མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་ཀ་ལ་པིང་ཀ་ཞིག་བདེ་བར་གཟིམས།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ངས་སྣང་བ་ཅི་ཡང་མ་བཏང་བར་རྒྱ་གར་གྱི་སྤྱི་སྤྱོད་རླངས་འཁོར་དང་མུ་འབྲེལ་གློག་བརྙན། ད་དུང་ལམ་འགྲམ་གྱི་ལྷ་ཁང་ཆུང་ཆུང་སོགས་ནས་དུས་རྒྱུན་གོ་འདུག་པའི་གླུ་སྐད་སྙན་མོ་དེ། མི་མོ་ཞིག་གིས་བླངས་བ་ཡིན་ནམ།

དཔལ་ལྡན། དུས་བབ་གསར་འགོད་པ།

 མི་ལོ་བདུན་ཅུ་ལྷག་གི་རིང་རྒྱ་གར་གྱི་གློག་བརྙན་མང་པོ་ཞིག་ལ་སྐད་ངག་སྙན་མོའི་མཛེས་རྒྱན་སྐྲུན་མཁན་གྱི་རྒྱ་གར་གྱི་གཞས་མ་གྲགས་ཅན་ལ་ཊ་མ་གྷེ་ཤི་ཀར་( lata Mageshkar ) ལགས། ཏོག་དབྱིབས་རིམས་ནད་འགོས་ཏེ་ཉིན་གྲངས་ ༢༨ རྗེས་ཏེ། དགུང་ལོ་ ༩༢ སྟེང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་གར་གྲོང་ཁྱེར་མོམ་བྷཡེ་རུ་འདས་གྲོངས་སུ་ཕྱིན་ཡོད་སྟབས། རྒྱ་གར་གྱི་སྲིད་བློན་མོ་ཏི་གཙོས་ཁོང་མོའི་སྐད་ངག་སྙན་མོ་ལ་དགའ་མགུ་བྱེད་མཁན་གྱི་མི་མང་ཁྲི་ཕྲག་མང་པོས་མྱ་ངན་དང་། ཁོང་མོས་མི་ཚེ་གང་བོར་སྒྱུ་རྩལ་དང་རོལ་དབྱངས་ཀྱི་རྣམ་ཤེས་ལ་བསྟིམས་པའི་བཞུད་ལམ་རིང་མོར་རྗེས་དྲན་དང་ཡི་རངས་ཀྱི་མེ་ཏོག་འབུལ་བཞིན་འདུག

གཞས་མ་ཁོང་ནི་ཕྱི་ལོ ༡༩༢༩ ཕྱི་ཟླ ༩ ཚེས ༢༨ ཉིན་རྒྱ་གར་མ་ཧ་ར་ཤི་ཊའི་བྲམ་ཟེའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོང་གི་ཕ་ (Mangeshkar) ནི་རྒྱ་གར་གྱི་སྲོལ་རྒྱུན་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ་ཞིག་ཡིན་ཞིང་།  ཁོང་མོས་ཨ་ཡེའམ་རྨོ་རྨོ་ཡི་དྲུང་ནས་དམངས་གླུ་བསླབས་ཡོད་པ་མ་ཟད།  ཁོང་མོ་ཉིན་གཅིག་མ་གཏོགས་སློབ་གྲྭར་འགྲོ་མྱོང་མེད་ཅིང་། ཁོང་མོ་སློབ་གྲྭར་བསྐྱོད་པའི་ཉིན་དང་པོ་དེར་རང་གི་གཅུང་མོ་ཡང་སློབ་གྲྭར་ཁྲིད་ཡོད་པ་དང་། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ཁོང་མོས་སློབ་གྲོགས་གཞན་རྣམས་ལ་གླུ་གཞས་ལེན་སྟངས་སློབ་ཁྲིད་བྱེད་ཀྱི་ཡོད་སྟབས། མུ་མཐུད་སློབ་གྲྭར་འགྲོ་བའི་གོ་སྐབས་དེ་མེད་པར་གྱུར།

Lata mangeshkar and her sister Asha Mangeshkar

ལ་ཊ་ལགས་རང་ལོ་ལྔའི་ཐོག་ཕ་ཡི་དྲུང་ནས་ཆེས་ཐོག་མའི་རོལ་དབྱངས་ཀྱི་སློབ་ཚན་ལ་མཉན་ཏེ། རང་གི་ཕ་དང་མཉམ་དུ་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ་རུ་སྐྱོད་མགོ་བརྩམས། འོན་ཀྱང་། ལས་རླུང་བཙན་པོ་ཞིག་དལ་གྱིས་ལྡང་ནས་ཁོང་མོ་རང་ལོ་བཅུ་གསུམ་ཐོག་རང་གི་ཆེས་ཐོག་མའི་གླུ་གཞས་སྒྱུ་རྩལ་གྱི་སློབ་དཔོན་དུ་འབོད་པའི་པཱ་ལགས་ལ་སྙིང་ནད་ཕོག་ནས་མི་ཡུལ་འདི་ནས་གཏན་དུ་གྱེས། འོན་ཀྱང་། པཱ་ལགས་ཀྱི་གྲོགས་པོ་ཞིག་གིས་ཁོར་མོར་བདག་ཉར་དང་གཅེས་སྐྱོང་བྱས་ཏེ། མོའི་ཕུགས་རེ་བཞིན་གླུ་གཞས་དང་འཁྲབ་སྟོན་པའི་ལས་རིགས་སུ་ཞུགས་པར་རོགས་འདེགས་བྱས།

ཁོང་མོར་སྤུན་མཆེད་བུ་གཅིག་དང་བུ་མོ་གསུམ་ཡོད་པ་ཚང་མ་གཞས་པ་གཞས་མ་སྐད་གྲགས་ཅན་རེ་ཡིན་པ་མ་ཟད། མོའི་སྤུན་མཆེད་མ་ཨ་ཤཱ་ནི་ཁོང་མོ་དང་འདྲ་བར་རྒྱ་གར་ནང་གཞས་མ་སྙན་གྲགས་ཤིག་ཡིན་ལ།  ཁོང་བུ་མོ་སྤུན་གཉིས་ཆུང་དུས་ནས་བརྩེ་བ་ཟབ་ཅིང་གླུ་གཞས་ཀྱི་སྡིངས་ཆ་མང་པོར་མཉམ་ཞུགས་བྱས། གཞས་མ་གྲགས་ཅན་ལ་ཊ་ལགས་སྐྱེས་གཟུགས་མཛེས་བོ་དེ་ཙམ་མེད་ཀྱང་འཛུམ་གྱིས་ཁེངས་བའི་གདོང་དང་། ཁོང་མོའི་སྙན་ཞིང་འཇེབས་པའི་གླུ་སྐད་ཀྱིས་སྐྱེས་ཕོ་ཁྲི་སྟོང་གི་སེམས་པ་བཀུག་ཡོད་ངེས། འོན་ཀྱང་། ཁོང་མོའི་མི་ཚེ་གང་བོར་གཏན་ནས་གཉེན་སྒྲིག་མ་བྱས།

ཕྱི་ལོ་ ༡༩༤༠ ལོར་ལ་ཊ་ལགས་རྒྱ་གར་གྱི་གློག་བརྙན་ཚན་པ་གྲགས་ཅན་བྷོ་ལི་ཝུ་ཌིར་ ( Bollywood)ནང་ཐོག་མར་འཛུལ་ཞུགས་བྱས་ཡོད་ཀྱང་། སྐབས་དེར་ཁོ་མོའི་སྐད་ངག་ཕྲ་བ་དང་རྣ་སྐད་སོགས་བརྒྱབ་ཀྱི་ཡོད་སྐོར་བརྗོད་དེ། རྒྱ་གར་གློག་བརྙན་ཁ་ཤས་ཀྱིས་ངོས་ལེན་མ་བྱས་ཀྱང་། ཁོང་མོར་ཧིན་དྷི་དང་མ་རཱ་ཐིའི་གློག་བརྙན་བརྒྱད་ཙམ་གྱི་ནང་དུ་འཁྲབ་སྟོན་བྱ་རྒྱུའི་གོ་སྐབས་བྱུང་སྟེ། ཕྱི་ལོ་ ༡༩༤༢ ལོར་མོས་མ་རཱ་ཐིའི་གློག་བརྙན་ཞིག་ཏུ་གཞས་གཏོང་བའི་གོ་སྐབས་ཐོག་མ་དེ་ཐོབ་ཡོད་ཀྱང་།  རྒྱུ་མཚན་གང་ཡིན་མ་ངེས་པར་གློག་བརྙན་སྒྲིག་སྦྱོར་བྱེད་སྐབས་ཁོང་མོས་བླངས་པའི་གླུ་གཞས་དེ་མེད་པར་བཟོས།  དེ་ནས་ཕྱི་ལོ་ ༡༩༤༣ ལོར་ལྷ་ཆེན་ལགས། བྱིས་པ་ཞིག་གི་མི་ཚེ་འགྱུར་རོགས་མཛོད་ ( Mata Ek Sapoot Ki Duniya Badal De Tu) ཅེས་པའི་ཧིན་དྷི་གླུ་གཞས་ཤིག་བླངས་རྗེས་དགའ་མོས་བྱེད་མཁན་མང་པོ་བྱུང་།  ཕྱི་ལོ ༡༩༤༥ ལོར་རྒྱ་གར་གྲོང་ཁྱེར་མོམ་བྷེ་རུ་གནས་སྤོར་བྱས་ཏེ། ཕྱི་ལོ་ ༡༩༤༨ ལོར་ཁོང་མོ་རྒྱ་གར་གྱི་རོལ་དབྱངས་རྩོམ་པ་པོ་གྲགས་ཅན་གྷུ་ལམ་ཧེ་དྷར ( Gulam Haider) ལྷན་དུ་( Majboor )  ཞེས་པའི་གློག་བརྙན་ཞིག་གི་ནང་རམ་འདེགས་གླུ་གཞས་བཏང་རྗེས་སྐད་གྲགས་ཆེན་པོ་ཕྱིན།  ཕྱི་ལོ་ ༡༩༤༩ ལོར་རྒྱ་གར་གློག་བརྙན་ཕོ་བྲང་ (  Mahal) དང་སྙིང་ཉེ། (Dulari ) ཆར་པ།  (Barsaat) ཆ་ལུགས་ ( Andaz) སོགས་ཀྱི་ནང་རམ་འདེགས་གླུ་གཞས་(Playback song ) བླངས་ཏེ། ཁོང་མོའི་སྐད་ངག་སྙན་མོར་ལང་ཚོའི་གསོན་མདངས་འཕར་མ་ཞིག་སྩལ་ཏེ་ལྟ་ཉན་བྱེད་མཁན་ཆེས་མང་ཤོས་བྱུང་། དུས་དེ་ནས་བཟུང་ཁོང་མོའི་གླུ་གཞས་དེ་དག་གིས་རྒྱ་ཆེའི་མང་ཚོགས་ལ་བག་ཆགས་ཟབ་མོ་བཞག

ཕྱི་ལོ་ ༡༩༨༠ ཙམ་ནས་ཁོང་མོ་ཆེས་སྐད་གྲགས་ཅན་གྱི་གཞས་མ་ཞིག་ཏུ་གྱུར་ཏེ། གློག་བརྙན་བཟོ་སྐྲུན་པ་སོགས་དང་མཉམ་འབྲེལ་གྱིས། ཕྱི་ལོ་ ༢༠༡༡ བར་གླུ་གཞས་སྒྱུ་རྩལ་གྱི་ཞིང་ཁམས་སུ་མི་ཚེ་ཧྲིལ་པོ་བསྐྱལ་ཏེ། རྒྱ་གར་གྱི་གླུ་གཞས་སྒྱུ་རྩལ་ཐད་བྱས་རྗེས་རླབས་ཆེན་བཞག་ཡོད་ལ། མི་རབས་འགའ་ཡི་གླུ་གཞས་སྒྱུ་རྩལ་བ་ཚོས་ཁོང་མོའི་གཞོན་ཉམས་ཀྱིས་ཕྱུག་པའི་གླུ་སྐད་སྙན་མོ་དེར་དགའ་མོས་ཆེན་པོ་བྱེད་བཞིན་པ་ལྟར། ཀ་ལ་པིང་ཀ་དང་། སྟོང་ལོ་གསར་པའི་གླུ་སྐད། རོལ་དབྱངས་ཀྱི་སྲས་མོ་སོགས་ཀྱི་མཚན་སྙན་ཐོགས་ཡོད་ལ། དེང་སང་ཡང་རྒྱ་གར་བའི་མི་བུ་ཆེ་འབྲིང་ཆུང་གསུམ་གྱི་སྨྲ་ལྕེར་ཁོང་མོས་ཕྱི་ལོ་༡༩༩༥ བླངས་པའི་ང་ཡི་སྙིང་ཉེ་འཁྲིད་འགྲོ་ཡི་ཡིན ( Dilwale Dulhania Le Jayenge ) དང་སེམས་འདི་སྨྱོན་པ་རེད ( Dil to Pagal hai )  ཝིར་ཛྷ་ར་( Veer Zaara ) སོགས་གསོན་པོར་གནས་ཡོད་པ་རེད།

ཁོང་མོར་རྒྱ་གར་གྱི་ཆེས་སྙན་གྲགས་ཆེ་བའི་བྷ་ར་ཐི་རཐཱི་ན་( Barat Ratna ) དང་པདྨ་བྷུ་ཤན་ ( Padma  Bhushan ) པདྨ་ཝི་བྷུ་ཤན་ ( Padma  Vibhushan ) སོགས་ཀྱི་ཆེས་མཐོའི་གཟེངས་བསྟོད་བྱ་དགའ་མང་པོ་ཐོབ་མྱོང་ཡོད་པ་དང་། དེ་བཞིན་ཁོང་མོར་རྒྱ་གར་གློག་བརྙན་གཟེངས་རྟགས ( National film award ) སོགས་ཚུད་པའི་གཟེངས་བསྟོད་བྱ་དགའ་བཞི་བཅུ་ཙམ་ཐོབ་མྱོང་འདུག་ལ། ཁོང་མོས་མི་ལོ་ཉེར་དྲུག་རིང་ལ་སྐད་རིགས་མི་འདྲ་བ་སོ་དྲུག་གི་ཐོག་ནས་གླུ་གཞས་མི་འདྲ་བ་ ༣༠༠༠༠ ཙམ་བླངས་ཏེ་འཛམ་གླིང་གི་གླུ་གཞས་གྲངས་འབོར་གྱི་ཟིན་ཐོ་གསར་པ་བསྐྲུན་ཏེ་( Guinness book of Records) ནང་ཚུད།

དུས་རབས་ཉི་ཤུ་བའི་རྒྱ་གར་གྱི་གླུ་གཞས་སྒྱུ་རྩལ་གྱི་ཚབ་མཚོན་མི་སྣ་ཞིག་གི་ཚེ་སྲོག་གི་རྒྱུ་བ་ག་ལེར་ཆད་དུས། ཁོ་མོའི་གླུ་སྐད་དང་ལྷན་དུ་འཚར་ཞིང་དགའ་སྐྱོ་ཆགས་སྡང་གི་ཚོར་བས་བཟི་བའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་དང་གླུ་གཞས་སྒྱུ་རྩལ་བ། དེ་བཞིན་གླུ་གཞས་ཀྱི་དབྱངས་ལ་འཐིམས་པའི་རྒྱ་གར་གྱི་ཆབ་སྲིད་པ་དང་མང་ཚོགས་བཅས་ཀྱིས་སེམས་པ་སྟོང་ལྷང་ལྷང་ཞིག་གིས་ཁོང་མོའི་སྐད་ངག་ཁྲོད་ནས་ཕྱིར་དྲན་བྱེད་བཞིན་འདུག མྱ་ངན་བྱེད་བཞིན་འདུག “འདས་མོ་ཁྱེད་གླུ་སྐད་དང་ལྷན་དུ་དབྱངས་ལ་འཐིམས་ཡང་། དབྱངས་རྟ་སྙན་མོའི་ཁྲོད་ནས་ང་ཚོ་དུས་གཏན་དུ་ཁྱེད་དང་འགྲོགས་ངེས་ཡིན།”སྐད་ཆ་འདི་དེང་སང་རྒྱ་གར་གྱི་སྤྱི་ཚོགས་དྲ་ལམ་སོགས་སུ་ཁྱབ་པའི་འདས་མོ་ཁོང་ལ་ཆེས་མཐའ་མའི་བདེ་མོ་འཇོག་སྟངས་ཤིག་རེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. ཨ་མདོ་སྐྱབས། says:
    ལོ་ 5 སྔོན།

    གྲོགས་དཔལ་ལྡན་ལགས་ཀྱི་ཚིག་འགྲོས་དང་སྡེབ་སྦྱོར་སོགས་ཕུན་སུམ་ཚོགས་པ་རེད་འདུག གསར་འགོད་པ་ཞིག་ཡིན་དུས་ནམ་རྒྱུན་ནས་མང་པོ་ཞིག་སྐད་ཡིག་གཞན་ནས་ཕབ་སྒྱུར་བྱེད་དགོས་སྟབས་རང་གི་ཚིག་འགྲོས་དེ་ག་ལེར་བརླག་བཞིན་པ་ལྟ་བུ་ཞིག་ཡིན་ཡང་། སྐུ་ཉིད་ཀྱིས་བྲིས་པའི་ཐེངས་འདིའི་གསར་འགྱུར་འདིར་བརྗོད་བྱ་དང་བརྗོད་བྱེད་གང་གི་ཆ་ནས་ཀྱང་བཙན་བྱོལ་ནང་གི་གསར་འགོད་པ་རྣམས་ཀྱི་མིག་དཔེར་འོས་བ་ཞིག་བྱུང་ཡོད་པའི་ཚོར་བ་བྱུང་སོང་། ན་སོ་གཞོན་ལ་རྣམ་རིག་བཀྲ་བའི་གྲོགས་པོ་ཁྱེད་ཀྱི་རྩོམ་རྩལ་ལ་མངོན་པར་བསྟོད་དོ།

    Reply
  2. སངས་རྒྱས་དར་བ། says:
    ལོ་ 5 སྔོན།

    བོད་ཀྱི་དུས་བབ་ཀྱི་ཚག་ཤོག་འདི་སྐད་ཡིག་གི་རྨང་གཞི་དང་ནང་དོན་ཕྱོགས་གང་ཐད་ནས་ཡིན་ན། སྤུས་ཀ་ཆེ་ཤོས་ཀྱི་བོད་ཡིག་ཚག་ཤོག་གྲལ་དུ་ཚུད་ཐུབ་པས། དེ་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རང་ཡོད། ཡིན་ཡང་བོད་ཀྱི་ཚག་ཤོག་རེ་ཟུང་གིས་གསར་འགྱུར་འབྲི་དུས་སློབ་ཆུང་ཞིག་གི་ཕྲུག་གུ་བཞིན་དུ་ཚིག་གྲུབ་ཁ་ཤས་ཙམ་འབྲི་ཐུབ་སོང་ན་འགྲིག་གི་ཡོད་པའི་ཟོ་འདྲ་བོ་འདུག ཁོ་ཚོས་ག་རེ་བྱས་ནས་ཚིག་གྲུབ་ཅུང་མང་ཙམ་ཞིག་མི་འབྲི་པ་ཡིན་ནམ་བསམ་པའི་ཚོར་བ་ཞིག་ང་ལ་བྱུང་མྱོང་། རྒྱུ་མཚན་ནི་ཁོ་ཚོས་ཡིག་ནོར་ཤོར་བ་དང་ཡང་ན་གཞན་གྱིས་སྐྱོན་བརྗོད་ལ་དོགས་ཀྱི་ཡོད་པ་འདྲ་བསམ་བྱུང་།
    གལ་ཏེ་དེ་འདྲ་ཡིན་ན། དེ་ནི་ནོར་འཁྲུལ་ཆེན་པོ་བཟོ་ཡི་ཡོད་པ་མ་ཟད། ཆེས་སྐྱོ་འོས་པའི་འཚོ་བ་རོལ་སྟངས་ཤིག་ཀྱང་རེད་བསམ་སོང་ངོ་།། དགོངས་དག་ཞུ། ལག་འདུག་ཐུབ་མ་སོང་།

    Reply
  3. སངས་རྒྱས་དར་བ། says:
    ལོ་ 5 སྔོན།

    དཔལ་ལྡན་ལགས།
    ཁྱེད་ཀྱི་བོད་ཡིག་གི་རྩོམ་རྩལ་དེ་འཛམ་གླིང་སྤྱི་ཡོངས་ཕུལ་བྱུང་རྩོམ་རྩལ་གྱི་རྗེས་དང་བསྟུན་ནས་འགྲོ་བཞིན་འདུག་པས། ང་རང་ཀློག་པ་པོ་དཀྱུས་མ་ཞིག་གི་ངོས་ནས་ཀློག་དུས། ཀློག་བདེ་བོ་ཡོད་པ་དང་ནང་དོན་ལས་སྙིང་པོ་མང་པོ་ཞིག་ལེན་རྒྱུ་ཡོད་པ་ཚོར་གྱི་འདུག
    ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese