མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བཙན་པོའི་སྐབས་ཀྱི་གཡོག་མོ་མཁར་རྫོང་གི་མཁར་དམར་དགོན་པ་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་གཡོག་མོ་མཁར་རྫོང་གི་མཁར་དམར་དགོན་པ་སྒོ་བརྒྱབ་སྟེ་གྲྭ་བཙུན་རྣམས་སྐྱ་སར་འབབ་དགོས་པའི་བཙན་བཀའ་བཏང་བའི་རྐྱེན་གྱིས་དགོན་པའི་གྲྭ་བཙུན་མང་པོས་ངུ་ངག་འདོན་བཞིན་ཞི་བའི་ངོ་རྒོལ་བྱས་ཡོད་འདུག

Karmar monastery in Tibet was shut down and monks were expelled with force.

རྒྱ་ནག་པེ་ཅིན་དུ་ཡོད་པའི་བོད་རིགས་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་གཙོས་པའི་རྒྱ་རིགས་མང་པོས་ཊེ་ཝི་ཊར་སོགས་ཀྱི་སྟེང་དུ་བོད་ནང་གི་དགོན་པ་ཞིག་སྒོ་བརྒྱབ་ཡོད་སྐོར་གྱི་བརྙན་ཐུང་དང་གནས་ཚུལ་མང་པོ་བརྒྱུད་སྐུར་ཤུགས་ཆེན་པོ་བྱེད་ཀྱི་འདུག་པས། འདི་གའི་གསར་འགོད་པས་བོད་ཕྱི་ནང་གཉིས་ཀྱི་ཉམས་ཞིབ་པ་སོགས་མི་ཁག་ཅིག་ལ་འབྲེལ་བ་ཞུས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་ནག་གིས་སྒོ་རྒྱག་དགོས་ཟེར་བའི་བོད་པའི་དགོན་པ་དེ་ནི། ཀན་སུའུ་ཞིང་ཆེན་ཁ་ཆེ་མི་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་ཀྱི་མཁར་དམར་དགོན་པ་ཞེས་པ་དེ་ཡིན་ཞིང་། དགོན་པ་དེ་ནི་དུས་རབས་བཅུ་གཉིས་པའི་ནང་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབས་པའི་བཀའ་མ་མཆོད་རྟེན་ཡོད་སར་གསར་བཞེངས་རྒྱ་སྐྱེད་གནང་བ་ཞིག་ཡིན་འདུག

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  མཁར་དམར་དགོན་པ་སྒོ་རྒྱག་དོན་ནི་འདས་ལོར་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དཀའ་ངལ་འཕྲད་སྐབས། མཁར་དམར་དགོན་པའི་བླ་མ་ཀུན་བཟང་འཕྲིན་ལས་ཆོས་ཀྱི་རྒྱལ་མཚན་མཆོག་ནས་བྱམས་བརྩེའི་རོགས་རམ་ཆེད་ཕྱོགས་བཞི་གང་སར་ཡོད་པའི་ཁོང་གི་སློབ་ཕྲུག་རྣམས་ཀྱི་ས་ནས་རྒྱ་སྒོར་ཁྲི་ ༣༠ ལྷག་ཞལ་འདེབས་སུ་བསྡུས་ཡོད་པར་བརྟེན། ས་གནས་སྲིད་གཞུང་གིས་དགོན་པ་ལ་སྒོར་མོ་འབོར་ཆེན་དེ་འདྲ་ཡོད་དོན་གང་ཡིན་སོགས་ཀྱི་འདྲི་རྩད་བྱས་རྗེས། ལོ་རེའི་དགོན་པའི་ཡོང་འབབ་དང་ས་ཁང་ཕྱེད་ཀ་ས་གནས་སྲིད་གཞུང་ལ་སྤྲོད་དགོས་པའི་བཀའ་བཏང་བ་དེ་དགོན་པས་ཞལ་བཞེས་གནང་མེད་སྟབས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ནས་སྔར་ལྷག་ཞིབ་འཇུག་བྱས་པ་བརྒྱུད་དགོན་པ་སྒོ་བརྒྱབ་སྟེ་གྲྭ་བཙུན་རྣམས་སྐྱ་སར་བབ་དགོས་པའི་བཙན་བཀའ་བཏང་ཡོད་འདུག

སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཐོན་པའི་བརྙན་ཐུང་ཁག་གི་ནང་། རྒྱའི་ལས་བྱེད་པས་བཙན་གྱིས་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། བཙུན་མ་མང་པོ་དགོན་པའི་འདུ་ཁང་མདུན་དུ་འཛོམས་ཏེ་ཐང་ལ་འགྱེལ་ནས་ངུ་ངག་འདོན་གཔ་དང་། ཁག་ཅིག་ས་ལ་བསྡད་དེ་ཞལ་འདོན་སྐྱོར་བཞིན་ཡོད་པ་མཐོང་རྒྱུ་འདུག་པ་མ་ཟད། དམིགས་བསལ་དགེ་འདུན་པ་གཉིས་ནས་དགོན་པའི་འདུ་ཁང་ཐོག་ནས་མར་མཆོངས་རྩིས་བྱེད་ཀྱི་ཡོད་པ་མཐོང་གི་འདུག་ལ། དེའི་སྐོར་ཊུ་ཝི་ཊར་སྟེང་བརྒྱུད་སྐུར་གནང་མཁན་གྱི་རྒྱ་རིགས་ཁག་ཅིག་གིས་གྲྭ་བཙུན་ཁག་ཅིག་ཁང་ཐོག་ནས་མར་མཆོངས་ཏེ་རང་ཤི་བརྒྱབ་ཡོད་སྐོར་བརྗོད་འདུག

Karmar monastery in Tibet was shut down and monks were expelled with force.

ཡང་མཁར་དམར་དགོན་པ་སྒོ་རྒྱག་གིན་ཡོད་པའི་གནས་ཚུལ་དང་འབྲེལ་ནས་དགོན་པ་དེ་བོད་ཀྱི་དགོན་སྡེ་ཞིག་དང་ཆོས་བརྒྱུད་གང་གི་ཁོངས་གཏོགས་ཡིན་མིན་སོགས་ཀྱི་སྐོར་ལ་དོགས་སློང་སྣ་ཚོགས་ཡོང་གི་ཡོད་སྟབས། འདི་གའི་གསར་འགོད་པས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་ལ་སྐད་ཆ་དྲིས་སྐབས།  དགོན་པ་དེ་ནི་དཔལ་ས་སྐྱ་བའི་དུས་སྐབས་སུ། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབས་པའི་མཆོད་རྟེན་ཞིག་ཡོད་པ་དེའི་ཤུལ་རེད། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ལ་མཆི་སྐབས་ལམ་བར་ནས་ས་ཆ་དེ་ནས་སྤས་སྐོང་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གོང་མས་བཀའ་བཏང་བ་ལ་བརྟེན་ནས་བཀའ་མ་མཆོད་རྟེན་ཞེས་པ་བཞེངས་པ་རེད། ད་ལྟ་རྒྱ་ཡིག་ནང་(Yongjing) ཟེར་བའི་ས་ཆ་དེ་བོད་བཙན་པོའི་སྐབས་བོད་རྒྱའི་ས་མཚམས་ལས་བོད་ཀྱི་ས་ཁོངས་ཤིག་ཡིན། དེ་ལ་གཡོག་མོ་མཁར་རྫོང་ཟེར་གྱི་ཡོད། ཆོས་བརྒྱུད་ཐད་ནས་སྔོན་མ་ས་སྐྱའི་དགོན་པ་ཡིན་པ་དང་རྒྱ་ཡིག་གི་ཡིག་ཆ་མང་པོའི་ནང་ས་སྐྱ་རེད་ཅེས་བྲིས་ཡོད། འོན་ཀྱང་། རྗེས་སུ་གཡོག་མོ་མཁར་རྫོང་གི་དགོན་པ་མང་པོ་ཞིག་དགེ་ལུགས་པར་གྱུར་ཡོད་ལ། ན་ནིང་ཀན་སུ་ནས་བོད་ཀྱི་དགོན་པ་མང་པོའི་ལོ་རྒྱུས་དཔེ་དེབ་ཅིག་དཔར་སྐྲུན་གནང་བའི་ནང་མཁར་དམར་དགོན་དགེ་ལུགས་པའི་དགོན་པ་ཞིག་ཡིན་པར་བཤད་འདུག འོན་ཀྱང་། ཆོས་བརྒྱུད་གང་གི་ཁོངས་གཏོགས་ཡིན་ངས་གསལ་བོ་ཞིག་མི་ཤེས། ཞེས་བརྗོད་བྱུང་།

ད་ལྟ་དགོན་པ་དེར་འདུ་ཁང་བཞི་ཙམ་ཡོད་པའི་ནང་གི་གཅིག་གི་ནང་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབས་གནང་བའི་བཀའ་མ་མཆོད་རྟེན་ཡོད་པ་དང་།  མཁར་དམར་དགོན་པ་རིག་གནས་གསར་བརྗེ་སྐབས་རྒྱ་ནག་གིས་གཏོར་བཤིག་བཏང་བ་ནས་ཕྱི་ལོ་ ༢༠༠༦ བར་ལྷག་ཡོད་པ་དང་། ཕྱི་ལོ་ ༢༠༠༦ ནས་མགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་དགོན་པ་གསར་སྐྲུན་གྱི་ད་ལྟའི་གནས་བབ་འདི་བྱུང་བ་དང་། བར་སྐབས་ཤིག་ལ་མཁར་དམར་དགོན་པར་གྲྭ་བཙུན་ཁྱོན་ ༣༠༠༠ ལྷག་ཡོད་པར་བཤད་ལ། དགོན་པ་རྒྱ་སྐྱེད་ཀྱི་ལས་གཞིའི་ཁྲོད་ས་གནས་སྲིད་གཞུང་དང་དགོན་པའི་བར་ས་ཆའི་དཀའ་ངལ་ཞིག་ཀྱང་འཕྲད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese