མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་བསོད་ནམས་དབང་མོ་ལགས་སུ་ཨོ་གླིང་གཞུང་གི་ཆེ་བསྟོད་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་བསོད་ནམས་དབང་མོ་ལགས་ཀྱིས་འདས་པའི་ལོ་ངོ་ཉེར་ལྔའི་རིང་ཨོ་གླིང་ནང་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཟེངས་སུ་ཐོན་པ་སྒྲུབ་པའི་ངོས་འཛིན་འོག ཨོ་གླིང་གཞུང་འབྲེལ་གྱི་ཆེ་བསྟོད་གཟེངས་རྟགས་ཤིག་ཐོབ་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨོ་གླིང་རྒྱལ་ཁབ་གསར་དུ་དབུ་བརྙེས་པའི་ཉིན་མོར། སིད་ནེ་གྲོང་ཁྱེར་གྱི་ (Northern Beaches Council) ས་གནས་ལྷན་ཁང་གིས། བོད་རིགས་བུ་མོ་བསོད་ནམས་དབང་མོ་ལགས་ནས་འདས་པའི་ལོ་ངོ་ཉེར་བཞིའི་རིང་། ས་ཁུལ་དེར་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཟེངས་སུ་ཐོན་པ་སྒྲུབ་པར་ངོས་འཛིན་གྱིས། རྒྱལ་ཡོངས་རིང་བཞིན་གྱི་ཆེ་བསྟོད་གཟེངས་ཤིག་ཕུལ་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བསོད་ནམས་དབང་མོ་ལགས་སུ་དེ་འབྲེལ་སྐོར་བཀའ་འདྲི་ཞུས་སྐབས། ང་ལ་འདས་པའི་ལོ་ངོ་ ༢༤ རིང་ཨོ་གླིང་གི་(New South Wales) མངའ་སྡེའི་ནང་གི་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་བྱུང་བ་ལ་བརྟེན་ནས། ད་རེས་བྱང་རྒྱུད་མཚོ་ཁའི་ལྷན་ཚོགས་ཀྱི་ཨོ་གླིང་(Northern Beaches Council Australia Day) ཉིན་མོ་གོ་སྒྲིག་ཚོགས་པས། ང་ལ་གཟེངས་རྟགས་འདི་འདྲ་ཞིག་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། ང་ལ་གཟེངས་རྟགས་འདི་ཐོབ་པར་ཧང་སང་བ་དང་སྤོབས་པའང་སྐྱེས་བྱུང་ལ། གཟེངས་རྟགས་འདི་ཉིད་ང་ཁོ་ན་ཙམ་མིན་པར་ཨོ་གླིང་སྤྱི་དང་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཚང་མར་ཕུལ་བ་ཞིག་ཆགས་ཀྱི་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་གཟེངས་རྟགས་དེ་ཉིད་གཙོ་བོ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དུས་རྒྱུན་བོད་མི་རྣམས་ལ་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་སོགས་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ལག་བསྟར་བྱ་ཆོག་པའི་བཀའ་སློབ་རིན་ཐང་བྲལ་བ་སྩལ་གནང་མཛད་པ་ལ་བརྟེན་ནས་བྱུང་བ་དང་། སིད་ནེ་གཙོ་བྱས་པའི་(New South Wales) མངའ་སྡེའི་བོད་མི་དག་ཁོ་མོའི་ཉིན་རེའི་འཚོ་བའི་ཆ་ཤས་སུ་གྱུར་ཏེ།  རང་ཉིད་ལ་སྤྱི་ཚོགས་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཕུལ་བ། དེ་བཞིན། མོ་རང་ཉིད་ཀྱི་དྲིན་ཆེན་ཕ་མ་གཉིས་ཀྱི་གཙོས་བཟའ་ཟླ་དང་བུ་མོ་གཉིས་བཅས་ཀྱིས། དུས་རྒྱུན་མོ་རང་ལ་སྤྱི་ཚོགས་ཞབས་ཞུའི་འགྲུལ་བཞུད་རིང་མོར་རྒྱབ་སྐྱོར་བླ་མེད་དུ་གནང་བ་སོགས་ལ་བརྟེན་གཟེངས་རྟགས་དེ་ཐོབ་པ་ཡིན་སྟབས། ཀུན་ལ་བཀའ་དྲིན་ཆེ་ཞུ་ཡི་ཡོད་སྐོར་སོགས་བརྗོད་བྱུང་།

བསོད་ནམས་དབང་མོ་ལགས་ཀྱིས། ད་ལྟ་ཨོ་གླིང་གི་(New South Wales) མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་སུ་སེམས་ཁམས་འཕྲོད་བསྟེན་ཆེད་ལས་པའི་བྱ་བ་སྒྲུབ་ཀྱི་ཡོད་ཅིང་། ཁོ་མོས་ད་བར་བོད་མི་གཙོ་བྱས་པའི་ཨོ་གླིང་ནང་གཟེངས་སུ་ཐོན་པའི་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཡོད་པར་བརྟེན། ད་བར་ཁྱོན་ཆེ་བསྟོད་གཟེངས་རྟགས་སུམ་ཅུ་ཡས་མས་ཐོབ་མྱོང་བ་དང་། ད་ལྟ་ཁོང་གིས་གཉེར་བཞིན་པའི་བོད་ཀྱི་གཞོན་སྐྱེས་ཀྱི་ལས་གཞིའི་ནང་ལོ་ན་ ༥ ནས་ ༢༨ བར་གྱི་བོད་རིགས་གཞོན་སྐྱེས་ ༧༠ ལྷག་ཡོད་ཅིང་། ཁོང་གིས་དུས་རྒྱུན་དུ་བོད་རིགས་གཞོན་སྐྱེས་དེ་དག་ལ་སེམས་ཁམས་གཙོ་བྱས་པའི་དཀའ་ཁག་ཅི་ཡོད་ཐད་ལམ་སྟོན་དང་། བོད་རིགས་གཞོན་སྐྱེས་ལས་གྲུབ་པའི་རྐང་སྤོལ་རུ་ཁག་བཙུགས་ཏེ། སྡིངས་ཆ་འདྲ་མིན་སྟེང་མཉམ་ཞུགས་བྱེད་པ་དང་གཞོན་སྐྱེས་ཕན་ཚུན་བར་རིག་གཞུང་གཙོ་བྱས་པའི་བསམ་ཚུལ་བརྗེ་རེས་དང་གྲོགས་པོ་སྒྲིག་པ། དེ་བཞིན། དྲ་ལམ་བརྒྱུད་ཡོ་ག་གམ་རླུང་སྦྱོང་སློབ་འཁྲིད་བྱེད་པ་དང་ཨོ་གླིང་ནང་གསར་དུ་འབྱོར་མཁན་རྣམས་ལ་ལས་ཀ་འཚོལ་བ་སོགས་ཀྱི་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་ཡོད་པ་རེད།

བསོད་ནམས་དབང་མོ་ལགས་ནི་རྒྱ་གར་རྡེ་ར་ལྡུན་དོན་འགྲུབ་གླིང་བོད་མིའི་གཞིས་ཆགས་ནང་སྐྱེས་ཤིང་། རྒྱ་གར་ནང་སློབ་མཐར་སོན་རྗེས་ཨོ་གླིང་དུ་གནས་སྤོར་བྱས་ཏེ། ཕྱི་ལོ་ ༡༩༩༧ ནས་ ༡༩༩༩ བར་ཨོ་གླིང་བོད་རིགས་ཚོགས་པའི་རྒྱུན་ལས་གནང་ཞོར་དུ། འགྲོ་མིའི་བདེ་སྡུག་གི་གནས་བབ་འོག་ཨོ་གླིང་དུ་གཞིས་སྤོར་གནང་མཁན་ཐོག་མའི་གྲས་སྣེ་ལེན་ཞུ་མཁན་ཡིན་པ་དང་། ཕྱི་ལོ་ ༡༩༩༩ ལོར་ཁན་བྷི་ར་རྒྱ་ནག་གཞུང་ཚབ་མདུན་ནས་སིད་ནེ་རྒྱ་ནག་གཞུང་ཚབ་བར་ཉིན་གྲངས་ ༢༣ རིང་བོད་དོན་ཞི་བའི་གོམས་བགྲོད་གནང་མཁན་གྱི་གྲས་ཤིག་ཀྱང་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese