མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཡུ་ཀེ་རེན་ནང་གང་མྱུར་ཞི་བདེ་ཡོང་བའི་ཐུགས་སྨོན་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་དང་ཡེ་ཤུའི་ཆོས་དཔོན་པོབ་མཆོག་རྣམ་གཉིས་ཀྱི་དབུས་པའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་ཡུ་ཀེ་རེན་ནང་བྱུང་བཞིན་པའི་དམག་འཁྲུག་ཐད་སེམས་འཚབ་དང་བཅས་དམག་འཁྲུག་དེ་གང་མགྱོགས་ཞི་འཇགས་ཡོང་བའི་ཐུགས་རེ་གནང་གི་འདུག

འདས་པའི་ཉིན་གྲངས་བཞི་རིང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གྲས་སུ་ཡོད་པའི་ཨུ་རུ་སུས་རང་གི་ལྷོ་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་ཡུ་ཀེ་རེན་ (Ukraine) ལ་དཔུང་འཇུག་བྱས་ཏེ་བཙན་འཛུལ་བྱེད་བཞིན་པའི་སྐབས་འདིར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གཞུང་འབྲེལ་སྤྱི་ཚོགས་དྲ་ལམ་བརྒྱུད། ཡུ་ཀེ་རེན་གྱི་རྩོད་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་སྐོར་གྱི་གསུང་འཕྲིན་ཞིག་སྩལ་གནང་ཡོད་འདུག

དེ་ཡང་མགོན་པོ་མཆོག་ནས་གཞུང་འབྲེལ་སྤྱི་ཚོགས་དྲ་ལམ་ངོ་དེབ་སྟེང་། ཡུ་ཀེ་རེན་གྱི་རྩོད་རྙོག་དེས་ངོས་རང་ཐུགས་ཕམ་ཆེན་པོ་བྱུང་སོང་། ང་ཚོའི་འཛམ་གླིང་འདི་གཅིག་ལ་གཅིག་རྟེན་ཡིན་པའི་དབང་གིས། རྒྱལ་ཁབ་གཉིས་དབར་གྱི་འཐབ་འཁྲུག་གིས་འཛམ་གླིང་བྱིངས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་རེད། དམག་འཁྲུག་ནི་དུས་ཚོད་ཡོལ་ཟིན་པ་ཞིག་དང་འཚེ་བ་མེད་པ་ནི་ཐབས་ལམ་གཅིག་པུ་དེ་རེད། ང་ཚོས་གཞན་རྣམས་རང་གི་མིང་སྲིང་ཡིན་པའི་ངོས་འཛིན་ཐོག་ནས་མིའི་རིགས་གཅིག་ཡིན་པའི་འདུ་ཤེས་དེ་སྐྱེད་ཐབས་བྱ་དགོས། དེ་ལྟར་བྱས་ཚེ། ང་ཚོས་འཛམ་གླིང་འདི་སྔར་བས་ཞི་བདེ་ལྡན་པ་ཞིག་ཏུ་བསྐྲུན་ཐུབ། ཅེས་གསུངས་འདུག

ཡང་མགོན་པོ་གང་ཉིད་མཆོག་ནས། དཀའ་ངལ་དང་མི་མཐུན་པ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་ཀྱི་ཡོད། དོན་དམ་པའི་ཞི་བདེ་ནི་ཕན་ཚུན་ལ་བསམ་ཤེས་དང་ཕན་ཚུན་གྱི་བདེ་དོན་ལ་བརྩི་བཀུར་ཡོད་པའི་ཐོག་ནས་སླེབས་ཐུབ་པ་ཞིག་རེད། ང་ཚོས་ནམ་ཡང་རེ་བ་འདོར་རྒྱུ་མེད། དུས་རབས་ ༢༠ དེ་དམག་འཁྲུག་དང་ཁྲག་གི་དུས་རབས་ཤིག་ཆགས་ཡོད་ནའང་། དུས་རབས་ ༢༡ འདི་ངེས་པར་དུ་གྲོས་མོལ་གྱི་དུས་རབས་ཞིག་ལ་འགྱུར་དགོས། ངོས་ནས་ཡུ་ཀེ་རེན་ནང་གང་མྱུར་ཞི་བདེ་སླར་གསོ་ཡོང་རྒྱུར་སྨོན་ལམ་ཞུ་ཡི་ཡོད། ཅེས་གསུང་འཕྲིན་སྩལ་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་ཡུ་ཀེ་རེན་ལ་གདུང་སེམས་མཉམ་བསྐྱེད་གནང་བའི་ནང་། བོད་ཀྱི་གཏམ་དཔེ་ལ་འབུ་སྲིན་ཆེན་པོས་ཆུང་ངུ་བཟའ་བ་ཞེས་པ་ལྟར། (ཨུ་རུ་སུས་)ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པ་དེས་ང་ཚོར་ཕྱི་ལོ་ ༡༩༥༠ ལོར་(རྒྱ་ནག་གིས)་བོད་བཙན་འཛུལ་བྱས་པ་ཕྱིར་དྲན་བྱས་སོང་། ཞེས་དང་། འཚེ་བ་སྤྱོད་རྒྱུ་ནི་ད་ལྟའི་དུས་སྐབས་སུ་མི་ཆོས་ལ་འདས་པ་དང་དུས་ཚོད་ཡོལ་ཟིན་པ་ཞིག་རེད། ཡུ་ཀེ་རེན་ནང་ཞི་བདེ་སླར་གསོ་ཡོང་དགོས། ཞེས་གསུངས་འདུག

ད་ལན་གོང་ས་མཆོག་ནས་ཨུ་རུ་སུའི་ཐད་གསུང་འཕྲིན་སྩལ་བ་ཐེངས་དང་པོ་དེ་མིན་པ་རེད། དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༩ པའི་ནང་༧གོང་ས་མཆོག་ནས་འཇར་མན་གྱི་ཚགས་པར་ཁང་ (Welt am Sonntag) གི་བཅར་འདྲི་ཞིག་གི་སྟེང་། སྲིད་འཛིན་པུ་ཀྲིན་གྱི་རང་གཅེས་འཛིན་གྱི་བསམ་བློ་དེ་ནི་དཀའ་རྙོག་ཀུན་གྱི་གཞི་རྩ་ཡིན་པ་དང་། པུ་ཀྲིན་གྱིས་བྷར་ལིན་གྱི་རྩིགས་གྱང་བསྐྱར་དུ་སློང་འདོད་ཡོད་པའི་རྣམ་པ་གཟིགས་ཀྱི་ཡོད་སྐོར་དང་། ཨུ་རུ་སུས་རྒྱལ་སྤྱིའི་ཁྲིམས་སྒྲིག་ངོས་ལེན་བྱ་འདོད་མེད་པ་དེས་ཨུ་རུ་སུར་དོ་ཕོག་ཆེན་པོ་ཐེབས་རྒྱུ་ཡིན་པ་དང་། ཨུ་རུ་སུས་འཛམ་གླིང་བྱིངས་དང་འབྲེལ་བ་བཅད་དེ་ཁེར་རྐྱང་དུ་འབུད་རྒྱུ་དེ། དོན་དུ་རང་སྲོག་བཅད་པ་དང་གཅིག་མཚུངས་ཡིན་སྐོར་སོགས་གསུངས་ཡོད་འདུག

ཨུ་རུ་སུའི་འདས་པའི་ཉིན་གྲངས་ ༤ རིང་ཡུ་ཀེ་རེན་ལ་དཔུང་འཇུག་དྲག་པོ་བྱེད་བཞིན་པར། རྒྱ་ནག་དང་བྷེ་ལུ་རུ་སིས་མཚོན་པའི་དབང་ཆ་གཅིག་བསྡུས་ཀྱི་སྲིད་གཞུང་རེ་ཟུང་མ་གཏོགས་ཕལ་ཆེ་བས་སྐྱོན་བརྗོད་དང་སྦྲགས། ཡུ་ཀེ་རེན་ལ་དངོས་སུ་དམག་མི་གཏོང་ཐབས་མེད་ནའང་། ནེ་ཊོ་དམག་དོན་སྒྲིག་འཛུགས་(Nato)བརྒྱུད་མཚོན་ཆ་དང་རོགས་དངུལ་མཁོ་སྤྲོད་བྱེད་མུས་ཡིན་ཞིང་། ལྷག་པར་དུ་འཛམ་གླིང་ས་ཕྱོགས་གང་སར་ཨུ་རུ་སུའི་དཔུང་འཇུག་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་པ་རེད། དེ་ཡང་ཁ་སང་ཕྱི་ཚེས་ ༢༧ ཉིན་འཇར་མ་ནིའི་རྒྱལ་ས་བྷར་ལིན་ནང་སྤེལ་བའི་རྔམ་སྟོན་ལས་འགུལ་སྟེང་མི་གྲངས་འབུམ་ ༡ ལྷག་མཉམ་ཞུགས་བྱས་ཡོད་པ་རེད། ཕྱིའི་རྒྱལ་ཁབ་ཙམ་དུ་མ་ཟད་ཨུ་རུ་སུའི་ནང་དུའང་སྲིད་འཛིན་པུ་ཀྲིན་གྱི་དམག་འཁྲུག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། ལས་འགུལ་བ་བརྒྱ་ཕྲག་སྐོར་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ད་ལྟའི་ཆར་འཛམ་གླིང་གི་ཆབ་སྲིད་མགོ་ཁྲིད་ཙམ་དུ་མ་ཟད་ཆོས་ལུགས་ཀྱི་མགོ་ཁྲིད་མང་པོས་ཨུ་རུ་སུར་སྐྱོན་བརྗོད་དང་ཡུ་ཀེ་རེན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་སྟོན་བཞིན་འདུག་ལ། དེའི་ཁྲོད་ནས་ཉེ་ལམ་མང་ཚོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱ་ཡུལ་ནི་ཡེ་ཤུའི་བླ་ཆེན་པོབ་ཧྥན་སི་སི་ (Pope Francis) ཆགས་ཡོད། དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བླ་ཆེན་པོབ་ཀྱིས་གཞུང་འབྲེལ་འགྲོ་ལུགས་ལ་མ་བསྟུན་པར། ཝེ་ཊི་ཁན་སི་ཀྲི་(Vetican City) ནང་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཁང་ནང་ཆེད་ཕེབས་ཀྱིས་ཡུ་ཀེ་རེན་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཡོད་སྐོར་གསུངས་འདུག་ལ། ཁོང་གིས་རང་གི་གཞུང་འབྲེལ་ཊི་ཝི་ཊར་སྟེང་། དམག་འཁྲུག་གིས་ང་ཚོའི་འཛམ་གླིང་འདི་སྔར་བས་ཡ་ང་བའི་གནས་སུ་ལྷུང་ངེས་ཡིན། དམག་འཁྲུག་ནི་ཆབ་སྲིད་དང་མིའི་རིགས་ཀྱི་ཕམ་ཁ་ཞིག་ཡིན་སྐོར་སོགས་གསུངས་ཏེ་ཨུ་རུ་སུའི་བཙན་འཛུལ་ལ་སྐྱོན་བརྗོད་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

སྐར་མ ༤༧ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 1

  1. ཆོས་རྒྱལ་བསྟན་འཛིན། says:
    ལོ་ 4 སྔོན།

    བོད་མིའི་སྒྲིག་འཛུགས་ནང་སྲིད་གསར་ཞིག་འདེམས་འོད་ཚོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese