མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རང་བཞིན་གྱི་གོ་ལའི་གནམ་གཤིས་ལས་འགུལ་སྤེལ་གྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་དང་ཚོགས་སྡེ་ཁག་བརྒྱད་ནས་འཛམ་གླིང་གི་བྱང་སྣེ་དང་ལྷོ་སྣེ་ཞི་བདེ་རྒྱ་མཚོའི་ཁུལ་ལྟར་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་མཐོ་སྒང་འདི་ཡང་གོ་ལའི་གནམ་གཤིས་འགྱུར་ལྡོག་ཁྲོད་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་པའི་ལས་འགུལ་སྤེལ་བཞིན་འདུག

Tibet Climate Crisis at the Climate Strike in NYC, 2019. Photo: SFT

འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ནས་ཚེས་ ༡༢ བར་སི་ཀོ་ཊི་ལན་ཌིའི་གྲོང་ཁྱེར་ནུབ་མ་གྷ་ལ་སི་གྷོ་ (Glasgow)རུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་ ༢༦ པ་ (COP26) ཚོགས་གཏན་འཁེལ་བ་དང་བསྟུན། དེ་རིང་ཕྱི་ཚེས་ ༢༤ ཉིན་འཛམ་གླིང་གི་གྲོང་ཁྱེར་དང་ས་ཁུལ་མང་པོའི་ནང་གཞི་རྒྱ་ཆེ་བའི་གོ་ལའི་གནམ་གཤིས་ལས་འགུལ་ (Global Climate Strike) ཆེན་མོ་སྤེལ་བཞིན་པ་ལྟར། བཞུགས་སྒར་དྷ་སའི་ཁུལ་དུའང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་གཙོ་འགན་འཁུར་བའི་འོག ས་གནས་མགོ་འཛིན་ལས་ཁུངས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ ༨ ཐུན་མོང་ནས་དྲ་ཐོག་བརྒྱུད་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་སྤེལ་གྱིན་འདུག

གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་དབྱིན་ཡིག་བསྒྲགས་གཏམ་ནང་། དེ་རིང་འཛམ་གླིང་ཁྱོན་དུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་གོ་ལའི་གནམ་གཤིས་ལས་འགུལ་ནང་མཉམ་ཞུགས་བརྒྱུད་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་ཐད་གོ་རྟོགས་སྤེལ་རྒྱུ་རེད། འཛམ་གླིང་གི་བྱང་སྣེ་དང་ལྷོ་སྣེ་ཞི་བདེ་རྒྱ་མཚོའི་ཁུལ་ལྟར་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་མཐོ་སྒང་འདི་ཡང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་སྔོན་ཐོན་གདོང་ལེན་པ་ཞིག་ཡིན། བོད་མཐོ་སྒང་གི་ཚ་དྲོད་རྒྱས་པའི་སྤྱི་སྙོམས་མྱུར་ཚད་དེ་འཛམ་གླིང་བྱིངས་ལས་ལྡབ་གསུམ་གྱིས་མང་བ་ཡིན་པ་རེད། གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་བོད་མཐོ་སྒང་གི་ཚ་དྲོད་རྒྱས་པ་ཙམ་མ་ཟད། ས་འོག་དར་ཁ་བཞུར་བ་དང་། ཆར་བ་འབབ་སྟངས་ལ་འགྱུར་བ་འགྲོ་བ། ལོ་རེར་བོད་མཐོ་སྒང་གི་འཁྱགས་པ་ཊོན་ཐེར་འབུམ་ ༨ བཞུ་བཞིན་པ་རེད། འདིས་བོད་མི་དང་བོད་ཀྱི་རི་སྐྱེས་སྲོག་ཆགས་དང་སྣོད་བཅུད་མ་ལག་ཙམ་མ་ཡིན་པར། བོད་ཀྱི་ཆུ་མོ་བཞུར་རྒྱུད་དུ་ཆགས་པའི་མི་མང་ཐེར་འབུམ་ ༡།༥ ཡི་འཐུང་ཆུར་དོ་ཕོག་ཐེབས་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

དེ་རིང་གི་གནམ་གཤིས་ལས་འགུལ་གོ་སྒྲིག་བྱེད་མཁན་གྲས་སུ་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཚན་པ། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཡོད་ཅིང་། སྤྱིར་ད་ཐེངས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་དེ་བཞིན་བཞུགས་སྒར་དྷ་སའི་ཁྲོམ་གཞུང་ནང་དངོས་སུ་སྤེལ་རྒྱུ་བྱས་ཡོད་ནའང་། ཉེ་ཆར་དྷ་ས་ཁུལ་དུ་གློ་བུར་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཇེ་མང་དུ་སོང་བའི་རྐྱེན་གྱིས། ལས་འགུལ་དེ་ཉིད་དྲ་ལམ་བརྒྱུད་ནས་མ་འཚོག་ཐབས་མེད་ཆགས་ཡོད་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འབྲེལ་མཐུད་པ་བསྟན་འཛིན་པ་སངས་ལགས་ཀྱིས་འདི་གའི་གསར་འགོད་པར། རྒྱལ་སྤྱིའི་སྟེང་མ་འོངས་པའི་ཆེད་དུ་རེས་གཟའ་པ་སངས་ཀྱི་གནམ་གཤིས་ལས་འགུལ་ (Friday for Future) ཞེས་པའི་ཁོར་ཡུག་ལས་འགུལ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལྟེ་བ་ཇི་ནི་ཝར་གནམ་གཤིས་ཚོགས་ཆེན་ཞིག་འཚོག་གི་ཡོད་པའི་སྟེང་། འཛམ་གླིང་གི་ལྷོ་ཕྱོགས་ཨ་ཧྥེ་རི་ཁ་དང་། ལྷོ་ཨེ་མེ་རི་ཁ། ཞི་བདེ་རྒྱ་མཚོའི་ཁུལ་དང་དེ་དག་ནང་གནས་སྡོད་བྱེད་མཁན་གྱི་མི་མང་རྣམས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་གནོད་འཚེ་ཆེ་ཤོས་ཐེབས་ས་ (MAPA: Most Affeted People and Areas) ལ་ངོས་འཛིན་བྱས་ཏེ། བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་སྐོར་གླེང་སློང་བྱེད་ཀྱི་མེད་པར་བརྟེན། ང་ཚོས་ལས་འགུལ་འདིའི་བརྒྱུད་ནས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དེ་ས་ཁུལ་དེ་དག་དང་འདྲ་བར་ཛ་དྲག་ཡིན་པ་དང་། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་གླེང་སློང་དགོས་པའི་རེ་འདུན་འདོན་གྱི་ཡོད། ཅེས་དང་། དེ་བཞིན་འཚོག་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ནང་བོད་ཀྱི་གཤམ་གཤིས་སྐོར་གླེང་སློང་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་བྱུང་།

གཞན་ཡང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་བསྒྲགས་གཏམ་ནང་། བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་ལ་ཞུམ་པ་མེད་ཀྱང་། ཁོང་ཚོའི་འབོད་སྒྲ་དང་བསམ་ཚུལ་རྣམས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་དང་བྱེད་མུས་རེད། དེར་བརྟེན་བཙན་བྱོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་ཉིད་འཛམ་གླིང་སྡིངས་ཆའི་ཐོག་འདོན་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད། རྒྱ་ནག་གཞུང་གི་བཙན་འཛུལ་ལ་བརྟེན་ནས། བོད་ནང་གི་བོད་མི་ཚོ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་བགྲོ་གླེང་ནང་ཚུད་ཐུབ་ཀྱི་མེད་ནའང་། ཁོང་ཚོ་དཀའ་རྙོག་སེལ་བའི་ཆ་ཤས་ཤིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེ་བ་ཡིན། རྒྱ་ནག་གཞུང་གིས་བོད་ནང་གི་འབྲོག་པ་རྣམས་གནས་སྤོས་བྱེད་པ་དང། བོད་ཁྱོན་ཡོངས་ནང་གློག་འདོན་ཆུ་མཛོད་བརྒྱ་ཕྲག་འཛུགས་སྐྲུན་བྱེད་པ་དང་། གོད་ཆག་དང་གཞི་རྒྱ་ཆེ་བའི་གཏེར་ཁ་སྔོན་འདོན་གྱི་ལས་འཆར་སྤེལ་བཞིན་པ་རེད། འཛམ་གླིང་གི་མི་འབོར་གྱི་ལྔ་ཆའི་གཅིག་གིས་བོད་ནས་བཞུར་བའི་ཆུ་མོར་རྟེན་གྱི་ཡོད་པ་རེད། ཅེས་འཁོད་ཡོད་འདུག

Swedish climate activist Greta Thunberg delivers remarks to campaigners in Washington, DC, on September 13, 2019. She will lead the Global Climate Strike on Friday. Sarah Silbiger/Getty Images

དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིས་མཚོན་པའི་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་དང་ས་ཁུལ་དུ་སྤེལ་བཞིན་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་དེ་ནི་ལོ་འཆར་ཅན་ལྟར་གཞོན་སྐྱེས་ཀྱིས་སྣེ་ཁྲིད་པའི་མ་འོངས་པའི་ཆེད་དུ་རེས་གཟའ་པ་སངས་ཀྱི་གནམ་གཤིས་ལས་འགུལ་ཚོགས་པས་གོ་སྒྲིག་བྱས་པ་ཞིག་ཡིན་ཞིང་། ཚོགས་པ་དེ་ནི་ཐོག་མར་ཕྱི་ལོ་ ༢༠༡༨ ལོར་རང་ལོ་ ༡༥ ལ་སོན་པའི་སི་ཝེ་ཌན་གྱི་སློབ་མ་གྷེ་རེ་ཊ་ཐན་བྷག་ (Greta Thunberg) གྱིས་སློབ་གྲྭ་མ་སོང་བར་ཡུལ་དེའི་གྲོས་ཚོགས་ཁང་གི་མདུན་དུ་མགོ་འཁྲིད་རྣམས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཛ་དྲག་གི་ལས་དོན་སྒྲུབ་དགོས་པའི་རེ་འདུན་འོག་ཁེར་རྐྱང་གི་ལས་འགུལ་སྤེལ་ཡོད་ཅིང་། ཕྱིས་སུ་ཁོང་མོར་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་མ་དང་གཞོན་སྐྱེས་ཇེ་མང་དུ་སོང་སྟེ། མཐར་ཁོང་མོའི་ལས་འགུལ་དེ་ཉིད་འཛམ་གླིང་ཁྱོན་ཡོངས་སུ་གཞོན་སྐྱེས་ཀྱིས་སྣེ་ཁྲིད་པའི་གནམ་གཤིས་འགྱུར་ལྡོག་གི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་ཏུ་གྲུབ་པ་མ་ཟད། ཁོང་མོའི་རེ་འདུན་དང་ལས་འགུལ་ལ་འཛམ་གླིང་མགོ་འཁྲིད་དང་ཚོགས་སྡེ་ཁག་གི་དོ་སྣང་སྔར་ལྷག་བྱེད་མགོ་བརྩམས་ཡོད་པ་རེད།

ད་ལྟ་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚབ་མཚོན་ལས་འགུལ་བར་གྱུར་བའི་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་གིས་སྣེ་ཁྲིད་པའི་ལས་འགུལ་ཚོགས་པ་དེའིི་དམིགས་ཡུལ་ནི། ཁྲིམས་སྒྲིག་བཟོ་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཚན་རིག་པའི་གྲུབ་དོན་ཁག་ལ་གཞིར་བཟུང་སྟེ་གོ་ལའི་ཚ་དྲོད་འཕེལ་བའི་དཀའ་རྙོག་ལ་དུས་བསྟུན་འགོག་རྒོལ་བྱ་རྒྱུར་བཟང་སྤྱོད་ཀྱི་ཐོག་ནས་གནོན་ཤུགས་སྤྲོད་རྒྱུ་དེ་ཡིན་ཞིང་། རེ་འདུན་གཙོ་བོ་ནི་འཛམ་གླིང་གི་ཚ་དྲོད་འཕེལ་ཚད་དེ་ ༡།༥ འོག་ལ་འཇོག་དགོས་པ་དང་། འགྲོ་བ་མི་ཀུན་ལ་གནམ་གཤིས་དྲང་བདེན་དང་འདྲ་མཉམ་ཡོང་དགོས་པ། པེ་རི་སིའི་གནམ་གཤིས་སྤྱི་ཆིངས་ལ་བརྩི་བཀུར་ལག་བསྟར་དགོས་པ། ཚན་རིག་པའི་སྐད་ཆ་ལ་ཉན་འཇོག་དགོས་པ་བཅས་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༣ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese