མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་བདུན་གཅིག་ནང་རྒྱ་བལ་གཉིས་ནང་བོད་མི་ནད་པ་ ༧༢ བྱུང་ཡོད་ཀྱང་འདས་གྲོངས་སུ་ཕྱིན་པ་གཅིག་ཀྱང་མེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབས་ཟིན་པ་མི་གྲངས་ ༡༤༧༠༣ བྱུང་ཡོད་པ་དང་འགོག་ཁབ་རིམ་པ་གཉིས་ཀ་བརྒྱབས་ཟིན་པ་དང་དང་པོ་ཁོ་ན་བརྒྱབས་ཟིན་པ་བཅས་ནི་རྒྱ་གར་གྱི་བོད་མིའི་བརྒྱ་ཆའི་ ༨༩ ཟིན་ཡོད་སྐོར་བརྗོད་འདུག

The 66th Covid-19 Task Force briefing. Image:Screengrab

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་འདས་པའི་བདུན་གཅིག་གི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་སྐོར་ལ་གསར་འགོད་གསལ་བསྒྲགས་ཐེངས་ ༦༦ པ་སྤེལ་སྐབས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། ཆེད་མཁས་པ་མང་པོ་ཞིག་གིས་ཏོག་དབྱིབས་གཉན་རིམས་གྱི་ནད་རླབས་གསུམ་པ་དེ་བསླེབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ནད་རླབས་གསུམ་པའི་སྐབས་རང་ཉིད་ལ་སྲུང་སྐྱོབ་ཆེད་གཙོ་ཆེ་ཤོས་ནི་སོ་སོས་ཁ་རས་གྱོན་པ་དང་ཕན་ཚུན་བར་རྒྱང་ཐག་འཛིན་པ། འདུ་འཛོམས་གང་ཉུང་བྱེད་པ་དང་འགོག་ཁབ་རྒྱག་ཐུབ་པ་སོགས་ཀྱི་སྔོན་འགོག་གི་ཐབས་ལམ་ཁག་ལ་བསྟེན་དགོས་པ་དེ་ཡིན་སྐོར་དང་། འགོག་ཁབ་དང་པོ་དང་གཉིས་པའི་བར་ཉིན་གྲངས་ ༨༨ འཇོག་དགོས་པ་དང་། འགོག་ཁབ་མ་ཐོབ་པ་རྣམས་ཀྱི་སྣང་མེད་མི་བྱེད་པར་འགོག་ཁབ་བརྒྱབ་དགོས་པ་དང་། ཏོག་དབྱིབས་གཉན་རིམས་ན་ཚར་བ་ཁག་ལ་ཟླ་གསུམ་གྱི་རིང་འགོག་ཁབ་མི་རྒྱག་པའི་ལམ་སྟོན་གནང་ཡོད་ནའང་། མི་རེ་འགས་སླར་ཡང་ཏོག་ནད་ཕོགས་སྲིད་པའི་ཞེད་སྣང་གནང་གི་ཡོད་སྟབས། དེ་ལ་ཞེད་སྣང་མི་དགོས་པར་ལམ་སྟོན་བཞིན་འགོག་ཁབ་རྒྱག་དགོས་སྐོར་ལམ་སྟོན་གནང་འདུག

ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས། འདས་པའི་བདུན་གཅིག་གི་རིང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་ནད་གཞི་ཕོག་པའི་བོད་མི་གྲངས་ ༧༢ བྱུང་ཡོད་པའི་ཁྲོད་དགུང་ལོ་མཐོ་ཤོས་དེ་ ༨༢ དང་ཆུང་ཤོས་དེ་བྱིས་པ་ལོ་ ༥ ཡིན། རྐྱེན་འདས་སུ་ཕྱིན་པ་གཅིག་ཀྱང་བྱུང་མེད་པ། ད་ལྟ་བོད་མི་གྲངས་ ༣༦༧ ལ་ཏོག་ནད་ན་བཞིན་ཡོད་སྐོར་སྐོར། དེ་བཞིན་འདས་པའི་བདུན་ཕྲག་གཅིག་རིང་རྒྱ་གར་གྱི་ས་གནས་གྲངས་ ༡༥ དང་བལ་ཡུལ་ནང་གི་ས་གནས་ ༥ བཅས་ཀྱི་བོད་མི་གྲངས་ ༦༦༩ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཡོད་པ་དང་། བོད་མི་རང་ཁྱིམ་དུ་ཟུར་འདུག་བྱེད་མཁན་གྲངས་ ༤༡༣ དང་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་བོད་མི་གྲངས་ ༥༢༢ བཅས་ཁྱོན་མི་གྲངས་ ༩༣༥ ཟུར་འཇོག་བྱས་ཡོད་སྐོར་གསུངས་འདུག

ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་དང་འབྲེལ་ནས་སྨན་པ་མཚམས་གཅོད་ལགས་ཀྱིས། ད་ལྟ་བར་དུ་རྒྱ་གར་ནང་རང་ལོ་ ༦༠ ཡན་གྱི་བོད་མི་གྲངས་ ༧༧༦༡ དང་། དེ་བཞིན་རང་ལོ་ ༤༥ ནས་ ༥༩ བར་གྱི་བོད་མི་གྲངས་ ༥༡༥༦། རང་ལོ་ ༡༨ ནས་ ༤༤ བར་གྱི་བོད་མི་གྲངས་ ༡༧༥༡ བཅས་ཁྱོན་འགོག་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་བརྒྱབས་ཟིན་པ་མི་གྲངས་ ༡༤༧༠༣ དང་། རྒྱ་གར་ནང་རང་ལོ་ ༦༠ ཡན་གྱི་བོད་མི་གྲངས་ ༢༡༡༦ དང་། རང་ལོ་ ༤༥ ནས་ ༥༩ བར་གྱི་བོད་མི་གྲངས་ ༦༢༥༨། རང་ལོ་ ༡༨ ནས་ ༤༤ བར་གྱི་བོད་མི་གྲངས་ ༢༠༡༡༥ བཅས་ཁྱོན་མི་གྲངས་ ༢༨༤༨༩ ཙམ་ལ་འགོག་ཁབ་རིམ་པ་དང་པོ་བརྒྱབས་ཟིན་སྟབས། རྒྱ་གར་ནང་གི་བོད་མིའི་བརྒྱ་ཆ་ ༨༩ ཙམ་ལ་འགོག་ཁབ་རིམ་པ་དང་པོའམ་གཉིས་པ་ཐོབ་ཡོད་སྐོར་བརྗོད་འདུག

དེའི་རྗེས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ད་ལྟའི་ཆར་རྒྱ་གར་ནང་གི་ཏོག་དབྱིབས་གཉན་རིམས་ ༡༩ ཡི་གནས་སྟངས་དེ་ཅུང་དྲག་ཏུ་འགྲོ་ཡི་ཡོད་པ་དང་། ཉིན་རེའི་དྲག་སྐྱེད་ཀྱི་ཚད་དེ་བརྒྱ་ཆ་ ༩༧ ཙམ་ཡིན་པ་མ་ཟད། ནད་གཞི་གསར་དུ་ཕོག་མཁན་དེ་བརྒྱ་ཆ་ ༢།༥ མ་གཏོགས་མེད་ལ། འདས་པའི་ཉིན་གྲངས་ ༢༤ རིང་ནད་པ་གསར་པའི་བརྒྱ་ཆ་དེ་ ༥ ཡན་ལ་ཐོན་མེད་སྐོར་དང་། རྒྱ་གར་གྱི་སྨན་བཅོས་ཞིབ་འཇུག་ལྷན་ཚོགས་ (ICMR) ཀྱིས་ཨ་མ་སྦྲུམ་མ་ཚོ་ད་ནས་བཟུང་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱབ་ན་ཆོག་པའི་ལམ་སྟོན་བྱས་ཡོད་པ་དང་། ད་ལྟ་ལོ་ན་ ༢ ནས་ ༡༨ དབར་གྱི་བྱིས་པ་ཚོར་འགོག་ཁབ་བརྒྱབས་ན་ཆོག་མིན་གྱི་བརྟག་དཔྱད་འགྲོ་མུས་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༩ པའི་ནང་དེའི་ཐད་ཐག་གཅོད་བསླེབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་དང་། ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱ་རྒྱུའི་ཐབས་ཇུས་ལྔ་སྟེ། གཉན་རིམས་ཕོག་མིན་བརྟག་དཔྱད་བྱ་རྒྱུ་དང་། ནད་པའི་འབྲེལ་གཏུག་རྩད་གཅོད་བྱེད་པ། ནད་པ་རྣམས་ལ་སྨན་བཅོས་བྱེད་པ། དེ་ནས་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུ་དང་། ཁ་རས་གྱོན་རྒྱུ་ལ་སོགས་པའི་གཉན་རིམས་སྔོག་འགོག་གི་སྤྱོད་པ་བསྟེན་དགོས་པ་བཅས་ལག་བསྟར་ཚགས་ཚུད་དགོས་སྐོར་བརྗོད་འདུག

ཡང་ཁོང་གིས་དེང་སྐབས་གཟའ་མཇུག་སྐབས་བཞུགས་སྒར་དྷ་རམ་ས་ལར་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་སླེབས་ཀྱི་ཡོད་པའི་ཁྲོད་ནས། བརྒྱ་ཆ་ ༡༠ མ་གཏོགས་གཞན་ཚང་མས་ཁ་རས་གྱོན་གྱི་མེད་པར་བརྟེན། བཞུགས་སྒར་ཁུལ་དུ་ཚོང་ཁང་གཉེར་མཁན་ཚོས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་རང་གི་ཚོང་ཁང་ནང་ཞུགས་དུས་ཁ་རས་གྱོན་དགོས་པའི་སྐུལ་མ་བྱས་ཚེ། རང་ཉིད་ལ་གཉན་རིམས་མི་ཕོག་རྒྱུའི་ཁེ་ཕན་ཡོད་པ་མ་ཟད་རང་གི་སྤྱི་ཚོགས་ལའང་གཉན་རིམས་མི་འགོ་བའི་དགེ་མཚན་ཡོད་སྐོར་དང་། འདས་པའི་ལོ་གཅིག་ནང་རང་རེའི་བོད་མིའི་སྤྱི་ཚོགས་ནང་གི་ཚོགས་པ་ཁག་ནང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཤུགས་ཆེ་ཤོས་ཐེབས་ཡོད་པར་བརྟེན། སློབ་གྲྭ་དང་དགོན་པས་མཚོན་པའི་ཚོགས་སྡེ་ཁག་གིས་གནས་སྐབས་རིང་དངོས་སུ་འདུ་འཛོམས་ཐོག་ནས་འཛིན་གྲྭ་དང་ཚོགས་འཚོག་པ་སོགས་མི་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

སྐར་མ ༥ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese