མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་འདས་གྲོངས་སུ་གྱུར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་ཟི་ལིང་གྲོང་ཁྱེར་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག

སྙན་ངག་པ་གྲགས་ཅན་གཅན་མེ་སྟག དྲ་ལམ་གྱི་པར།

དེ་རིང་བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་སྙུང་གཞི་ཡི་རྐྱེན་པས་ཟི་ལིང་གྲོང་ཁྱེར་དུ་དགུང་ལོ་ ༥༢ ཐོག་འདས་གྲོངས་སུ་གྱུར་ཡོད་ཅིང་། བོད་ནང་གི་སྙན་ངག་པ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་དང་། སྙན་བུ་སོགས་གཙོས་བོད་ཕྱི་ནང་གཉིས་ཀྱི་སྙན་ངག་པ་དང་། རྩོམ་པ་པོ། བསམ་བློ་བ། ཁོང་གི་བརྩམས་ཆོས་ལ་དགའ་མོས་བྱེད་མཁན་མང་པོ་ཞིག་གིས་དྲ་ལམ་དུ་ཁོང་གི་པར་བཞག་ནས་མྱ་ངན་ཞུ་བཞིན་འདུག

བོད་ནང་གི་བོད་མི་ཞིག་གིས་ཡིག་ཐོག་ཏུ། དགུང་ལོ་ལྔ་བཅུའི་བདག་པོ། ཁྱེད་རང་གསོན་དུས་གང་བོར་ཡུལ་འདིའི་དཔལ་འབྱོར་གྱི་མཐའ་ན་ཡོད། དབང་ཐོབ་ཀྱི་བཀྱེད་སར་ཡོད། ནག་ཉེས་ཀྱི་ཕ་མཐར་ཡོད། འགྲན་རྩོད་ཀྱི་འབྲོག་ན་ཡོད། མདོར་ན་བསོད་ནམས་དམན་པའི་སྤྱི་ཚོགས་དང་དུས་རབས་འདིའི་ཟུར་ནས་འགྲེངས་ཡོང་བས་ཁེར་རྐྱང་ལ་ཤིན་ཏུ་གོམས་ཡོད། དེ་རིང་འཆི་བའི་ལམ་ནས་ཀྱང་ཁེར་རྐྱང་ངང་ཉམས་རྟོགས་ཁྱད་པར་བའི་དཔའ་གླུ་མགུར་ལ་འཐེན་བཞིན་བཞུད་ཀྱིན་ཡོད་ངེས། རང་རིག་ལྷག་པའི་ལྷ་དང་དབྱེར་མེད་པའི་ངང་ནས་བཞུད་ཐུབ་པའི་བློ་གཏད་ཡོད། ཕྱིར་བོད་དུའང་མ་སྐྱེས་ན་ཆོག སྐུ་ཉིད་ཤེས་རབ་ཀྱི་དཔལ་འབར་ཐོགས་ཏེ་རང་གི་ཞེ་བློ་མ་ཁེངས་པའི་གདུལ་བྱའི་སླད་དུ་གང་ལ་བཞུད་འདོད་ན་གནས་དེར་གཏན་དུ་བཞུད་ཅིག ཅེས་བྲིས་ཡོད་འདུག

ཡང་བོད་མི་ཞིག་གིས། བོད་ཡིག་གི་སྙན་ངག་ཀློག་མཁན་ཞིག་ཡིན་ཕྱིན། གཅན་མེ་སྟག་ཟེར་བའི་སྙན་ངག་པ་འདི་ངོ་མི་ཤེས་མཁན་ཕལ་ཆེར་ཡོད་མི་སྲིད། དེ་ནི་སྙན་ངག་པ་ཁོ་རང་སྙན་ངག་ལ་འཇུག་པའི་རྣམ་དཔྱོད་ཡངས་ཤིང་འཆར་སྒོ་ཕུན་སུམ་ཚོགས་པས་སོ།། སྙན་ངག་གི་ཀློང་ནས་ནར་སོན་ཅིང་སྙན་ངག་གི་ཀློང་ནས་འཆི་ཕོད་པའི་སྐྱེས་བུ་ཁོང་དང་ཁོང་ལྟ་བུ་དག་ལ་མཚོན་ན་སྐྱེ་འཆི་ཞེས་པའི་ཐ་སྙད་འདི་དག་ནི་སྙན་ངག་གཞན་ཞིག་གི་རྩོམ་གདན་བཏིང་ཞིང་རྩོམ་ལུས་བརྗེ་བ་དང་འདྲ། ཁྱེད་ཀྱི་གློ་བུར་བའི་ཕེབས་བཞུད། འདིའི་རྗེས་ཤུལ་དུ་ཨ་ཕའི་མར་སྒྲོན་ལྟ་བུའི་”གསལ་བྱེད་སུམ་ཅུ་བོ་ཇི་ལྟར་བྱ།” ཨ་མའི་པགས་རྩག་ལྟ་བུའི་”བརྡ་སྤྲོད་ཀྱི་ལྭ་བ་འདི་དག་ཇི་ལྟར་བྱ།” ཁྱེད་ཀྱི་ཕེབས་ལམ་བདེ་བར་སྨོན། ཞེས་བྲིས་ཡོད་འདུག

དེང་སྐབས་བོད་ཁམས་ཀྱི་ས་ཕྱོགས་གང་སར་ཉུལ་བའི་ཟིན་འབྲི་མཁན་གྲགས་ཅན་འབྲོག་སྐྱ་བོས། སྙན་ངག་པ་ཞིག་བཞུད་སོང་བས། འཇིག་རྟེན་ལ་འགྱུར་བ་གང་ཡང་འགྲོ་མི་སྲིད། མི་རྣམས་ཀྱིས་ཤིན་ཏུ་ཕངས་བའི་སེམས་ཀྱིས་མྱ་ངན་ཙམ་ཞུས་རྗེས་སླར་ཡང་གཏིང་བརྗེད་དུ་འགྲོ་ངེས་ཡིན། ཡིན་ཡང་། སྙན་ངག་པ་ཞིག་མེད་སོང་བ་ནི་སྐྱེས་ནས་ནར་མ་སོན་པའི་བྱིས་པ་ཞིག་མེད་སོང་བ་དང་འདྲ། ཁྱོད་རང་དུས་གཏན་དུ་རང་ཉིད་ལྟ་བུའི་ནར་སོན་རྒྱུ་མེད་པའི་བྱིས་པ་དག་གི་སེམས་ཁོང་ནས་གསོན་ངེས་ཡིན། འཆི་བའི་རྗེས་སུ། རྣམ་ཤེས་ཟེར་བ་ཞིག་ཡོད་དམ། རྣམ་ཤེས་ལ་ཕ་ཡུལ་ཟེར་བའི་བུད་འགྲོ་ས་ཞིག་ཡོད་དམ། ཅེས་སོགས་བརྗོད་ཡོད་འདུག

གཞན་ཡང་། དེ་རིང་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་སྙུང་གཞི་ཡི་རྐྱེན་གྱིས་ཟི་ལིང་གྲོང་ཁྱེར་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་རྗེས། བོད་ཕྱི་ནང་གཉིས་ཀྱི་སྙན་ངག་པ་དང་། ཡིག་འབྲི་བ་སོགས་ཀྱིས་དྲ་ལམ་དུ་ཁོང་གི་པར་དང་སྙན་ངག་སོགས་སྤེལ་ནས། སྐད་འཕྲིན་གཙོ་བོ་གྱུར་བའི་དྲ་ལམ་ཧྲིལ་པོ་ཁོང་གི་པར་དང་སྙན་ངག་གིས་ཁེངས་ཡོད་འདུག

གཅན་མེ་སྟག་ལགས་ནི ༡༩༧༠ ལོར་མདོ་སྨད་གཅན་ཚ་ས་ཁུལ་གྱི་ལྷ་ས་ཞེས་པའི་གྲོང་ཚོ་རུ་སྐྱེས། ༡༩༨༩ ལོར་མཚོ་སྔོན་ཞིང་ཆེན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན། ཁོང་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་བར་མཚམས་སུ་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་བཟུང་། དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་སྙན་ངག ༣༠༠  ལྷག་དང་ལྷུག་རྩོམ ༥༠  ལྷག  གླུ་ཚིག ༢༠ ལྷག་སྤེལ་འདུག ཁོང་གིས་མགོ་ལོག་དང་ཟི་ལིང་སོགས་སུ་བྱ་བ་གཉེར་ཞོར།  སྙན་དེབ་《ལྷོ་བཞུད་ཀྱི་ཆུ་འཛིན》སོགས་དང་ལྷུག་རྩོམ་དེབ་《བུ་མོ་གཡུ་ཆུང་ཟླ་བ》སོགས་འགྲེམས་སྤེལ་བྱས་ཡོད་ཅིང་། ཁོང་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་རྟ་མཆོག་རྩོམ་རིག་བྱ་དགའ་གཙོས་རྩོམ་རིག་བྱ་དགའ་ཆེ་གྲས་འགའ་ཐོབ་མྱོང་། ཁོང་གི་སྙན་རྩོམ་ཁ་ཤས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་དང་ཉི་ཧོང་སོགས་ཀྱི་སྐད་དུའང་བསྒྱུར་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese