མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་འཇར་མན་གྱི་ཚན་རིག་པ་གཉིས་ལ་ནོ་སྦེལ་རྫས་འགྱུར་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ནོ་སྦེལ་རྫས་འགྱུར་གཟེངས་རྟགས་དེ་སྨན་བཟོ་སྐྲུན་དང་ནད་རིགས་སོགས་བཅོས་ཐབས་ཐད་ཕན་ཐོགས་ཆེ་བའི་རྫས་འགྱུར་གྱི་ལག་ཆ་གསར་སྐྲུན་བྱས་པའི་ངོས་འཛིན་འོག་ཨ་རི་དང་འཇར་མན་གྱི་རྫས་འགྱུར་བ་གཉིས་ལ་ཐོབ་འདུག

David MacMillan (L) and Benjamin List (R) awarded Nobel Prize for Chemistry 2021

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་སི་ཝེ་ཌན་གྱི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ངོས་ནས་འདི་ལོའི་ནོ་སྦེལ་རྫས་འགྱུར་གཟེངས་རྟགས་དེ། འདུས་རྡུལ་ (Molecule) བཟོ་སྐྲུན་གྱི་རྫས་འགྱུར་ལག་ཆ་ (asymmetirc organocatalysis)  ཚད་ལྡན་ཞིག་གསར་སྐྲུན་བྱས་པའི་ངོས་འཛིན་འོག འཇར་མ་ནིའི་གཙུག་ལག་སློབ་གྲྭ་ཆེན་མོའི་(Max-Planck-Institut für Kohlenforschung)རྫས་འགྱུར་ཚན་རིག་པ་བྷེན་ཇ་མིན་ལི་སིཊ་ (Benjamin List) དང་ཨ་རིའི་པི་རིན་སི་ཊན་གཙུག་ལག་སློབ་གྲྭ་ཆེན་མོའི་རྫས་འགྱུར་ཚན་རིག་པ་སློབ་དཔོན་ཌེ་ཝིཌ་མེག་མི་ལན་(David MacMillan) གཉིས་ལ་འབུལ་རྒྱུའི་གསལ་བསྒྲགས་བྱས་སོང་།

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ནང་། འདུས་རྡུལ་བཟོ་སྐྲུན་བྱ་རྒྱུ་དེ་བྱ་བ་དཀའ་མོ་ཞིག་རེད། སྐུ་ཞབས་བྷེན་ཇ་མིན་ལི་སིཊ་དང་ཌེ་ཝིཌ་མེག་མི་ལན་རྣམ་གཉིས་ཀྱིས་ (organocatalysis) ཞེས་པའི་འདུས་རྡུལ་བཟོ་སྐྲུན་གྱི་སྐུལ་རྫས་(Catalyst) ཚད་དང་ལྡན་པ་བཟོས་པའི་ངོས་འཛིན་འོག་འདི་ལོའི་ནོ་སྦེལ་རྫས་འགྱུར་གཟེངས་འབུལ་རྒྱུའི་ཐག་གཅོད་བྱུང་ཡོད། ཁོང་གཉིས་ཀྱི་ཕྱག་ལས་དེས་སྨན་བཟོ་སྐྲུན་གྱི་ཐད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ཅེས་དང་། འཛམ་གླིང་གི་བཟོ་གྲྭ་མང་པོས་འདུས་རྡུལ་བཟོ་སྐྲུན་གྱི་ནུས་པ་འདི་ལ་བརྟེན་ནས་ཅ་དངོས་ཁྱད་པར་བ་བཟོ་ཐུབ་ཀྱི་ཡོད་པ་མ་ཟད། ནད་རིགས་བཅོས་ཐབས་ཀྱི་ཐད་ལའང་བཀོལ་སྤྱོད་ཆེན་པོ་བྱེད་ཀྱི་ཡོད་སྐོར་བཀོད་འདུག

སྨན་བཟོ་སྐྲུན་པ་རྣམས་ལ་མཚོན་ན་སྐུལ་རྫས་ (Catalyst) ནི་མེད་དུ་མི་རུང་བ་ཞིག་ཡིན་ནའང་། ཚན་རིག་པ་རྣམས་ཀྱིས་དེ་སྔོན་གཞི་རྩའི་ཆ་ནས་ང་ཚོར་སྐུལ་རྫས་ལ་ལྕགས་རིགས་ (metal) དང་སྨིན་རྫས་ (enzyme) ཞེས་རིགས་གཉིས་མ་གཏོགས་མེད་པར་འདོད་ཀྱི་ཡོད། ཡིན་ནའང་ཕྱི་ལོ་ ༢༠༠༠ ལོར་སྐུ་ཞབས་བྷེན་ཇ་མིན་ལི་སིཊ་དང་ཌེ་ཝིཌ་མེག་མི་ལན་གཉིས་ཀྱིས་སྐྱེ་ལྡན་འདུས་རྡུལ་ལས་གྲུབ་པའི་སྐུལ་རྫས་རིགས་གསར་པ་ asymmetric organocatalysis ཞེས་པ་གསར་སྐྲུན་བྱས་ཡོད་པ་རེད། ཁོང་རྣམ་གཉིས་ཀྱི་གྲུབ་འབྲས་དེ་ནི་རྫས་འགྱུར་རིག་པའི་འདུས་རྡུལ་བཟོ་སྐྲུན་ཐད་ཀྱི་དཀྱོག་མཚམས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག

རྫས་འགྱུར་བ་བྷེན་ཇ་མིན་ལི་སིཊ་ནི་ཕྱི་ལོ་ ༡༩༦༨ ལོར་འཇར་མ་ནིའི་གྲོང་ཁྱེར་ཧྥེ་རན་ཧྥར་ཊི་(Frankfurt) དུ་སྐྱེས་ཤིང་། བྷེར་ལིན་གཙུག་ལག་སློབ་གྲྭ་ཆེན་མོ་(Free University in Berlin) ནས་རྫས་འགྱུར་རིག་པའི་ཐོག་རབ་འབྱམས་པའི་བསླབ་པ་ཐོན་ཏེ། ཡུལ་དེའི་གྲོང་ཁྱེར་ཧྥེ་རན་ཧྥར་ཊིའི་གྷོ་ཐེ་གཙུག་ལག་སློབ་གྲྭ་ཆེན་མོ་ ( Goethe University Frankfurt) ནས་འབུམ་རམས་པ་ཐོན། ད་ལྟ་འཇར་མ་ནིའི་ཁོ་ལོན་གཙུག་ལག་སློབ་གྲྭ་ནང་སློབ་དཔོན་གྱི་ལས་འཁུར་ཞུ་མུས་ཐོག་ལྟེ་གནས་ཁང་སྐོར་ཞིག་གི་འགན་འཛིན་དང་ཞིབ་འཇུག་པའི་བྱ་བ་སྒྲུབ་བཞིན་ཡོད་ཅིང་། ཕྱི་ལོ་ ༡༩༩༤ ནས་ད་བར་ཚན་རིག་གི་ངོས་འཛིན་ལག་འཁྱེར་དང་གཟེངས་རྟགས་ཆེ་ཆུང་མི་འདྲ་བར་བཅུ་ཕྲག་སྐོར་ཞིག་ཐོབ་ཡོད་འདུག

རྫས་འགྱུར་བ་སྐུ་ཞབས་ཌེ་ཝིཌ་མེག་མི་ལན་ (David William Cross MacMillan) ནི་ཕྱི་ལོ་ ༡༩༦༨ ལོར་སི་ཀོ་ཊི་ལན་ཌིའི་བྷེལ་ཤིལ་ (Bellshill, Scotland) ཟེར་ས་ཁུལ་དུ་སྐྱེས་ཤིང་། དབྱིན་ཇིའི་གྷེ་ལེ་སི་ཁོ་སློབ་གྲྭ་ཆེན་མོ་ ( University of Glasgow) ནས་རྫས་འགྱུར་རིག་པའི་ཐོག་རམ་འབྱམས་པའི་བསླབ་ཐོན་ཏེ། ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་ཆེན་ནས་འབུམ་རམས་པའི་བསླབ་པ་མཐར་སོན། ད་བར་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་ཕྱག་ལས་གནང་ཡོད་པ་མ་ཟད། རྫས་འགྱུར་ཚན་རིག་སྐོར་གྱི་དུས་དེབ་ Chemical Science ཞེས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་གནང་ཡོད་ལ། ཕྱི་ལོ་ ༢༠༠༦ ནས་བཟུང་ད་བར་ཨ་རིའི་པི་རིན་སི་ཊོན་གཙུག་ལག་སློབ་གྲྭའི་སློབ་དཔོན་གྱི་ཕྱག་ལས་གནང་མུས་ཡིན་པ་རེད། ད་བར་ཁོང་ལ་ཐེངས་འདིའི་ནོ་སྦེལ་གཟེངས་རྟགས་མིན་པའི་ཚན་རིག་གཟེངས་རྟགས་དང་མཚན་མཐོང་བཅུ་ཙམ་ཐོབ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese