མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་རིན་ཆེན་སྐྱིད་ལགས་ཀློད་གྲོལ་བཏང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཟུར་པ་རིན་ཆེན་སྐྱིད་ལགས་ཀློད་གྲོལ་བཏང་ཡོད་པའི་གནས་ཚུལ་འབྱོར་བྱུང་ཡང་འགྲོ་འོང་ལ་རང་དབང་མེད་པར་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་འདུག

སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཟུར་པ་རིན་ཆེན་སྐྱིད་ལགས། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།

དེ་རིང་འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་ལ་ངོ་ལོག་བྱས་ལུགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་པའི་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཟུར་པ་རིན་ཆེན་སྐྱིད་ལགས་ཀློད་གྲོལ་བཏང་ཡོད་ཀྱང་། ད་ལྟའི་ཆར་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་སྟབས། ཁོང་མོའི་སྐུ་གཟུགས་གནས་སྟངས་དང་འདས་པའི་ཟླ་བཅུ་ཙམ་གྱི་རིང་གང་དུ་བཀག་ཉར་བཙོན་འཇུག་བྱས་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག

མདང་དགོང་བོད་ནང་གི་ཆུ་ཚོད་༨ ཡས་མས་ཤིག་ལ། དགེ་རྒན་རིན་ཆེན་སྐྱིད་ཚང་གི་སྒོ་འགྲམ་དུ་རླངས་འཁོར་གཉིས་དང་ཉེན་རྟོག་པ་འགའ་བསླེབས་ཡོད་པ་དང་། རླངས་འཁོར་ནང་ནས་རིན་ཆེན་སྐྱིད་ལགས་མར་བབས་ཏེ་རང་ཁྱིམ་དུ་འཛུལ་སོང་བ་མཐོང་བྱུང་ཡང་།  ཁོང་ཚང་ལ་མགྲོན་པོ་ཡོང་དུ་འཇུག་གི་མེད་པ་དང་བཟའ་མི་རྣམས་ཀྱང་ཕྱི་རུ་འགྲོ་སྐྱོད་དང་འབྲེལ་གཏུག་བྱེད་མི་འཇུག་པར་ལྟ་སྲུང་འོག་བཞག་སྟེ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

དགེ་རྒན་རིན་ཆེན་སྐྱིད་ལགས་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དར་ལག་རྫོང་དུ་རྟེན་གཞི་བྱས་པའི་སེང་འབྲུག་སྟག་རྩེས་མཚོན་པའི་བོད་མིའི་སྒེར་གཉེར་སློབ་གྲྭ་སྐོར་ཞིག་སྒོ་བརྒྱབ་པའི་རྐྱེན་གྱིས། ཁོང་མོས་སྔ་དགོང་གི་ཟས་མ་ཟོས་པར་ཉིན་བཅུ་གྲངས་ཤིག་ཕྱིན་ཏེ་གཟུགས་པོའི་གནས་སྟངས་ཧ་ཅང་ཞན་པོ་ཆགས་པར་བརྟེན།  ཁོང་མོའི་ཕ་མ་དང་སྤུན་མཆེད་སོགས་ཀྱིས་སེམས་ཁུར་བྱས་ནས་སྨན་ཁང་དུ་འཁྲིད་ཐབས་བྱས་ཡོད་ཀྱང་འགྲོ་རོགས་བྱས་མེད་པ་དང་། ཕྱིས་སུ་ས་གནས་ཉེན་རྟོག་པ་ཡོང་ནས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་གཡོགས་ཏེ། ས་གནས་སྨན་ཁང་ཞིག་ཏུ་བཙན་འཁྲིད་བྱས་ནས་ཉིན་གྲངས་ ༢ རིང་བཀག་ཉར་བྱས་རྗེས། ཟི་ལིང་གི་ཞིང་ཆེན་སྨན་ཁང་དུ་འཇོག་རྒྱུ་ཡིན་ཚུལ་ཟེར་ནས་ད་བར་གར་ཡོད་ཆ་མེད་དུ་གྱུར་ཡོད་པ་རེད།

ཉེ་སྔོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་པ་དྲུག་ནས་རྒྱ་ནག་གཞུང་ལ་དགེ་རྒན་རིན་ཆེན་སྐྱིད་ལགས་དང་རྩོམ་པ་པོ་དྷཱི་ལྷ་ལྡན། གླུ་བ་ལྷུན་འགྲུབ་གྲགས་པ་བཅས་ཀྱི་གནས་སྟངས་ཇི་ཆགས་འདྲི་རྩད་ནན་པོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ལན་འདེབས་གསལ་བཤད་གང་ཡང་བྱས་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ།

སེང་འབྲུག་སྟག་རྩེའི་སློབ་མ་རྣམས་སློབ་གྲྭ་གཞན་ནང་འཛུལ་ཞུགས་བྱེད་ཐུབ་ཀྱི་མེད་པ་རེད།

བོད་རིགས་དགེ་རྒན་ཞིག་གར་ཡོད་ཆ་མེད་དུ་གྱུར་ནས་ཟླ་གཉིས་ལྷག་འགྲོ་བཞིན་འདུག

སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཞིག་འཛིན་བཟུང་བྱས་ཡོད་འདུག

རྒྱལ་སྤྱིའི་ཚོགས་སྡེ་དྲུག་གིས་རྒྱ་ནག་གཞུང་ལ་འདྲི་རྩད་ནན་པོ་བྱས།

ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

ཆུ་ཚོད་ ༨ སྔོན་ལ།
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

ཆུ་ཚོད་ ༨ སྔོན་ལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

༢༠༢༦/༠༦/༡༥
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese