མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔྱིད་གསར་དུས་ཆེན་ལ་ཁ་གཡར་ཏེ་ཆབ་སྲིད་དྲིལ་བསྒྲགས་བྱེད་བཞིན་པར་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

སི་པིན་ནང་རྒྱའི་དཔྱིད་གསར་དུས་ཆེན་གྱི་ཆབ་སྲིད་དྲིལ་བསྒྲགས་ལ་བོད་མི་ཁག་ཅིག་གིས་ངོ་རྒོལ་བྱས་ཡོད་པ་དང་དེ་བཞིན་པེ་ཅིན་ཨོ་རྩེད་འགྲན་ཚོགས་ཀྱི་ཆབ་སྲིད་གཡོ་ཇུས་ལ་ཡིད་ཆེས་དང་ཐད་གཏོང་ལ་ལྟ་ཉན་བྱ་རྒྱུ་མེད་པ་སོགས་ཀྱི་བོད་དོན་ཞི་བའི་གོམ་བགྲོད་ཅིག་ཨོ་གླིང་གནས་མཁར་གསར་ནས་མགོ་འཛུགས་གནང་འདུག

སི་པེན་གྱི་བྷར་སི་ལོ་ན་གྲོང་ཁྱེར་ནང་དཔྱིད་གསར་དུས་ཆེན་གྱི་ཆབ་སྲིད་དྲིལ་བསྒྲགས་ལ་ངོ་རྒོལ་བྱས།

སེ་པན་གྱི་གྲོང་ཁྱེར་བྷར་སི་ལོ་ན་ (Barcelona) ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱའི་དཔྱིད་གསར་དུས་ཆེན་ལ་ཁ་གཡར་ཏེ། གྲོང་ཁྱེར་དེའི་ནང་ཉིན་གྲངས་ ༡༥ རིང་བོད་ཀྱི་གླུ་གཞས་ཞབས་བྲོ་སོགས་ཚུད་པའི་ལས་རིམ་སྣ་ཚོགས་ཤིག་གོ་སྒྲིག་བྱས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣༠ ཉིན་ལས་རིམ་ཐོག་མར་མགོ་འཛུགས་བྱེད་སྐབས་བོད་ཀྱི་གཞས་སྣ་འཁྲབ་སྟོན་ཞེས་པའི་མིང་ཐོག་ནས་འཁྲབ་སྟོན་བྱས་ཏེ་བོད་རྒྱ་ཁུངས་ཡིན་ཚུལ་གྱི་རྣམ་པ་སྟོན་ཐབས་བྱས་ཡོད་པར་བརྟེན། སེ་པན་བོད་རིགས་ཚོགས་པའི་ཚོགས་མི་འགའ་ཡུལ་དངོས་སུ་ཕྱིན་ཏེ་བོད་རྒྱལ་དར་འཕྱར་ནས་ངོ་རྒོལ་སྐད་འབོད་གནང་ཡོད་འདུག

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་འདི་གའི་གསར་འགོད་པར། བོད་ཀྱི་གཞས་སྣ་འཁྲབ་ཀྱི་ཡིན་ལབ་ཡོད་ཀྱང་བོད་ནས་གཞས་འཁྲབ་མཁན་བསླེབས་མེད་པ་དང་། སེ་པན་ནང་ཡོད་པའི་བོད་རིགས་ཚོགས་པ་ཚོས་འཁྲབ་ཀྱི་མེད་པ་རེད། དེར་བརྟེན། སེ་པན་བོད་རིགས་ཚོགས་པའི་ཚོགས་མི་འགའ་ཡུལ་དངོས་སུ་ཕྱིན་ཏེ། བོད་ཀྱི་སྐོར་ལ་ག་རེ་བཤད་ཀྱི་ཡོད་མེད་དང་བོད་ཀྱི་གཞས་སྣ་ག་འདྲ་འཁྲབ་ཀྱི་ཡོད་མེད་ལྟ་བར་ཕྱིན་སྐབས། རྒྱ་གཞས་བཏང་ནས་འཁྲབ་སྟོན་བྱེད་ཀྱི་ཡོད་སྟབས། བོད་རིགས་ཚོགས་པའི་མི་འགའ་དེས་སྡིངས་ཆའི་མདུན་དུ་བོད་ཀྱི་རྒྱལ་དར་འཁྱེར་ཏེ་ངོ་རྒོལ་བྱས་ཡོད་པ་རེད་ལ། སྐབས་དེ་དུས་ལྟ་རྟོག་བྱེད་མཁན་རྒྱ་མི་དེ་དག་ལམ་སེང་ཡོང་སྟེ་བོད་མི་ངོ་རྒོལ་བ་རྣམས་ཕར་ཚུར་འབུད་རྒྱག་བཏང་སྟེ། བོད་ཀྱི་རྒྱལ་དར་དང་ཁ་པར་སོགས་འཕྲོག་པ་སོགས་སྤྱོད་པ་ངན་པོ་ཞེ་དྲགས་བྱས་འདུག  ད་དུང་སྐབས་དེར་བོད་པ་ཚོས་ཚུལ་ལྡན་གྱི་ཐོག་ནས་རྒྱ་མི་ལ་སྐད་ཆ་བཤད་དེ་བོད་པའི་གཞས་འཁྲབ་ཀྱི་ཡིན་ཟེར་ནས་དྲིལ་བསྒྲགས་བྱེད་ཀྱི་འདུག་ཀྱང་། བོད་པའི་གཞས་མིན་པ་དང་འཁྲབ་མཁན་བོད་པ་མེད་ཅིང་། འཁྲབ་ཆས་ནི་བོད་པའི་མ་རེད་ཅེས་སྐད་ཆ་མང་པོ་བཤད་པ་དེ་དག་ཕྱི་རྒྱལ་མི་ཡིས་མཐོང་ཡོད་པ་རེད། ཕྱི་རྒྱལ་མི་མང་པོ་ཞིག་ལྟད་མོ་ལྟ་བར་སླེབས་ཡོད་པས་ཁོང་ཚོས་ང་ཚོར་རྒྱབ་སྐྱོར་གྱི་ཚུལ་དུ་ལག་པ་བརྡབ་པ་དང་བོད་པ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་སྟོན་པ་སོགས་བྱས་ཡོད་འདུག ཅེས་དང་།  ད་ལྟའི་ཆར་མཛད་སྒོ་ཚོགས་དང་འཚོག་བཞིན་ཡོད་པ་རེད་ལ། ཁོ་ཚོས་ཉིན་གྲངས་ ༡༥ རིང་ཡོད་ཟེར་ནས་དྲིལ་བསྒྲགས་བྱེད་ཀྱི་འདུག ང་ཚོས་ལས་རིམ་ལ་ལྟ་གིན་བྱེད་ཀྱི་ཡིན། ལས་རིམ་གྱི་ནང་བོད་པའི་སྐོར་ལ་སྐད་ཆ་བཤད་རྒྱུ་ཡོད་པ་དང་ཚོགས་འདུ་སོགས་འཚོག་འཆར་ཡོད་ན་ང་ཚོ་འགྲོ་ཆོག་གི་ཡོད་པ་རེད། ད་ལྟའི་ཆར་ཉིན་རེའི་ལས་རིམ་ཆ་ཚང་བ་ཤེས་ཀྱི་མེད་པ་རེད། ཅེས་གསུངས་བྱུང་།

ད་ལོར་རྒྱ་ནག་གཞུང་ཚབ་ཁང་གིས་དཔྱིད་གསར་དུས་ཆེན་སྐབས་དམིགས་བསལ་གྱིས་ཉིན་གྲངས་མང་པོར་དྲིལ་བསྒྲགས་བྱེད་བཞིན་ཡོད་པའི་སྐོར་ལ་ཁོང་གིས། ནམ་རྒྱུན་དུ་ཉིན་གྲངས་གཅིག་གི་རིང་རྒྱ་མིའི་ལོ་གསར་བཏང་གི་ཡོད་པ་རེད། འོན་ཀྱང་། ད་ལོ་དམིགས་བསལ་གྱིས་ཉིན་གྲངས་ ༡༥ རིང་གྲོང་ཁྱེར་དེའི་ས་གནས་གལ་ཆེན་པོ་དེར་ལོ་གསར་གཏོང་གི་འདུག དེ་ཡང་ད་ལོ་རྒྱ་ནག་གིས་དམིགས་བསལ་གྱིས་གཞུང་ལ་ཆོག་མཆན་ཞུས་པ་དང་གཙོ་བོ་རྒྱ་ནག་གཞུང་ཚབ་རང་གིས་གྲ་སྒྲིག་བྱས་འདུག དེའི་དམིགས་ཡུལ་གཙོ་བོ་ནི་དྲིལ་བསྒྲགས་ཀྱི་ཆེད་དུ་རེད་འདུག ཁོ་ཚོས་སྐད་ཆ་བཤད་པ་དང་གཞས་སྣ་འཁྲབ་སྟོན། རྒྱ་ནག་གི་ཁ་ལག་དང་ཅ་ལག་བཙོང་པ་སོགས་བྱེད་བཞིན་འདུག དེའི་སྒང་ལ་ཉིན་གཉིས་གསུམ་གྱི་རྗེས་སུ་རྒྱ་ནག་ཏུ་དགུན་ཁའི་ཨོ་ལིམ་ཕིག་རྩེ་རྒྱུ་ཡིན་པས། ཨོ་ལིམ་པིག་དྲིལ་བསྒྲགས་བྱེད་པར་ཕྱི་རྒྱལ་མི་མང་དེ་ཚོ་མགོ་སྐོར་གཏོང་གི་འདུག ཁོ་རང་ཚོའི་དམིགས་ཡུལ་ནི་ཨོ་ལིམ་པིག་ཁྱབ་བསྒྲགས་ཆེན་པོ་བྱ་ཐུབ་རྒྱུ་དང་བོད་དེ་རྒྱའི་ཁུངས་ཡིན་པ་གསལ་སྟོན་བྱ་རྒྱུ་དེ་རེད་འདུག གང་ཡིན་ཟེར་ན། ལོ་གསར་སྲུང་གཙི་སྒོ་འབྱེད་ཀྱི་ཉིན་མོར། ཐོག་མ་ནས་བོད་ཀྱི་གཞས་སྣ་གཟིགས་འབུལ་ཞུ་ཡི་ཡིན་ཞེས་བྲིས་འདུག བོད་ཀྱི་གཞས་སྣ་འཁྲབ་ཀྱི་ཡིན་ཟེར་དུས་བོད་དེ་རྒྱ་མིའི་ནང་ལོགས་ལ་ཡོད་པ་དང་རྒྱ་མིའི་ཡིན་པ་སྟོན་རྒྱུའི་ཆེད་དུ་དེ་ལྟར་བརྗོད་པ་རེད། འོན་ཀྱང་། ང་ཚོ་ཚོགས་འདུའི་ནང་ཕྱིན་མེད་པས་སྐབས་དེར་བོད་དེ་རྒྱ་ཁུངས་ཡིན་པ་བཤད་ཡོད་མེད་ང་ཚོས་ཤེས་ཀྱི་མེད། ལས་རིམ་སྒོ་འབྱེད་སྐབས་སེང་གེ་དང་འབྲུག་འཁྲབ་པ། དེ་བཞིན་རྒྱ་གཞས་འཁྲབ་པ་དང་རྒྱའི་དྲག་རྩལ་ (Taiji) དང་ (Kungfu) ལ་སོགས་འཁྲབ་འདུག ཅེས་གསུངས་བྱུང་།

ཨོ་གླིང་གནས་མཁར་གསར་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཉིན་ལྔ་ཡི་བོད་དོན་ཞི་བའི་གོམ་བགྲོད་མགོ་འཛུགས་བྱས།

གཞན་ཡང་། ཨོ་གླིང་གི་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག དེ་རིང་ནས་ཉིན་གྲངས་ ༥ ཡི་རིང་གནས་མཁར་གསར་ནས་སིཌ་ནེ་གྲོང་ཁྱེར་བར་སྤྱི་ལེ་ ༡༦༤ ཙམ་གྱི་བོད་དོན་ཞི་བའི་གོམ་བགྲོད་ཅིག་མགོ་འཛུགས་གནང་སྟེ། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མུས་ཡིན་པར་སྐྱོན་བརྗོད་དང་། རྒྱ་ནག་གི་དགུན་ཁའི་ཨོ་རྩེད་འགྲན་ཚོགས་ཕྱིར་འཐེན་དགོས་པ། དེ་བཞིན། ཉེ་ལམ་བྲག་མགོར་རྒྱ་ནག་གཞུང་གིས་སངས་རྒྱས་ཀྱི་སྐུ་བརྙན་དང་མ་ཎི་ལག་འཁོར་སོགས་གཏོར་བཤིག་བཏང་ཡོད་པ་སོགས་ལ་ངོ་རྒོལ་ལས་འགུལ་རྒྱུ་ཡིན་འདུག

ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་བྲོ་ལགས་ཀྱིས། ལུས་རྩལ་བ་དང་རྩེད་འགྲན་གོ་སྒྲིག་བྱེད་མཁན། དེ་བཞིན་རང་ཁྱིམ་ནས་བརྙན་འཕྲིན་བརྒྱུད་རྒྱ་ནག་ནང་གི་ཨོ་རྩེད་འགྲན་ཚོགས་ལ་ལྟ་མཁན་ཚོས། རྒྱ་ནག་གཞུང་ལ་ཡིད་ཆེས་བྱ་རྒྱུ་མེད། རྒྱ་ནག་གཞུང་གིས་བོད་ནང་གི་དགོན་པ་ཁག་དང་ལྷ་སྐུ་སོགས་གཏོར་བཤིག་དང་བོད་མི་རྣམས་ལ་དྲག་གནོན་བྱེད་ཀྱིན་ཡོད་སྟབས། ད་རེས་ཀྱི་ཨོ་ལིམ་པིག་རྩེད་འགྲན་འཚོགས་ཏེ་ཞི་བདེ་ཡོང་རྒྱུ་ཞིག་གཏན་ནས་མེད། ཅེས་བརྗོད་ཡོད་པ་དང་། ཕྱི་ཟླ་ ༢ ཚེས་ ༤ སྟེ། རྒྱ་ནག་ནང་ཨོ་ལིམ་ཕིག་མགོ་འཛུགས་ཀྱི་ཉིན་མོར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་སིཌ་ནེ་གྲོང་ཁྱེར་གྱི་ (Martin Place)ཞེས་པའི་ས་ཚིགས་ནས་མཇུག་སྒྲིལ་རྒྱུ་ཡིན་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ།

ཡང་ཁ་སང་སྦེལ་འཇམ་གྱི་གྲོང་ཁྱེར་  (Diksmuide) ནང་ཡོད་ཅིང་ལོ་རྒྱུས་ཀྱི་དྲན་རྟེན་ལྕོག་མཁར་ (Yser Towers) སྟེང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་བོད་མི་མང་པོ་ས་ཁུལ་དེར་འཛོམས་ཏེ། བོད་ལ་རང་དབང་དགོས་པ་དང་རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་ཡོད་པའི་སྐད་འབོད་དང་ལས་འགུལ་སྤེལ་ཡོད་པ་དང་།  ཡུ་རོབ་ཀྱི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ནག་གཞུང་ཚབ་མདུན་དུ། བོད་དོན་རྒྱལ་སྐྱོར་བ་ཁག་ཅིག་གིས་ཞི་ཅིན་ཕིན་དམར་ཧྲང་ཡིན་པའི་འདྲ་འབག་བཟོས་ཏེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་དང་སྦྲགས་ཨོ་ལིམ་ཕིག་རྩེད་འགྲན་མཚམས་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། གཞན་ཡང་ཨ་རི་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གང་སར་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་མུས་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

སྐར་མ ༥ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese