མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མི་འབོར་ས་ཡ་ ༣༤ མ་ཟིན་ཙམ་ཁྱིམ་སྡོད་བཀའ་རྒྱའི་འོག་བཅུག་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་ཨོ་ལིམ་ཕིག་འཚོག་གྲབས་ཡོད་པ་དང་བསྟུན་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཤུགས་ཆེན་བྱུང་གི་ཡོད་སྟབས། རྒྱ་ནག་གཞུང་གིས་མི་མང་གི་སྲོག་སྣང་མེད་དུ་བཞག་སྟེ་ཏོག་ནད་གཅིག་ཀྱང་མེད་པའི་སྲིད་ཇུས་སྔར་ལྷག་དམ་དྲག་གིས་མི་མང་ས་ཡ་ ༣༤ ཙམ་རང་ཁྱིམ་དུ་བཅུག་ཡོད་འདུག


རྒྱ་ནག་གི་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་འཚོག་པར་ཉིན་གྲངས་ ༢༡ ལས་མེད་པའི་སྐབས་འདིར། དེ་རིང་ཨེ་ཕིག་དུས་བབ་ཀྱིས་གནས་ཚུལ་ཞིག་སྤེལ་བའི་ནང་། ཁ་སང་རྒྱ་ནག་ཧྲན་ཞི་གྲོང་ཁྱེར་གྱི་གཞུང་འབྲེལ་ཡིག་ཆ་ཞིག་ཕྱིར་ཤོར་ཏེ། རྒྱ་ནག་གཞུང་གིས། ཧེ་ནན་ཞིང་ཆེན་གྱི་ཡོ་ཀྲའོ་(Yuzhou) དང་ཨན་ཡཱང་(Anyang) གྲོང་ཁྱེར་དང་ཧྲན་ཞིའི་ཞི་ཨན་གྲོང་ཁྱེར་དང་དབུས་ཁྱབ་ཁོངས་འོག་གི་ཐའེ་ཇིན་ (Tianjin) གྲོང་ཁྱེར་བཅས་ཀྱི་མི་མང་ས་ཡ་ཁྱོན་ ༣༤ མ་ཟིན་ཙམ་ལ་ཉིན་རེའི་འཚོ་བར་དཀའ་ངལ་འཕྲད་ཀྱི་ཡོད་མེད་ལ་མ་ལྟོས་པར། ཁྱིམ་སྡོད་བཀའ་རྒྱའི་འོག་བཅུག་དོན་ནི། ཨོ་ལིམ་ཕིག་རྩེད་འགྲན་གྱི་ཆེ་མཐོང་སྲུང་སྐྱོབ་བྱ་རྒྱུ་ཁོ་ན་ཡིན་པ་ལས། རྒྱ་ནག་མི་མང་ནད་ཡམས་དང་འཕྲོད་བསྟེན་གྱི་དཀའ་ངལ་འོག་ནས་སྲུང་སྐྱོབ་བྱ་མིན་པ་གསལ་བོ་བསྟན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

གཞུང་འབྲེལ་ཡིག་ཆ་དེའི་ནང་ཞི་ཨན་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་ཀྲའོ་ཡེ་དི་ (Zhao Yide) ཟེར་བས། ང་ཚོ་ཆེས་ཛ་དྲག་གི་འཐབ་འཛིང་ཞིག་གི་ནང་ཞུགས་ཀྱི་ཡོད་པ་དང་། ཉེན་ཚབས་ཆེ་བའི་རིགས་ཚར་གཅོད་བྱས་ཏེ། ཏོག་དབྱིབས་གཉན་རིམས་འགོག་སྲུང་གི་ལས་དོན་དང་འཐབ་འཛིང་ལ་ཕུལ་དུ་བྱུང་བའི་རྒྱལ་ཁ་ལེན་དགོས། ཞེས་དང་། ཐབས་ཤེས་ཡོད་རྒུ་བཏོན་ནས་ཏོག་དབྱིབས་ཀྱི་སྒྲིག་ཁྲིམས་དང་འགལ་བའི་རིགས་ལ་ཆད་པ་ནན་མོ་གཅོད་དགོས་སྐོར་སོགས་བརྗོད་ཡོད་པ་དང་།  ད་ལྟ་མི་འབོར་ས་ཡ་ ༡༣ ཙམ་ཡོད་པའི་ཞི་ཨན་གྲོང་ཁྱེར་གྱི་མི་མང་ལ་ཉིན་རེའི་ཟས་ལྟོ་འདང་ངེས་མེད་པར་མུ་གེ་དང་། སྨན་བཅོས་དང་རོགས་སྐྱོར་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཚན་པས། ཨོ་ལིམ་ཕིག་དང་རྒྱ་ལོ་གསར་ཚེས་ཀྱི་དུས་ཆེན་གཉིས་ཟེར་བ་དེའི་ཆེད་དུ། ཟས་རིགས་གསོག་འཇོག་བྱ་དགོས་བྱུང་ཡོད་ཅེས་མང་ཚོགས་ལ་གསལ་བསྒྲགས་བྱས་ཡོད།

རྒྱ་ནག་དང་ཐའེ་ཝན་གྱི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ད་ལྟ་ཞི་ཨན་གྲོང་ཁྱེར་གྱི་ཁྱིམ་སྡོད་སྒོ་རྒྱ་བསྡམས་ནས་ཉིན་གྲངས་ ༢༡ འགྲོ་ཡི་ཡོད་པ་དང་། དུས་ཡུན་དེ་དག་གི་རིང་། མི་མང་ལ་ཉིན་རེའི་འཚོ་བའི་དཀའ་ངལ་འཕྲད་དེ། མི་མང་པོ་དྲ་ལམ་དུ་ཐོན་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་དཀའ་ངལ་ཕྱིར་སྟོན་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་ཡི་ཡོད་ལ། ད་སྔ་བར་གྲོང་ཁྱེར་གྱི་སྨན་ཁང་དག་གིས་མི་མང་གི་བདེ་སྡུག་སྣང་མེད་དུ་བཞག་པའི་རྐྱེན་གྱིས། མི་ཞིག་སྙིང་ནད་ཀྱི་རྐྱེན་པས་ཁྲག་རྩ་འགག་རྐྱེན་འོག་འདས་གྲོངས་དང་མངལ་ཆགས་པའི་བུད་མེད་ཞིག་གི་བྱིས་པ་གྲོངས་པ།  དེ་བཞིན་གྱི་ནད་པ་རྣམས་ལ་རྡུང་རྡེག་དང་དྲག་གནོན་ཅི་ཐུབ་གཏོང་གི་ཡོད་ཅིང་། ཉེ་ལམ་མང་ཚོགས་ལ་བཟའ་ཆས་དང་ཉིན་རེའི་འཚོ་བའི་དགོས་མཁོ་འདང་ངེས་མེད་པའི་དཀའ་ངལ་འོག་མི་སྐོར་ཞིག་སྲང་ལམ་དུ་ཐོན་ནས་ཉེན་རྟོག་པ་དང་ཁ་རྩོད་བརྒྱབ་པ་དང་། ཏོག་དབྱིབས་གཉན་རིམས་མཆེད་པ་ནས་སྔར་བྱུང་མ་མྱོང་བའི་ཟིང་ཆ་བྱུང་རྗེས། ད་ལྟ་ཞི་ཨན་གྲོང་ཁྱེར་གྱི་སྲང་ལམ་ཡོངས་སུ། ཉེན་རྟོག་པ་དང་དམག་མི་ཁྲི་ཕྲག་འགྲེམས་འཇོག་གིས། མི་མང་གི་ཚེ་སྲོག་སྣང་མེད་དུ་བཞག་སྟེ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ཏོག་དབྱིབས་གཉན་རིམས་ཀྱི་ཁྱིམ་སྡོད་བཀོད་ཁྱབ་དང་འགལ་བའི་ཉེས་མིང་འོག་མི་གསུམ་ལ་ལོ་ ༤ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ད་ལྟ་རྒྱ་ནག་དབུས་གྲོང་ཁྱེར་ཞི་ཨན་ (Xi’an) ནང་མི་གྲངས་ས་ཡ་ ༡༣ དང་ཨན་ཡཱང་(Anyang) ནང་ས་ཡ་ ༥། དེ་བཞིན། ཡོ་ཀྲའོ་(Yuzhou) ནང་ས་ཡ་ ༡ དང་ཐའེ་ཇིན་ (Tianjin) ནང་ས་ཡ་ ༡༤ བཅས་ཁྱོན་མི་གྲངས་ས་ཡ་ ༣༤ མ་ཟིན་ཙམ་ཁྱིམ་སྡོད་བཀའ་རྒྱའི་འོག་བཅུག་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཐའེ་ཇིན་གྲོང་ཁྱེར་ནང་ངོ་བོ་འགྱུར་བའི་ཨོ་མི་ཁུ་རོན་ཏོག་དབྱིབས་ཐོག་མ་བྱུང་བ་ལ་བརྟེན། ཉིན་དེར་ས་གནས་སྲིད་གཞུང་གིས་ཏོག་དབྱིབས་བརྟག་དཔྱད་གཏོང་མགོ་བརྩམས་པ་དང་བསྟུན་ཕྱེད་ཁྱིམ་སྡོད་བཀའ་རྒྱ་ནས་མགོ་འཛུགས་ཀྱིས་རང་ཁྱིམ་དུ་སྡོད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ཏོག་དབྱིབས་ཀྱི་ཁྱིམ་སྡོད་སྐབས། གྲོང་ཁྱེར་དེ་དག་ནང་བཟའ་ཆས་སོགས་ཉིན་རེའི་འཚོ་བར་དཀའ་ཁག་འཕྲད་བཞིན་པ་ཁག་ལ། ས་གནས་སྲིད་གཞུང་གིས་གོ་སྒྲིག་འོག་ཟས་རིགས་ཅུང་ཙམ་རེ་སྤྲོད་ཀྱི་ཡོད་པ་དང་། བཟའ་ཆས་དེ་དག་ལེན་སྐབས་བརྙན་བླངས་ཏེ། གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་ལུགས་ཀྱི་བསྟོད་པ་འཐེན་དགོས་ཀྱི་ཡོད་པ་མ་ཟད། ཉེ་སྔོན་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་གཱང་ཤི་རང་སྐྱོང་ཁུལ་གྱི་ཅཱང་ཞི་ (Jingxi)གྲོང་ཁྱེར་ནང་ཏོག་དབྱིབས་གཉན་རིམས་ཀྱི་སྒྲིག་ཁྲིམས་དང་འགལ་བའི་ཉེས་མིང་འོག མི་བཅུ་གྲངས་ཤིག་གི་སྐེ་ལ་རང་ཉིད་ཀྱི་པར་བྱང་ཆེན་པོ་རེ་བཏགས་ཏེ་སྲང་ལམ་དུ་ཁྲོམ་སྐོར་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་མི་མང་པོས་རྒྱ་ནག་ནང་རིག་གནས་གསར་བརྗེའི་སྐབས་ཀྱི་ཆབ་སྲིད་རོ་ལངས་བརྒྱབ་ཡོད་སྐོར་དང་། ཡང་ཁག་ཅིག་གིས་ས་གནས་སྲིད་གཞུང་གིས་ར་བསད་ནས་ལུག་འདར་གྱི་འཇུག་གི་ཡོད་སྐོར། དེ་བཞིན། ཁག་ཅིག་གིས་ད་ལྟ་རིག་གནས་གསར་བརྗེའི་སྐབས་ཀྱི་རུ་སྒྲིག་ཁྲོམ་སྐོར་བྱེད་པ་ནི་བཀག་སྡོམ་བྱས་ཟིན་པས། ས་གནས་སྲིད་གཞུང་གིས་དེ་ལྟར་བསྒྲུབས་པ་ནི་ཁྲིམས་འགལ་ཡིན་པ་མ་ཟད། མིའི་བཟང་སྤྱོད་ལས་རྦད་དེ་བརྒལ་ཡོད་པའི་སྐྱོན་བརྗོད་སོགས་བྱས་ཡོད།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཐའེ་ཇིན་གྲོང་ཁྱེར་ནང་ངོ་བོ་འགྱུར་བའི་ཏོག་ནད་བྱུང་བ་དང་དམིགས་བསལ་ཨོ་ལིམ་ཕིག་འཚོག་གྲབས་ཡོད་པའི་སྐབས་སུ་རྒྱ་ནག་ནང་ནད་ཡམས་ཁྱབ་བརྡལ་ཤུགས་ཆེན་བྱུང་གི་ཡོད་པ་དེས། པེ་ཅིན་གྱི་མགོ་ཁྲིད་དག་ལ་ཨོ་ལིམ་ཕིག་འཚོག་ཐུབ་མིན་ཐད་སེམས་འཚབ་བྱུང་གི་ཡོད་སྟབས། དེ་སྔའི་ཏོག་ནད་གཅིག་ཀྱང་མེད་པའི་སྲིད་ཇུས་སྔར་ལྷག་དམ་དྲག་གིས། ཨོ་ལིམ་ཕིག་འཚོག་ཐུབ་ཐབས་སུ་མི་མང་གི་སྲོག་ཀྱང་བློས་གཏོང་བྱེད་ཀྱི་ཡོད་ཀྱང་། དབྱེ་ཞིབ་པ་མང་པོས། རྒྱ་ནག་གིས་ཉི་ཧོང་གི་དབྱར་དུས་ཨོ་ལིམ་ཕིག་ལྟར་འདུ་འཛོམས་མེད་ཅིང་། ཐད་གཏོང་གི་ལམ་ནས་ཨོ་ལིམ་ཕིག་འཚོག་དགོས་པ་ལས་ཐབས་ཤེས་གཞན་མེད་སྐོར་བརྗོད་འདུག་ལ། ད་ལྟ་རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་འཚོག་ཡུལ་རྒྱལ་ས་པེ་ཅིན་གྱི་ཉེ་འཁྲིས་གྲོང་ཁྱེར་ཕལ་ཆེ་བར་དོགས་ཟོན་དང་ཁྱིམ་སྡོད་བཀའ་རྒྱའི་འོག་འཇོག་གི་ཡོད་འདུག

ད་ལྟ་རྒྱ་ནག་ནང་ཉིན་རེ་བཞིན་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཤུགས་ཆེན་བྱུང་བཞིན་ཡོད་པ་དང་བསྟུན། མི་མང་གི་འགྲོ་འདུག་རང་དབང་ལ་ཚད་ལས་བརྒལ་བའི་དམ་དྲག་བྱས་རྐྱེན་འོག མང་ཚོགས་ཁྲོད་ཉིན་རེ་བཞིན་དཀའ་ངལ་གླེང་སློང་བྱེད་མཁན་ཇེ་མང་དུ་འགྲོ་ཡི་ཡོད་པ་རེད་ལ། དེ་རིང་འཛམ་གླིང་གི་ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་བསྡུ་འགོད་བྱེད་པའི་ (worldometers) གསར་ཁང་གི་གནས་ཚུལ་ལྟར་ན། ད་ལྟ་རྒྱ་ནག་ནང་གསར་དུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་བའི་མི་གྲངས་ ༣༤༦༠ ཡོད་པ་དང་། ད་སྔ་བར་མི་གྲངས་ཁྱོན་ ༡༠༤༣༧༩ ལ་ཏོག་དབྱིབས་འགོས་ཁྱབ་བྱུང་བའི་ཁྲོད། མི་གྲངས་ ༩༦༢༨༣ དྲག་སྐྱེད་བྱུང་བ་དང་། མི་གྲངས་ ༤༦༣༦ འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༠ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese