མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་བརྟན་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་སྲིད་བློན་མུ་དྷི་མཆོག་ལུམ་བི་ནི་ཚལ་དུ་ཕེབས།

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པའི་གནས་ལུམ་བི་ནི་ཚལ་དུ། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་བལ་ཡུལ་གྱི་སྲིད་བློན་ཤར་བྷ་ཧ་ཌོར་མཆོག་རྣམ་གཉིས་མཇལ་འཕྲད་གནང་སྟེ། ལུམ་བི་ནི་ཚལ་དུ་ནང་པའི་རིག་གཞུང་དང་ཤུལ་དངོས་ (Buddhist Culture and Heritage) ཀྱི་ལྟེ་གནས་ཁང་ཆེན་པོ་ཞིག་འཛུགས་འཆར་ཡོད་པ་དེའི་རྨང་རྡོ་བཞག་གནང་ཡོད་འདུག

Prime Minister Narendra Modi met Nepal Prime Minister Sher Bahadur Deuba in Lumbini on 16 May 2022.

སྲིད་འཛིན་མུ་དྷི་མཆོག་གི་སྒེར་གྱི་ཊི་ཝེ་ཊར་དུ། གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་ང་ཚོས་སྟོན་པ་བཅོམ་ལྡན་འདས་ཀྱི་ལྟ་གྲུབ་རྣམས་ལ་ཕྱིར་དྲན་ཞིག་བྱ་དགོས་པ་དང་། ཁོང་གི་ཐུགས་མགུ་བར་ང་ཚོས་ཁས་ལེན་བྱ་རྒྱུར་ནན་སྐུལ་བྱ་དགོས། སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་གཞི་དེ་དག་གིས་ང་ཚོའི་འཇིག་རྟེན་འདིར་སྔར་ལས་ལྷག་པའི་ཞི་བདེ་དང་། མཐུན་སྒྲིལ། རྒྱུན་གནས་ཡོང་བར་བྱ་ཐུབ། ཅེས་གསུངས་ཡོད་འདུག

ད་ལན་གྱི་སྲིད་བློན་མུ་དྷི་མཆོག་གི་རྒྱལ་འབྲེལ་འཚམས་གཟིགས་དེ་ནི། རྒྱལ་ཁབ་གཉིས་ཀྱི་གློག་འདོན་ལས་གཞི་ཚུད་པའི། ཕྱོགས་གཉིས་ཀྱིས་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་མཉམ་ལས་བྱ་རྒྱུ་སོགས་ཀྱི་སྐོར་ལ་གླེང་སློང་གནང་ཡོད་ཅིང་།  སེངྒ་ལ་གཙོས་བལ་ཡུལ་དང་པ་ཀི་སི་ཐན་སོགས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་ཤིག་ཡིན་ཞིང་། བལ་ཡུལ་ནི་རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་གྱི་ཁོངས་སུ་ཚུད་པའི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱ་གར་གཞུང་ནས་བལ་ཡུལ་གྱི་དཔལ་འབྱོར་གནས་བབ་ཐད་སེམས་འཚབ་སྐྱེ་ཡི་ཡོད་པའི་བརྡ་ལན་ཞིག་ཆགས་ཀྱི་ཡོད་ཀྱང་། བལ་ཡུལ་ནང་གཞུང་འཛིན་གསར་པ་བསླེབས་པ་ནས་བཟུང་། སྲིད་བློན་ཤར་བྷ་ཧ་ཌོར་ལགས་ཀྱིས་སྣེ་འཁྲིད་པའི་བལ་གཞུང་གིས། རྒྱ་ནག་གི་རོགས་དངུལ་བླང་རྒྱུ་ཡིན་པ་ལས་འཛུགས་སྐྲུན་དང་འབྲེལ་བའི་བུ་ལོན་གང་ཡང་བླང་རྒྱུ་མིན་པ་རྒྱ་ནག་གཞུང་ལ་བརྡ་ལན་གསལ་བོ་སྤྲད་ཡོད་པ་རེད།

བལ་གཞུང་གསར་བས་དེ་སྔའི་གཞུང་དང་མི་འདྲ་བར། ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་མི་སྣས་འདུས་པའི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་བསུས་ཡོད་པ་མ་ཟད། ཟླ་དེའི་ཕྱི་ཚེས་ ༢༤ ཉིན་བལ་ཡུལ་གཞུང་གིས་ཨ་རིའི་རོགས་ཚོགས་བརྒྱུད་ཨ་སྒོར་ས་ཡ་ ༦༥༩ ཡི་རོགས་དངུལ་ལེན་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད་ལ། སྐབས་དེར་ཨ་རིའི་སྐུ་ཆབ་ཚོགས་ཆུང་གིས་བལ་ཡུལ་དུ་གནས་སྡོད་སྐྱབས་བཅོལ་བོད་མི་རྣམས་ལ་ཡིག་ཆའི་དཀའ་ངལ་ཡོད་པ་སེལ་དགོས་སྐོར་བལ་ཡུལ་གཞུང་ལ་ཞུ་སྐུལ་ཡང་བྱས་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་ད་ལྟའི་སྲིད་བློན་ཤར་བྷ་ཧ་ཌོར་ལགས་སུ་གཞུང་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་གཞུང་འཛིན་གསར་བ་ནས། ཕྱི་འབྲེལ་སྲིད་ཇུས་ལ་གུ་ཡངས་འགྱུར་བཅོས་བཏང་སྟེ། དམིགས་བསལ་ཨ་རི་དང་རྒྱ་གར་སོགས་ངམངས་གཙོའི་རྒྱལ་ཁབ་ཁག་དང་འབྲེལ་འདྲིས་ཤུགས་ཆེ་རུ་གཏོང་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ཛ་དྲ་ག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
གསར་འགྱུར།

རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ་དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས་པའི་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པ་ནས་མི་མང་ལ་མཇལ་ཁ་བསྩལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་ནས་མཇལ་ཁ་དབུ་འཛུགས་མཛད།

ཆུ་ཚོད་ ༡༣ སྔོན་ལ།
འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༥/༡༢/༡༥
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག  པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

༢༠༢༥/༡༢/༡༥
Mobile App

བོད་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་མི་ ༨༠ ཡས་མས་འཛིན་བཟུང་བྱས་འདུག

༢༠༢༥/༡༢/༡༥
ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

༢༠༢༥/༡༢/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese