མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་བྱམས་སྙིང་རྗེའི་ཉམས་ལེན་དང་ཆོས་ལུགས་ཀྱི་དད་པ་གཉིས་བསྲེ་རྒྱུ་མི་འདུག་གསུངས།

བོད་ཀྱི་དུས་བབ།
༢༠༢༡/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད། བྷར་ཛལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་པཱ་ལ་སི་ཨ་ཐེ་ན་ (Palas Athena) ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྟོང་ལོ་གསར་པར་སེམས་ཀྱི་ཤེས་ཡོན་ (Educating the Heart in the New Millennium) ཞེས་པའི་བརྗོད་གཞིའི་ཐོག་གསུང་ཆོས་དང་དྲི་བར་བཀའ་ལན་བཅས་སྩལ་གནང་སོང་།

སྐབས་དེར་༧གོང་ས་མཆོག་གིས། དེ་རིང་ཁྱེད་རང་ཚོ་ལ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་ཞེ་དྲགས་ཡོད། ང་རང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་སྤྱིར་བཏང་ཀླད་པའི་དབྱིབས་ཆེ་ཆུང་ལ་བལྟས་ན་གླང་ཆེན་ལས་ཆུང་བ་ཡོད་ཀྱང་། འགྲོ་བ་མི་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ཀླད་པ་དང་འབྲེལ་བའི་རྣམ་དཔྱོད་རྨད་དུ་བྱུང་བ་ཡོད་པ་རེད། དེར་བརྟེན་ལོ་ངོ་སྟོང་ཕྲག་གི་རིང་ལ་སངས་རྒྱས་བཅོམ་ལྡན་འདས་གཙོ་བོར་གྱུར་བའི་མཁས་གྲུབ་དང་སྟོན་པ་ལ་སོགས་པ་མིའི་ནང་ལོག་ནས་ཕུལ་དུ་བྱུང་བའི་རྣམ་དཔྱོད་ཅན་མང་པོ་བྱོན་ཡོད་རེད། རྒྱུ་མཚན་ནི་མི་ལ་ཐུན་མོང་མ་ཡིན་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་པའི་དབང་གིས་བྱུང་བ་རེད། གཞི་རྩའི་ང་ཚོ་མི་ལ་ཡོད་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ནི་རླབས་ཆེན་པོ་ཡོད་ཀྱང་། ཤེས་རབ་རྐྱང་པ་ཁོ་ནར་རྩལ་དུ་སྟོན་པ་ལས་དངངས་འཚབ་དང་ཁོང་ཁྲོའི་ཀུན་སློང་གིས་ཤེས་རབ་ཀྱི་གྲོགས་བྱེད་ན། དེ་ལྟ་བུའི་ཤེས་རབ་འདི་བེད་སྤྱོད་ལོག་པ་ཞིག་ལ་སོང་ནས་སྡུག་རྩུབ་ཀྱི་ཉེན་ཁ་མང་པོ་ཡོང་གི་ཡོད་པ་རེད། དེར་བརྟེན་མི་ལ་ཡོད་པའི་རྣམ་དཔྱོད་འདི་སེམས་པ་བཟང་པོ་དང་ངེས་པར་དུ་འབྲེལ་དགོས་པ་ཆགས་ཀྱི་ཡོད་རེད། དེ་ཡང་སོ་སོ་སྒེར་གཅིག་གི་འཕྲོད་བསྟེན་གྱི་ངོས་ནས་ཞུས་ནའང་རིག་པ་ཡག་པོ་ཡོད་པ་ཁོ་ན་ཡིས་འཕྲོད་བསྟེན་ཡག་པོ་ཡོང་བའི་ངེས་པ་མེད། གལ་སྲིད་རྣམ་དཔྱོད་ཡག་པོ་ཡོད་པ་གང་ཞིག་ལ་རྣམ་དཔྱོད་དེ་ཉིད་སེམས་པ་བཟང་པོ་བྱམས་སྙིང་རྗེ་དང་འབྲེལ་བ་ཆགས་ཡོད་ན། སོ་སོའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་གཏོང་རྒྱུ་དེའང་བདེ་སྤྱོད་ཚད་དང་ལྡན་པ་དང་དོན་དང་ལྡན་པ་ཞིག་ལ་གཏང་རྒྱུ་ཡོང་གི་རེད། དེ་ནས་ནང་གི་སེམས་པ་བཟང་པོ་དེ་བྱམས་བརྩེའི་ཉམས་ལེན་ཡོད་པར་བརྟེན། སོ་སོའི་རྒྱུད་ལ་ནང་གི་ཞི་བདེ་བྱུང་ན་སོ་སོའི་ལུས་ཁམས་བདེ་པོ་ཡོང་གི་རེད། དེར་བརྟེན་ལུས་པོའི་བདེ་ཐང་ཐོག་ལ་ནང་གི་བྱམས་པའི་ཉམས་ལེན་ཞེ་དྲགས་ཀྱི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་དག་ནི་ཆོས་ལུགས་ཀྱི་སྐད་ཆ་ཁོ་ན་མིན་པར། དེང་སང་ཚན་རིག་པ་མང་པོ་ཞིག་དང་ལྷག་པར་དུ་ཀླད་པའི་ཚན་རིག་པ་མང་པོས། རིག་པ་གྲུང་པོ་ཡོད་པ་ཁོ་ན་ཡིས་སེམས་ཀྱི་ཞི་བདེ་བསྒྲུབ་ཐུབ་ཀྱི་མི་འདུག དེར་བརྟེན་དེང་སང་ཚན་རིག་པ་དང་ཀླད་པའི་སྨན་པ་ཚོས་ཀྱང་ང་ཚོའི་ནང་གི་སེམས་པ་བཟང་པོ་དགོས་ཀྱི་འདུག་ཟེར་གྱི་ཡོད། མི་ཁ་ཤས་ཀྱི་རྣམ་རྟོག་ལ་བྱམས་སྙིང་རྗེའི་སྐད་ཆ་བཤད་པ་འདི་ཆོས་ལུགས་ཀྱི་སྐད་ཆ་རྐྱང་རྐྱང་རེད་ཟེར་ནས་འབྲི་མཁན་ཡོད་རེད། འོན་ཀྱང་འདི་རྩ་བ་ཉིད་ནས་མ་རེད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཆགས་ཀྱི་ཡོད་པ་དང་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་པའི་ཆ་ནས་མའི་བརྩེ་བ་ལ་བརྟེན་དགོས་དུས། མ་ཡི་བརྩེ་བའི་དབང་གིས་ཕྲུ་གུ་ག་འདྲ་ཡིན་རུང་འཚོ་ཡི་ཡོད་པ་རེད། མའི་བརྩེ་བ་ལ་བརྟེན་ནས་ཕྲུ་གུ་འཚོ་བ་ནི་ཆོས་ལུགས་ཀྱི་སྐད་ཆ་མ་རེད། དེར་བརྟེན་ང་ཚོས་བྱམས་སྙིང་རྗེའི་ཉམས་ལེན་དང་ཆོས་ལུགས་དད་པ་ཟེར་བ་གཉིས་འདྲེས་རྒྱུ་མི་འདུག ཅེས་གསུངས།

༧མགོན་པོ་གང་ཉིད་མཆོག་གིས། སྤྱི་ཚོགས་ལ་བརྟེན་མཁན་གྱི་དུད་འགྲོ་སེམས་ཅན་རིགས་དེ་དག་དུད་འགྲོ་སེམས་ཅན་ཡིན་རུང་དུད་འགྲོ་སེམས་ཅན་བྱེ་བྲག་པ་གཅིག་གི་བདེ་སྡུག་ནི་རང་ཁོངས་སུ་གཏོགས་སའི་སེམས་ཅན་གྱི་སྤྱི་ཚོགས་དེ་ལ་བསྟུན་གྱི་ཡོད་པར་བརྟེན། རང་གི་སྤྱི་ཚོགས་དེ་ལ་གཤའ་མ་དག་པའི་སེམས་ཁུར་དང་བརྩེ་བ་གཅིག་མཚུངས་དུད་འགྲོ་ལའང་ཡོད་རེད། འདི་ནི་ལྷན་སྐྱེས་ཀྱི་རང་བཞིན་ལྟ་བུ་ང་རང་ཚོའི་རང་བཞིན་དང་མཐུན་པའི་སྤྱོད་ཚུལ་ཆགས་པ་ཞིག་དང་ལྟོས་གྲུབ་ཡིན་པའི་ཆ་ནས་བྱམས་དང་བརྩེ་བའི་ཉམས་ལེན་འདི་ང་ཚོའི་སྤྱི་ཚོགས་ལ་དགོས་ཀྱི་ཡོད་པར་བརྟེན། རྣམ་དཔྱོད་དང་བྱམས་སྙིང་རྗེའི་ཉམས་ལེན་དེ་གཉིས་ཟུང་འབྲེལ་དུ་འགྲོ་དགོས་རྒྱུ་ནི་གལ་ཆེན་པོ་ཞེ་དྲགས་རེད། ཅེས་དང་། ལོ་ངོ་བརྒྱ་ཕྲག་ཁ་ཤས་གོང་ནས་མིའི་སྤྱི་ཚོགས་ནང་དུ་ཕན་ཚུན་གསོད་རེས་བཏང་བ་དང་༧གོང་ས་མཆོག་སྐུ་ན་གཞོན་དུས་འཛམ་གླིང་དམག་ཆེན་གཉིས་པ་བརྒྱབ་ཡོད་པ། དེ་བཞིན་ད་ལྟའི་ཆར་མི་མང་པོའི་སེམས་ནང་དུ་དམག་ཆེན་གསུམ་པའང་ཡོང་སྲིད་པའི་དངངས་སྐྲག་ཡོང་གི་ཡོད་པ་ནི་ཤེས་རབ་ཀྱི་མ་འདང་བའི་དཀའ་ངལ་མ་ཡིན་པར་ནང་བསམ་བློར་སྟངས་འཛིན་བྱེད་མ་ཐུབ་པས་ཡིན་སྐོར་དང་། བྱམས་སྙིང་རྗེ་ནི་ཆོས་ལུགས་ཀྱི་སྐད་ཆ་ཙམ་མ་ཡིན་པར་ང་ཚོ་ཚང་མ་སྤྱི་ཚོགས་སེམས་ཅན་ཡིན་པའི་ཆ་ནས། བྱམས་སྙིང་རྗེ་ནི་སྤྱི་ཚོགས་ལ་དགོས་གལ་ཧ་ཅང་ཆེ་སྐོར་གསུངས། 

ཡང་༧སྐུ་ཉིད་མཆོག་གིས། དེང་སང་འགྲོ་བ་མི་ཡོངས་ཀྱིས་སློབ་སྦྱོང་གལ་ཆེན་པོ་ཡིན་པ་རྩིས་ཀྱི་ཡོད་རེད། བྱམས་སྙིང་རྗེའི་ཉམས་ལེན་དང་འབྲེལ་བའི་སློབ་སྦྱོང་འདི་ཤེས་ཡོན་གྱི་སྡེ་ཚན་ནང་ངེས་པར་དུ་གསར་གཏོད་དགོས་ཀྱི་འདུག དེ་ཡང་ཤེས་བྱའི་སྒོ་བརྒྱད་སྤྱོད་པ་ཙམ་མིན་པར་སོ་སོའི་འཕྲོད་བསྟེན་ཡག་པོ་ཡོང་རྒྱུ་དང་མི་སྒེར་གྱི་སེམས་པ་སྐྱིད་པོ་ཡོང་རྒྱུ་སོགས་ལ་བརྟེན་ནས་རང་གང་དུ་སྡོད་སའི་སྤྱི་ཚོགས་དང་། དེ་ནས་རྒྱ་ཆེ་ས་ནས་རྒྱལ་ཁབ་དང་རྒྱལ་སྤྱི་ཟེར་ནས་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་རྒྱུའི་ཁྱད་པར་ཡོང་གི་རེད། ནང་སེམས་སུ་བྱམས་སྙིང་རྗེའི་ཉམས་ལེན་ཡོད་ན་སོ་སོའི་ཅོག་རྩེའེི་མདུན་དུ་མེ་མདའ་ཡོད་རུང་མེ་མདའ་ལ་རྩ་བ་ཉིད་ནས་ལག་པ་འཆང་གི་མ་རེད། དེང་སང་འཛམ་གླིང་འདིའི་ནང་དུ་གོ་མཚོན་བཟོས་པར་དཔལ་འབྱོར་བེད་སྤྱོད་མང་པོ་གཏོང་གི་ཡོད་པ་དེ་དག་ནོར་གྱི་ཡོད་པ་རེད། ད་དུང་རྒྱལ་ཁབ་མང་པོའི་ནང་དུ་སྲུང་སྐྱོབ་ལ་མིང་བཏགས་པའི་དམག་གི་དོན་དུ་འགྲོ་སོང་ཤུགས་ཆེན་པོ་གཏོང་བཞིན་ཡོད་རེད། དེ་འདྲའི་བསམ་བློ་གཏོང་སྟངས་འདི་རྗེས་ལུས་ཐེབས་པ་རེད། ང་ཚོའི་དུས་རབས་འདི་མིང་དོན་མཚུངས་པའི་ཞི་བདེ་དང་ལྡན་པའི་དུས་རབས་ཤིག་ལ་འགྱུར་དགོས་ཀྱི་ཡོད་པར་བརྟེན་གོ་མཚོན་བེད་སྤྱོད་མེད་པ་རེད། དེ་ཡང་སེམས་ནང་དུ་འཇིགས་དངངས་དང་ཁོང་ཁྲོ་ཡོད་པ་དང་། རང་གཅེས་འཛིན་ཁོ་ནའི་བསམ་བློ་གཏོང་མཁན་ཞིག་ལ་གོ་མཚོན་བེེད་སྤྱོད་ཡོད་པ་རེད། འཛམ་གླིང་སྤྱི་ལ་བསམ་བློ་གཏོང་ཐུབ་མཁན་དང་གཅིག་གྱུར་གྱི་འདུ་ཤེས་ཡོད་མཁན། ལྷག་པར་དུ་ཞི་བདེ་འདོད་མཁན་ཡིན་ན་གོ་མཚོན་རྩ་བ་ཉིད་ནས་བེད་སྤྱོད་ཡོད་མ་རེད། དེར་བརྟེན་ཆུང་བྱིས་པའི་དུས་ནས་བྱམས་པའི་སློབ་སྦྱོང་ངེས་པར་དུ་དགོས། དེ་ཡང་རྒྱུན་གཏན་དུ་སློབ་ཚན་བསླབ་པའི་ཐོག་ལ་མི་ཞེ་བདེ་ཅན་བཟོ་རྒྱུའི་སློབ་སྦྱོང་སྤྲོད་ཅིང་། སེམས་ནང་དུ་འཇིགས་སྣང་དང་དངངས་སྐྲག་ཉུང་བ་བཟོས་པའི་དོན་དུ་བྱམས་བརྩེའི་སློབ་སྦྱོང་གི་ཉམས་ལེན་དགོས་ཀྱི་ཡོད་པ་རེད། སློབ་གྲྭའི་སློབ་ཚན་ནང་དུ་བྱམས་བརྩེའི་སློབ་སྟོན་བྱེད་སྐབས་ཆོས་དང་འབྲེལ་བ་མིན་པར་སོ་སོའི་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ནས་ཁྱིམ་ཚང་དང་སྤྱི་ཚོགས་བདེ་སྐྱིད་དང་ལྡན་པ། མཐར་ཐུག་ན་འཛམ་གླིང་ཞི་བདེ་དང་ལྡན་པ་ཡོང་རྒྱུའི་དམིགས་ཡུལ་ཕུགས་ལ་བཞག་སྟེ་དགོས་པ་འདི་སྒྲུབ་པའི་དོན་དུ་བྱམས་བརྩེའི་ཉམས་ལེན་ངེས་པར་དུ་སློབ་དགོས་ཀྱི་ཡོད་པ་རེད། ངོས་ཀྱིས་རྒྱུན་གཏན་དུ་དེ་ལྟར་ཞུས་ཀྱི་ཡོད། འདི་ནི་ཡིད་ཆེས་ཙམ་མིན་པར་རང་རྒྱུད་ལ་བྱམས་སྙིང་རྗེ་ཡོད་ན། སེམས་ནང་དུ་ཞི་བདེ་དང་བདེ་སྐྱིད་ཡོང་རྒྱུ་ནི་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས།

དྲི་བ་དྲིས་ལན་སྐབས་དགེ་རྒན་དང་སྤྱི་ཚོགས་ནང་ལས་འགུལ་སྤེལ་མཁན་ (Prof. Lourdes Alves de Souza) ལགས་ཀྱིས་དྲག་སྤྱོད་དམ་སྡུག་རྩུབ་དང་སྡུག་བསྔལ་གྱི་ཁྲོད་དུ་གནས་བཞིན་པའི་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་སྟངས་གང་འདྲ་ཡོད་སྐོར་དྲིས་པར། ༧གོང་ས་མཆོག་གིས། སྤྱིར་བཏང་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་མི་རིགས་དབྱེ་འབྱེད་ཡོད་ན། དེའི་དབང་གིས་ཁོར་ཡུག་དེའང་བཀྲ་མ་ཤིས་པ་ཞིག་ཏན་ཏན་ཡོད་པ་རེད། དེར་བརྟེན་ང་ཚོ་མི་ཡིན་པ་གཅིག་གྱུར་དང་གོ་ལ་ཆུང་ཆུང་འདིའི་སྒང་ལ་མཉམ་དུ་སྡོད་དགོས་པའི་བསམ་བློའི་འདུ་ཤེས་བཅངས་ནས་ཕན་ཚུན་གཅིག་གྱུར་གྱི་འདུ་ཤེས་ཚང་མས་བཅངས་དགོས་ཀྱི་ཡོད་པ་རེད། དཔེར་ན་ཨབ་གྷ་ནི་སི་ཐན་ (Afghanisthan) དང་ཨ་ཧྥེ་རི་ཀའི་མངའ་སྡེ་ཁ་ཤས་ཤིག་གི་ནང་དུ་གོ་མཚོན་བེད་སྤྱོད་ཞེ་དྲགས་གཏོང་གི་འདུག ནང་གི་ཞེ་བདེ་མེད་པ་དང་ང་ཚོ་དང་ཁོ་ཚོ་ཟེར་ནས་དབྱེ་འབྱེད་ཤུགས་ཆེན་པོ་ཡོང་གི་ཡོད་པར་བརྟེན། ཁོ་རང་ཚོ་ལ་འགྲོ་བ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་དེ་ཁོ་ཚོའི་རྒྱུད་ལ་སྤེལ་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག དུས་ཚོད་འགོར་གྱི་རེད་དེ་མི་སྲིད་པ་མ་རེད། ཅེས་ལམ་སྟོན་གནང་།

མཐའ་དོན་དུ་༧གོང་ས་མཆོག་གིས། དེ་རིང་གི་བརྗོད་གཞི་འདི་ང་རང་ཚོའི་ཉིན་རེའི་མི་ཚེ་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་འདུག  དེར་བརྟེན་ཚང་མས་སོ་སོའི་མི་ཚེའི་ཐོག་ལ་བྱམས་སྙིང་རྗེ་ཉམས་ལེན་གང་ཐུབ་ཐུབ་བྱ་རྒྱུའི་ཐད་ཐུགས་སྣང་མང་ཙམ་གནང་རོགས་གནང་། མི་སུ་འདྲ་ཞིག་ཡིན་རུང་གཉེན་བཤེས་ཀྱི་འདུ་ཤེས་ཡོད་པའི་ཐོག་ནས་བྱམས་སྙིང་རྗེ་ཉམས་ལེན་བྱེད་ཐུབ་ན་རིམ་པས་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་ཡོང་གི་རེད། ང་རང་ཚོས་འཛམ་གླིང་སྤྱིའི་བདེ་སྐྱིད་ཐོག་ལ་བསམ་བློ་གཏོང་གི་ཡོད་པ་རེད་མ་གཏོགས་སོ་སོའི་རྒྱལ་ཁབ་དང་སོ་སོའི་མི་རིགས། སོ་སོའི་ཆོས་ལུགས་བཅས་ཀྱི་བསམ་བློ་མེད་པར་སྤྱི་ལ་ཁྱབ་པའི་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཅེས་བཀའ་སློབ་ལམ་སྟོན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

ཆུ་ཚོད་ ༥ སྔོན་ལ།
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

༢༠༢༥/༠༦/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

༢༠༢༥/༠༦/༢༣
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese