ཟེར་བ་ཞིག་ཀྱང་ཚུད་ཡོད་སྐོར་བསྒྲགས་འདུག་ལ། དྲ་ཐོག་ནས་དངུལ་གཡོ་ལེན་བྱེད་པའི་ལྐོག་ཇུས་དེའི་རྒྱབ་ཀྱི་མི་སྣ་གཙོ་བོ་ནི་རྒྱ་རིགས་ཡིན་པ་རེད།

དེ་འབྲེལ་ཐད་ལྡི་ལིའི་ཉེན་རྟོག་པས། ཟླ་འདིའི་ཕྱི་ཚེས་ ༢ ནས་བཟུང་ང་ཚོས་ནུབ་བྷང་གྷལ་དང་ལྡི་ལི། བྷང་ལོར་དང་ཨོ་ཌི་ཤ། ཨ་སམ་དང་སཱོ་རེ་ཊི་སོགས་སུ་རྟེན་གཞི་བྱས་པའི་དྲ་ལམ་བསླུ་བྲིད་པའི་ལས་ཁུངས་ལ་རྩད་ཞིབ་ཀྱིས། བོད་པའི་བུད་མེད་གཅིག་དང་རྩིས་ཞིབ་ཆེད་མཁས་རྒྱ་གར་བ་གཉིས་བཅས་ཁྱོན་མི་གྲངས་ ༡༡ འཛིན་བཟུང་ཡོད་ལ། རྩད་ཞིབ་བཅད་པ་བརྒྱུད་དྲ་ལམ་བསླུ་བྲིད་འདིའི་རྒྱབ་ཀྱི་ཉེས་ཅན་པ་གཙོ་བོ་རྒྱ་རིགས་ཡིན་པ་དང་ཁོ་ཚོ་ཁག་ཅིག་གི་མིང་ཐོ་འགོད་ཟིན་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལྟའི་ཆར་དངུལ་གཡོ་ལེན་གྱི་དྲ་ལམ་རྩ་འཛུགས་བྱེད་མཁན་རྒྱ་རིགས་དེ་ཚོ་རྒྱ་ནག་རང་ལ་སྡོད་ཀྱི་ཡོད་པར་བརྟེན། རྒྱ་གར་གཞུང་ངོས་ནས་ཁོ་ཚོའི་ལས་ཁུངས་རྩ་མེད་གཏོང་བ་ཙམ་ལས་རྒྱ་རིགས་ཚོ་འཛིན་བཟུང་བྱེད་ཐུབ་ཀྱི་མེད་པ་རེད།

གནས་ཚུལ་ནང་། རྒྱ་རིགས་ཀྱི་ལག་འོག་ཏུ་ལས་ཀ་སྒྲུབ་མཁན་ཚོས་(Power Bank) ཞེས་པའི་མཉེན་ཆས་ཤིག་དང་(EZPlan)ཞེས་པའི་དྲ་ཚིགས་ཤིག་བརྒྱུད། མི་མང་ལ་དངུལ་གྱི་མ་འཛུགས་བྱེད་དུ་བཅུག་སྟེ་ཉིན་གྲངས་ ༢༤ ནས་ ༣༥ ནང་དུ། ཁོ་ཚོའི་མ་དངུལ་ལྡབ་འགྱུར་འཕར་གྱི་ཡོད་པ་དང་། རིམ་པའི་མ་དངུལ་འཛུགས་མཁན་ཇེ་མང་དུ་ཕྱིན་པ་དང་བསྟུན་མ་དངུལ་འབོར་ཆེན་འཛུགས་མཁན་གྱི་དྲ་རྒྱའི་ཐོ་འགོད་རྩིས་མེད་དམ་ནག་གསུབ་ཀྱིས། དངུལ་གཡོ་ལེན་བྱེད་ཀྱི་ཡོད་འདུག་ལ། རྩད་ཞིབ་བྱས་པ་བརྒྱུད། མཉེན་ཆས་དེ་རྒྱ་གར་ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་འཕྲུལ་རིགས་ཁེ་གཉེར་ཁང་གསར་པ་ཞིག་ཡིན་ཁུལ་བྱེད་ཀྱི་ཡོད་མོད། དོན་དངོས་ཐོག་མཉེན་ཆས་ཀྱི་དྲ་གནས་གཙོ་བོ་རྒྱ་ནག་ཏུ་ཡོད་པ་དང་། མཉེན་ཆས་དེས་ཁ་པར་གྱི་པར་ཆས་དང་འབྲེལ་གཏུགས། དེ་བཞིན་ནང་མཛོད་སོགས་མི་སྒེར་གྱི་གནས་ཚུལ་ཆ་ཚང་ལྟ་ཀློག་ཐུབ་ཀྱི་ཡོད་པས་ཧ་ཅང་ཉེན་ཁ་ཆེ་བའི་དྲ་ལམ་བསླུ་བྲིད་ཀྱི་བྱ་སྤྱོད་ཅིག་ཡིན་སྐོར་སོགས་བརྗོད་འདུག

ཡང་རྒྱ་གར་གཞུང་གིས་དངུལ་འབོར་ཆེན་གཡོ་ལེན་གྱི་ནག་ཉེས་བྱ་འགུལ་དེའི་མཚང་འབྲིད་ཐབས་སུ། འབྲེལ་ཡོད་རྒྱ་གར་ཉེན་རྟོག་པ་ཞིག་ནས་མ་དངུལ་བཙུགས་ཏེ་ཆ་ཤས་བླངས་ཤིང་། ཁོ་ཚོས་དངུལ་གཏོང་ལེན་གྱི་འབྲེལ་ཐག་དང་དངུལ་བྱང་སོགས་ལ་རྗེས་འདེད་ཀྱིས། ཚོགས་པ་དེར་རྒྱ་གར་རྒྱལ་ཡོངས་སུ་དྲ་ཐོག་ཁེ་གཉེར་ཁང་ ༢༥ ཡོད་པ་དང་། དངུལ་བྱང་ ༢༩། ཁ་པར་༣༠ བཅས་རྩད་ཞིབ་ཐུབ་ཡོད་པ་མ་ཟད། རྒྱའི་ལག་འོག་ཏུ་ལས་ཀ་གཉེར་མཁན་རྒྱ་གར་བ་རོ་བྷིན་ (Robin) ཟེར་བ་གཙོས་པའི་བསླུ་བྲིད་པ་ཚོས་སྐད་འཕྲིན་དང་ཏར་འཕྲིན། རྒྱ་ནག་གི་(Dingtalk)མཉེན་ཆས་སོགས་བརྒྱུད་རྒྱ་ནག་ཏུ་ཡོད་པའི་ཁོ་ཚོའི་སྦྱིན་བདག་ལ་འབྲེལ་འདྲིས་དང་གསང་བའི་ཐོག་ནས་གཡོ་ལེན་བྱས་པའི་དངུལ་རྒྱ་ནག་ལ་གཏོང་གི་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་རེད།

སྤྱིར་རྒྱ་གར་ནང་རྒྱ་རིགས་ཚོས་ནག་ཚོང་བརྒྱབ་པའི་དོན་རྐྱེན་དང་འབྲེལ་ནས་རྒྱ་གར་བ་གཙོས་པའི་བོད་མི་མི་ཉུང་བ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཡས་མས་ནས་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་གཙོས་པའི་ཚོང་འབྲེལ་སོགས་ཀྱི་འཁྲུག་རྩོད་བྱུང་རྗེས། རྒྱ་གར་གཞུང་གིས་རྒྱ་གར་རུ་གནས་སྡོད་བྱེད་པའི་རྒྱ་རིགས་ཚོའི་ལས་དོན་ཐོག་དོ་སྣང་སྔར་ལྷག་བྱས་ཏེ། རྒྱའི་གསང་ཉུལ་བ་ལའོ་སང་གཙོས་པའི་ནག་ཚོང་དང་འབྲེལ་བའི་རིགས་ཁག་ཅིག་ཀྱང་འཛིན་བཟུང་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. རྒྱལ་མཚན་ཡེ་ཤེས། says:
    ལོ་ 5 སྔོན།

    ཐོག་མར་དུས་བབ་མགོ་ལས་ཡོངས་ལ་མཚམས་འདྲི་ཡོད།

    Reply
  2. སེར་བསྟན། says:
    ལོ་ 5 སྔོན།

    ས་མཚམས་དེ་ཡག་པོ་བྲིས་མི་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese