མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་འགོག་ཁབ་གསུམ་པ་བརྒྱག་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གིས་ནད་ཡམས་རྩ་མེད་ཕྱིན་མེད་པར་བརྟེན་འགོག་ཁབ་གསུམ་པ་བརྒྱག་དགོས་པ་དང་སྔོན་འགོག་གི་ཐབས་ལམ་མུ་མཐུད་ནས་ལག་བསྟར་བྱ་དགོས་པའི་གསལ་བསྒྲགས་གནང་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ ༡༩ པའི་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༡༠༩ གནང་བ་ལྟར་ན། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་བལ་གྱི་བོད་མིའི་ཁྲོད་ཏོག་དབྱིབས་ནད་པ་གསར་པ་ ༡ དང་། ཏོག་དབྱིབས་ནད་པ་ ༢ བྱུང་ཡོད་འདུག་ལ། གསལ་བསྒྲགས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས། རྒྱ་གར་ནང་དུ་ལོ་ ༡༨ ཡན་ལ་འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༥༠།༡༢༡༦ དང་བལ་ཡུལ་ནང་དུ་མི་གྲངས་ ༧༠༢༩ ཡོད་པ་དང་། རྒྱ་གར་ནང་དུ་འགོག་ཁབ་ཐེངས་གཅིག་བརྒྱབ་ཟིན་པའི་མི་གྲངས་ ༢༧༡ ། ད་དུང་རྒྱ་གར་ནང་ལོ་ ༡༨ མན་ལ་འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༡༩༩༣ དང་བལ་ཡུལ་ནང་དུ་ ༡༠༩ ཡོད་ལ། རྒྱ་གར་ནང་དུ་འགོག་ཁབ་ཐེངས་གཅིག་ཐོབ་མཁན་གྱི་མི་གྲངས་ ༣༧༩ ཡོད་སྐོར་དང་། གཞན་ཡང་རྒྱ་གར་ནང་དུ་ལོ་ན་ ༦༠ ཡན་ལ་འགོག་ཁབ་ཐེངས་གསུམ་པ་ཐོབ་པའི་མི་གྲངས་ ༥༦༠༩ དང་བལ་ཡུལ་ནང་དུ་ ༢༡༦། དེ་བཞིན་རྒྱ་གར་ནང་དུ་འཕྲོད་བསྟེན་ཞབས་ཞུ་བ་དང་ལས་བྱེད་རྣམས་ལ་འགོག་ཁབ་ཐེངས་གསུམ་པ་ཐོབ་པའི་མི་གྲངས་ ༥༨༦ དང་བལ་ཡུལ་ནང་དུ་ ༥ བྱུང་ཡོད་སྐོར་སོགས་བརྗོད་སོང་།

ད་དུང་ཁོང་གིས། ཟླ་འདིིའི་ཕྱི་ཚེས་ ༣ ཉིན་འཕྲོད་བསྟེན་དྲུང་ཆེ་ལྷན་བཞུགས་ཐོག་༧སྐུའི་ཕྱི་ལུགས་སྨན་པ་ཚེ་བརྟན་ལགས་དང་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་གི་ཚོགས་མི་རྣམས་མཉམ་ཞུགས་ཀྱིས་ཛ་དྲག་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་གནས་སྟངས་ཀྱི་ཐོག་ནས་ནད་རླབས་བཞི་པ་ཡོང་སྲིད་ཀྱི་ཡོད་མེད་དང་དེ་ལ་གྲ་སྒྲིག་ག་རེ་བྱ་དགོས་མིན། དེ་བཞིན་ལོ་ན་ ༡༨ ཡན་ལ་འགོག་ཁབ་གསུམ་པ་རག་ཐབས་ག་འདྲ་གནང་དགོས་སྐོར་ལ་གྲོས་བསྡུར་བྱས་ཡོད་་དང་། སྤྱིར་བཏང་གིས་ད་ལྟའི་ཆར་ཏོག་ནད་ཕོག་པའི་མི་གྲངས་ཉུང་དུ་ཕྱིན་ཡོད་ཀྱང་། ནད་ཡམས་རྩ་མེད་ཕྱིན་མེད་པར་བརྟེན། ཚང་མས་ཁ་རས་གྱོན་པ་སོགས་སྔོན་འགོག་གི་ཐབས་ལམ་ལག་བསྟར་མུ་མཐུད་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

དེ་ནས་བདེ་ལེགས་སྨན་ཁང་གི་སྨན་པ་འཇིགས་མེད་སྐལ་བཟང་ལགས་ཀྱིས། ད་བར་དུ་རྒྱལ་ཡོངས་ཀྱི་ནང་དུ་ཏོག་དབྱིབས་ན་མཁན་མི་འབོར་ས་ཡ་ ༥༠༠ ཙམ་བྱུང་འདུག རྒྱ་གར་ནང་དུ་ད་ལྟ་ན་བཞིན་པའི་མི་གྲངས་སྟོང་ཕྲག་ ༡༩ ཙམ་རེད་འདུག ད་དུང་རྒྱ་གར་གྱི་སློབ་གྲྭ་ཁ་ཤས་ཀྱི་ནང་དུ་ནད་ཡམས་ཕོག་པའི་གནས་ཚུལ་ཡང་འདུག འདས་པའི་བདུན་ཕྲག་གཉིས་ཀྱི་ནང་ཏོག་ནད་ཕོག་པའི་མི་གྲངས་ཁ་ཤས་བྱུང་སོང་། དེར་བརྟེན་ཚང་མས་མུ་མཐུད་ནས་སྔོན་འགོག་གི་ཐབས་ལམ་ལག་བསྟར་གནང་རོགས་གནང་ཞུ་རྒྱུ་དང་། ལོ་ན་ ༦༠ ཡན་ལ་འགོག་ཁབ་གསུམ་པ་དང་ལོ་ ༡༢ ནས་ ༡༤ བར་ལ་འགོག་ཁབ་བརྒྱག་རྒྱུའི་གོ་སྐབས་བྱུང་ན་འགོག་ཁབ་བརྒྱག་དགོས་པའི་ལམ་སྟོན་གནང་སོང་ལ། རང་ལོ་ ༡༢ ནས་ ༡༤ བར་བྱིས་པ་ཚོ་ལའང་འགོག་ཁབ་རྒྱག་པའི་མགོ་བཙུགས་ཚར་ཡོད་འདུག

ད་བར་དུ་རྒྱ་གར་དང་བལ་ཡུལ་བོད་མིའི་ཁྲོད་ཏོག་ནད་ཕོག་མཁན་ ༩༡༥༣ བྱུང་བའི་ཁྲོད་དྲག་སྐྱེད་བྱུང་བ་ ༨༩༨༣ དང་མི་ ༡༦༨ རྐྱེན་འདས་སུ་ཕྱིན་ཡོད་འདུག ཉེ་སྔོན་རྒྱ་ནག་ནང་ཏོག་དབྱིབས་ནད་པ་ཇེ་མང་དུ་ཕྱིན་པ་དང་བསྟུན་བོད་ཀྱི་ས་ཁུལ་གང་སར་སྒོ་རྒྱག་བསྡམས་པ་དང་ཕྱི་མི་འགྲོ་སྐྱོད་བཀག་སྡོམ་སོགས་བྱས་དང་བྱེད་མུས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

ཆུ་ཚོད་ ༡༡ སྔོན་ལ།
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

ཆུ་ཚོད་ ༡༢ སྔོན་ལ།
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གངས་ལྗོངས་ལྷ་མི་ཡོངས་ཀྱི་སྟོན་པ། (ཚན་པ་དང་པོ།)

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས། ༢༠༢༥།༠༧།༠༦། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཐུབ་ན་དགའ་བོ་བྱེད་མཁན་རང་བཞིན་གྱིས་འདུས་ཡོང་སྐོར་བཀའ་སློབ་བསྩལ།

༢༠༢༥/༠༧/༠༧
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese