མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཐུགས་གསོའི་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༡༩༩༠ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཨུ་རུ་སུའི་སྲིད་ཟུར་སྐུ་ཞབས་མེ་ཁེལ་གྷོར་བྷ་ཆོབ་མཆོག་སྐུ་གྲོངས་བར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

His Holiness the Dalai Lama and former leader of the Soviet Union and Nobel Peace Laureate Mikhail Gorbachev participate in a panel discussion during the 12th World Summit of Nobel Peace Laureates in Chicago, Illinois, USA on April 25th, 2012.

ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་དང་ཨུ་རུ་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་མེ་ཁེལ་གྷོར་བྷ་ཆོབ་ (Mikhail Gorbachev) མཆོག་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་དབུས་སྨན་ཁང་དུ་ཡུན་རིང་ནད་མནར་རྐྱེན་གྱིས་སྐུ་གྲོངས་ཡོད་སྟབས། ཁ་སང་༧གོང་ས་མཆོག་ནས་སྲིད་ཟུར་མཆོག་གི་བུ་མོ་ཨི་རི་ནཱ་ (Irina Virganskaya) ལགས་ཀྱི་མཚན་ཐོག་ཏུ་ཁོང་གི་ཤུལ་ལུས་ནང་མི་གཉེན་ཉེ་སོགས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད་འདུག

དེ་ཡང་ཐུགས་གསོའི་གསུང་འཕྲིན་ནང་། ངོས་རང་དམ་པ་ཁོང་དང་ཁོང་གི་གུ་ཡངས་ཀྱི་བསམ་བློ་དང་བསྒྱུར་བཅོས་བཏང་བ། དེ་བཞིན་གོ་མཚོན་གྱི་དམག་འཁྲུག་ལ་དགག་པ་བརྒྱབ་པར་གུས་བཀུར་ཞུ་ཡི་ཡོད། ཁོང་གིས་འཛམ་གླིང་ནང་དུ་རྡུལ་ཕྲན་མཚོན་ཆ་ཉུང་དུ་གཏོང་བར་ཕྱག་ལས་གནང་ཡོད་པ་རེད། ཅེས་དང་། འདས་པའི་ལོ་ངོ་མང་པོའི་རིང་འཛམ་གླིང་ས་ཕྱོགས་གང་སར་ཁོང་དང་ལྷན་དུ་ཞི་བདེའི་གླེང་སྟེགས་སྣ་མང་ནང་ལྷན་ཞུགས་ཀྱིས་ཐུག་འཕྲད་གནང་རྒྱུའི་གོ་སྐབས་བྱུང་བ་དང་། ངོས་རང་གཉིས་ཀྱི་བར་ལ་འབྲེལ་བ་བཟང་པོ་ཡོད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་ནས་མེ་ཁེལ་གྷོར་བྷ་ཆོབ་མཆོག་ནི་འཆར་སྣང་དང་ལྡན་ཞིང་མིག་དཔེར་འོས་པའི་དབུ་ཁྲིད་ཅིག་ཡིན་ཞིང་། ཁོང་བགྲེས་ཡོལ་དུ་ཕེབས་ཟིན་པའི་རྗེས་སུའང་འཛམ་གླིང་ནང་ཞི་བདེ་དར་སྤེལ་དང་འགྲིག་འཇགས་མུ་མཐུད་དུ་གནང་ཡོད་པ་རེད། ཁོང་གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ཚོགས་ཆེན་དབུ་འཛུགས་གནང་བར་བརྟེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་། འབྲེལ་ཡོད་ཚོགས་པ་རྣམས་མཉམ་འཛོམས་ཀྱིས་སྔར་ལས་ལྷག་པའི་བྱམས་སྐྱོང་དང་ཞི་བདེ་དང་ལྡན་པའི་འཛམ་གླིང་བསྐྲུན་ཐབས་སུ་ཐུན་མོང་གི་བསམ་ཚུལ་ཡོང་གི་ཡོད་པ་རེད། ཅེས་གསུངས་འདུག

མཇུག་ཏུ་༧གོང་ས་མཆོག་གིས། དམ་པ་ཁོང་ནས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པ་དང་། སེམས་སྐུལ་གནང་བ་ལྟར། ང་ཚོས་རང་དབང་ལྡན་པ་དང་དྲག་དམག་མེད་པའི་འཛམ་གླིང་ཞིག་བསྐྲུན་པའི་ཐོག ཁོང་གི་སྙིང་སྟོབས་གསོན་པོར་འཇོག་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

མེ་ཁེལ་གྷོར་བྷ་ཆོབ་ (Mikhail Gorbachev) མཆོག་ནི། ཕྱི་ལོ་ ༡༩༣༡ ཟླ་ ༣ ཚེས་ ༢ ཉིན་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༥ ལོར་མོ་སི་ཁོའི་གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ཀྱི་ཐོག་ལ་སློབ་མཐར་ཕྱིན་ནས། (Stavropol) ས་གནས་ཀྱི་ཁྲིམས་རྩོད་པའི་ཕྱག་ལས་གནང་ཡོད་ཀྱང་། ལས་ཀ་དེ་ལ་དོ་དབྱིངས་མེད་པར་བརྟེན་ (Komsomol) དུ་གནས་སྤོས་ཀྱིས་ས་གནས་དེའི་སྤྱི་ཁྱབ་འགན་འཛིན་གནང་སྟེ། གྲོང་སྡེ་ཁག་ལ་ཕྱིན་ནས་ཁོང་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཐབས་གནང་ཡོད་པ་རེད། དེ་ནས་ཕྱི་ལོ་ ༡༩༦༡ ལོར་ས་གནས་དེའི་དྲུང་ཆེ་ཆགས་ཏེ། ཁོང་གིས་མངའ་སྡེ་ཁག་གི་མགོ་ཁྲིད་ཀྱི་ལས་གནས་སུ་བུད་མེད་བསྐོ་གཞག་གནང་ཡོད་འདུག ཁོང་ནི་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་མཐའ་མ་དེ་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༡༩༨༥ ནས་ ༡༩༩༡ བར་དུ་མགོ་ཁྲིད་ཀྱི་ཕྱག་ལས་གནང་བ་དང་། དབྱིན་ཡུལ་དང་ཧྥ་རན་སི། འཇར་མ་ནི་བཅས་དང་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་གནང་ཡོད་ལ། རྒྱ་ནག་དང་འབྲེལ་ལམ་མུ་མཐུད་དུ་གོང་འཕེལ་བཏང་ཡོད་པ་རེད། ཕྱི་ལོ་ ༡༩༩༠ ནས་ ༡༩༩༡ བར་ལོ་ངོ་གཅིག་གི་རིང་ལ་སྲིད་འཛིན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༠ ལོར་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༧ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese