མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་གསང་ཉུལ་བ་ཞིག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༡ ནས་བོད་དང་ཐའེ་ཝན། ཧོང་ཀོང་དང་ཡུ་གུར། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱི་གནས་ཚུལ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་མཁན་གྱི་གསང་ཉུལ་བ་གཅིག་འཛིན་བཟུང་དང་གཞན་བཞི་བྲོས་བྱོལ་དུ་ཕྱིན་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཨ་རིའི་ནང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་གཙོ་བྱས་པའི་བོད་དོན་ལས་འགུལ་བ་དང་། ཐའེ་ཝན་རང་བཙན་འཐབ་རྩོད་པ། ཡུ་གུར་དང་ཧོང་ཀོང་གི་རང་དབང་འཐབ་རྩོད་པ་རྣམས་ཀྱི་གནས་ཚུལ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་མཁན་རྒྱ་རིགས་བཞི་དང་ཨ་རིའི་མི་སེར་གཅིག་བཅས་ཁྱོན་རྒྱའི་གསང་ཉུལ་བ་ ༥ ཡི་ཁྲོད་ཀྱི་མི་གཅིག་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་ཏེ། ད་ལྟ་འདྲི་རྩད་གཏོང་གི་ཡོད་འདུག

དེ་འབྲེལ་རོའུ་ཊར་གསར་ཁང་གི་གནས་ཚུལ་ནང་། ལོ་ན་ ༧༣ ཡིན་པའི་རྒྱ་རིགས་ཝང་ཧྲོ་ཇིན་(Wang Shujun) གྱིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ཁུ་སིན་(Queens)ནང་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མཁན་གྱི་རྒྱ་རིགས་གཙོ་བྱས་པའི་ཚོགས་སྡེ་ཁག་གཞན་གྱི་གནས་ཚུལ་རྒྱ་ནག་དབུས་བདེ་སྲུང་ལྷན་ཁང་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པའི་ནག་ཉེས་འོག འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་འཛིན་བཟུང་བྱས་ཡོད་པ་དང་། ཁོ་ལ་འདྲི་རྩད་བྱས་པ་བརྒྱུད་ད་དུང་རྒྱ་རིགས་ཧྥན་ཧེ་(Feng He)། ཅའེ་ཇི་(Jie Ji)། མེན་ལི་(Ming Li)། ཁུ་ཆིན་ལའོ་(Keqing Lu)བཅས་ཀྱིས་གསང་ཉུལ་བའི་ལས་དོན་སྒྲུབ་ཀྱི་ཡོད་པ་ཤེས་རྟོགས་ཐུབ་ཡོད་ཀྱང་། ད་ལྟ་ཁོ་ཚོ་བྲོས་ཕྱིན་ཡོད་སྐོར་སོགས་བརྗོད་འདུག

ཨ་རིའི་ཁྲིམས་དཔྱོད་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན། ཝང་ཟེར་བའི་རྒྱ་རིགས་དེས། ཕྱི་ལོ་ ༢༠༡༡ ཙམ་ནས་རྒྱ་ནག་དབུས་བདེ་སྲུང་ལྷན་ཁང་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་མ་ཟད། རྒྱ་ནག་བདེ་སྲུང་ལྷན་ཁང་གིས། ཝང་ལ་བོད་དོན་ལས་འགུལ་བ་དང་ཐའེ་ཝན་རང་བཙན་འཐབ་རྩོད་པ། དེ་བཞིན། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་ཡུ་གུར་ལས་འགུལ་བ་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱ་དགོས་པའི་བཀོད་མངགས་བྱས་ཡོད་འདུག

ད་ལྟ་རྒྱ་ནག་གཞུང་གི་གསང་ཉུལ་བ་དེ་དག་ལ་ཨ་རིའི་མངའ་སྡེ་ནེའུ་ཡོག་གི་གྲོང་ཁྱེར་(Brooklyn) གྱི་ཁྲིམས་ཁང་ཞིག་གིས་འདྲི་གཅོད་གཏོང་གི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨ་རིའི་ཁྲིམས་དཔྱོད་ལས་ཁུངས་དེའི་ཁྲིམས་རྩོད་པ་ (Breon Peace) ལགས་ཀྱིས། རྒྱ་རིགས་དེ་དག་གི་བྱ་སྤྱོད་ལས། རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་ནང་གནས་སྡོད་བྱེད་མཁན་གྱི་རྒྱ་རིགས་མི་མང་གི་བདེ་འཇགས་དང་རང་དབང་ལ་འཇིགས་སྐུལ་གཏོང་གི་ཡོད་པའི་རྐུབ་རྡོལ་ཡོད།  ཅེས་བརྗོད་ཡོད་པ་རེད། འོན་ཀྱང་། དེ་འབྲེལ་ཐད། ཨ་རིའི་རྒྱལ་ས་ཝང་ཤི་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་གིས། ཨ་རིའི་ཕྱོགས་ནས་རྒྱ་རིགས་མི་སེར་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་པའི་ཐོག་ནས་བདེན་པ་དང་ཁྲིམས་མཐུན་གྱིས་ཞིབ་འཇུག་བྱ་དགོས་པ་ནན་སྐུལ་བྱེད་བཞིན་ཡོད། ཅེས་དང་། རྒྱ་རིགས་དེ་དག་གི་ནག་ཉེས་ནི་ཆེད་དུ་ཨ་རིས་བཟོས་པ་ཞིག་ཡིན་པའི་སྐྱོན་འཛུགས་བྱས་ཡོད་འདུག

ཡང་དེ་འབྲེལ་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གི་གནས་ཚུལ་ནང་། རྒྱ་ནག་གཞུང་གི་གསང་ཉུལ་བ་དེ་དག་གིས། ཨ་རིའི་མི་སེར་ཡིན་པའི་ཝང་ཟེར་བ་དང་མཉམ་འབྲེལ་བྱས་ཏེ། ཝང་གི་ལས་འགན་གཙོ་བོ་ནི་ཨ་རིའི་ནང་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ། དེ་བཞིན་བོད་དང་ཐའེ་ཝན། ཧོང་ཀོང་དང་ཡུ་གུར་བཅས་ཀྱི་རང་དབང་འཐབ་རྩོད་ལས་འགུལ་བ་རྣམས་དང་འབྲེལ་འདྲིས་བྱ་རྒྱུ་དེ་ཡིན་ཞིང་། ཁོ་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་པ་བརྒྱུད་རང་དབང་ལུང་པའི་ནང་གི་རྒྱ་རིགས་དང་བོད་མི། ཐའེ་ཝན་དང་ཧོང་ཀོང་། ཡུ་གུར་མི་མང་བཅས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཨ་རིའི་གཞུང་ཕྱོགས་ཀྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༨ ནས་ཨ་རིའི་ནང་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་སྒྲུབ་མཁན་ཇེ་མང་དུ་ཕྱིན་ཡོད་པའི་ངོས་འཛིན་འོག  ལོ་དེར་ཨ་རིའི་རྒྱལ་སྲིད་བདེ་འཇགས་ལས་ཁུངས་དང་ཨ་རིའི་དབུས་ཞིབ་དཔྱོད་ལས་ཁུངས་(FBI)། གཞན་ཡང་རྒྱལ་ཡོངས་ཀྱི་ཁྲིམས་དཔྱོད་ལས་ཁུངས་ཁག་གིས། རྒྱ་ནག་མགོ་འཛུགས (China Initiative) ཞེས་རྒྱ་ནག་གིས་ཨ་རིའི་ཚོང་ལས་དང་ཚན་ལས་འཕྲུལ་རིགས་སོགས་ཀྱི་གནས་ཚུལ་རྐུ་འཁྱེར་བྱ་རྒྱུ་མཚམས་འཇོག་ཐབས་ཀྱི་སྲིད་ཇུས་ཤིག་གཏན་འབེབས་བྱས་ཏེ། ད་ལྟའང་ལག་བསྟར་བྱེད་མུས་ཡིན་ཡང་། ཨ་རིའི་ནང་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་དང་འབྲེལ་བའི་དཀའ་ངལ་མུ་མཐུད་འཕྲད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༢༡ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༢༣ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese