མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་ལོ་གཉིས་ནང་མི་གྲངས་ས་ཡ་ ༡༤ ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག 

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་གཉིས་རིང་ལ་ཏོག་དབྱིབས་ནད་ཡམས་ལ་རྐྱེན་བྱས་ཏེ་འཛམ་གླིང་ཁྱོན་ཡོངས་ནས་མི་གྲངས་ས་ཡ་ ༡༤ ལྷག་རྐྱེན་འདས་སུ་ཕྱིན་ཡོད་སྟབས་རྒྱལ་ཁབ་ཚང་མས་ཏོག་དབྱིབས་ནད་ཡམས་གཙང་སེལ་བྱེད་བར་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་གོང་མཐོར་གཏང་དགོས་པའི་སྐུལ་འདེད་གཏོང་གི་འདུག

Covid-19 patients in the intensive care unit of a Wuhan hospital after the virus outbreak in the Chinese city in February © REUTERS

འདས་པའི་ལོ་ཤས་རིང་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་ལ་བསམ་ཡུལ་ལས་འདས་པའི་གྱོང་གུད་ཤུགས་ཆེན་ཐེབས་ཡོད་པ་མ་ཟད། མིའི་ཚེ་སྲོག་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༥ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྙན་ཐོ་ཞིག་འགྲེམས་སྤེལ་བྱས་པའི་ནང་། འདས་པའི་ཟླ་བ་ ༢༤ རིང་ལ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་ནས་མི་གྲངས་ས་ཡ་ ༡༤།༩ རྐྱེན་འདས་སུ་ཕྱིན་ཡོད་སྐོར་དང་། ད་ལྟའང་ཏོག་དབྱིབས་ཀྱི་ནད་མནར་མུ་མཐུད་ནས་ཡོང་བཞིན་ཡོད་སྐོར་བརྗོད་འདུག

སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༢༠ ཟླ ༡ ཚེས ༡ ནས་འདས་ལོའི་ཕྱི་ཟླ ༡༢  ཚེས་ ༣༡ བར་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་ནས་མི་གྲངས་ས་ཡ་ ༡༤།༩ ཙམ་རྐྱེན་འདས་སུ་ཕྱིན་པའི་ཁྲོད་སྐྱེས་པའི་བརྒྱ་ཆ ༥༧ དང་བུད་མེད་ ༤༣ ལྷག་ཟིན་ཡོད་པ་དང་།  མི་གྲངས་ས་ཡ་ ༡༤།༩ ཙམ་འདས་གྲོངས་སུ་ཕྱིན་པའི་ཁོངས་ནས་མི་གྲངས་བརྒྱ་ཆ་ ༨༤ ལྷག་ལྷོ་ཤར་ཨེ་ཤ་ཡ་དང་། ཡུ་རོབ། ཨ་མི་རི་ཁ་བཅས་ནས་ཡིན་པ་མ་ཟད། བརྒྱ་ཆ་ ༦༨ འཛམ་གླིང་གི་རྒྱལ་ཁབ་ ༡༠ ནས་ཡིན་ཞིང་། དཔལ་འབྱོར་གྱི་ཡོང་འབབ་འབྲིང་ཙམ་ཡོད་པའི་རྒྱལ་ཁབ་ཁག་ནས་བརྒྱ་ཆ། ༨༡ དང་། དཔལ་འབྱོར་གྱི་གནས་བབ་ཞན་ཙམ་ཡོད་པའི་རྒྱལ་ཁབ་ནས་བརྒྱ་ཆ་ ༥༣། དཔའ་འབྱོར་གྱི་ཡོང་འབབ་མཐོ་བོ་ཡོད་པའི་རྒྱལ་ཁབ་ཁག་ནས་བརྒྱ་ཆ་ ༢༨ ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག

དེའི་ཐད་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊེ་ཌྲོ་སི་( Dr Tedros Adhanom Ghebreyesus) ལགས་ཀྱིས། སྙན་ཐོ་འདི་ནི་གཉན་རིམས་ཀྱིས་གནོན་ཤུགས་སྤྲོད་ཆེད་མ་ཡིན་པར་འཛམ་གླིང་རྒྱལ་ཁབ་ཚོས་གཉན་རིམས་ཀྱི་སྐབས་སུ་འཕྲོད་བསྟེན་གྱི་སྒྲོམ་གཞི་སྔར་ལས་ལྷག་པའི་ཡར་རྒྱས་གཏང་དགོས་པ་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཚང་མར་གྲུབ་འབྲས་ཡག་པོ་ཡོང་སླད། འཕྲོད་བསྟེན་སྐོར་གྱི་ཤེས་བྱ་གོང་སྤེལ་དུ་གཏོང་བར་མཉམ་ལས་བྱ་རྒྱུར་ཁས་ལེན་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་འདུག་ལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་གིས་ཀྱང་ཏོག་དབྱིབས་གཉན་རིམས་གཙང་སེལ་བྱ་བར་འཛམ་གླིང་རྒྱལ་ཁབ་ཚང་མས་མཉམ་རུབ་དགོས་པའི་རེ་འདུན་ཡང་བཏོན་ཡོད་འདུག

ཡང་འདས་པའི་ལོ་ཤས་རིང་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཤུགས་ཆེན་ཕྲད་དེ་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་པ་ལྟར། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོ་ལྟར་ན། འདས་པའི་ལོ་གཉིས་རིང་ལ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་རྒྱ་གར་གྱི་མི་གྲངས་འབུམ་ ༤༧།༤ རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད། རྒྱ་གར་ནི་འཛམ་གླིང་ཁྱོན་ཡོངས་ནས་རྐྱེན་འདས་སུ་འགྲོ་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཨང་གསུམ་པར་གྱུར་ཡོད་སྐོར་དང་། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ནས་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་དེ་འདས་གྲོངས་ཀྱི་སྤྱིའི་བརྒྱ་ཆ། ༡།༤ དང་། བྷང་ལ་ཌེ་ཤི་ནས་བརྒྱ་ཆ་ ༠།༩ འབར་མ་ནས་བརྒྱ་ཆ་ ༠། ༢། ཤྲི་ལིངྒ་ནས་མི་གྲངས་ ༨༨༣༣ དང་རྒྱ་ནག་ནས་ ༥༢༠༦༣ ལས་རྐྱེན་འདས་སུ་ཕྱིན་མེད་སྐོར་བཀོད་འདུག

ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་མི་འདྲ་བ་དང་རྒྱལ་ཁབ་སོ་སོའི་འཚོལ་སྡུད་བྱེད་ཕྱོགས་ཀྱི་ཐད་ལ་རྩོད་གླེང་མང་པོ་ཡོང་གི་ཡོད་པ་ལྟར། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འདས་པའི་ལོ་གཉིས་རིང་ཏོག་དབྱིབས་རིམས་ནད་ཀྱིས་དངོས་ཤུགས་ནས་མི་གྲངས་ས་ཡ ༡༩ ལྷག་རྐྱེན་འདས་སུ་ཕྱིན་ཡོད་སྐོར་བསྒྲགས་ཡོད་ཀྱང་། གཞུང་འབྲེལ་མི་སྣ་དག་གིས་ཇོན་སི་ཧུབ་ཀོན་མཐོ་རིམ་སློབ་གཉེར་ཁང་གིས་རྩིས་ཞིབ་ཁྲོད་མི་གྲངས་ས་ཡ་ ༦ ཙམ་མང་བ་ཡོད་པ་དང་། ཝ་ཤིན་ཌོན་མཐོ་རིམ་སློབ་གཉེར་ཁང་གི་ཚན་རིག་པ་རྣམས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་འདས་པའི་མི་ལོ་གཉིས་ཀྱི་རིང་ལ་མི་གྲངས་ས་ཡ་ ༡༨ ལྷག་རྐྱེན་འདས་སུ་ཕྱིན་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གར་ནས་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ས་ཡ  ༣ ལྷག་རྩིས་མེད་སྐོར་སོགས་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ ༤ པའི་ཟླ་དཀྱིལ་ཙམ་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱིས་ནད་པ་ཇེ་མང་དུ་འགྲོ་ཡི་ཡོད་སྟབས། རྒྱ་གར་ནང་དུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་བཞི་པ་བསླེབས་ཟིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཀྱང་། འདས་པའི་བདུན་ཕྲག་གསུམ་རིང་རྒྱ་གར་ནང་གཉན་རིམས་ཁྱབ་གདལ་ཤུགས་ཆེན་ཕྱིན་མེད་སྐོར་འགྲེལ་བརྗོད་བྱས་འདུག ཡིན་ནའང་། འདས་པའི་ཆུ་ཚོད་ ༢༤ རིང་རྒྱ་གར་ནང་ནང་པ་གསར་པ་གྲངས་ ༣༨༠༥ བྱུང་ཡོད་འདུག

ད་བར་རྒྱ་བལ་ནང་བོད་མི་གྲངས་ ༩༡༥༣ ལ་ཏོག་དབྱིབས་འགོས་པའི་ཁྲོད་ནས་མི་ ༨༩༨༣ དྲག་སྐྱེད་བྱུང་བ་དང་མི་ ༡༦༨ རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༥ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༡༩ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese