མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

‘ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ།’ ཞེས་པའི་བརྩམས་སྒྲུང་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༢༢/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་དབྱངས་འཛོམས་ཀྱིས་དབྱིན་ཡིག་ནང་བྲིས།

                                    བཀྲ་ཤིས་རྣམ་རྒྱལ་གྱིས་བསྒྱུར།

བརྩམས་སྒྲུང་འདིའི་ནང་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་བླ་མ་ལགས་ཀྱིས་ ༡༩༦༠ ལོར་བོད་ཀྱི་ནང་མི་ཞིག་བཙན་བྱོལ་ལ་ཡོང་བའི་མི་ཐོག་ཁ་ཤས་ཀྱི་སྒྲུང་མཚོན་པར་བྱས་ཡོད་ལ། ཁོ་ཚོས་བོད་ནས་རང་ཁྱིམ་བཞག་སྟེ་རང་ཉིད་ལ་སྡོད་གནས་མཁོ་སྤྲོད་དང་སྲུང་སྐྱོབ་བྱེད་མཁན་རྒྱལ་ཁབ་ཐོག་མར་བལ་ཡུལ་གྱི་སྐྱབས་བཅོལ་གཞིས་སྒར་དང་། དེ་ནས་ཁ་ན་ཌར་ཡོང་བའི་སྐོར་བྲིས་འདུག དེབ་ཀྱི་མགོ་མཇུག་བར་གསུམ་དུ་ངེས་གཏན་མེད་པའི་འཚོ་གནས་དང་དེར་གདོང་ལེན་བྱེད་པའི་རྣམ་པ་ཞིག་མངོན་པར་བྱས་ནས་བཙན་བྱོལ་བའི་འཚོ་བར་ལྟ་བའི་གདུང་སེམས་ཀྱི་སྒེའུ་ཁུང་གསལ་པོ་ཞིག་བཟོ་བསྐྲུན་བྱས་འདུག སྒྲུང་དེའི་མི་སྣ་གཙོ་བོ་ལྷ་མོ་དང་བསྟན་སྐྱིད་སྤུན་གཉིས། ལྷ་མོའི་བུ་མོ་སྒྲོལ་མ། བློ་ཐག་རིང་བའི་ལྷ་མོའི་དགའ་རོགས་བསམ་འཕེལ་བཅས་ཀྱི་མི་ཚེའི་ལྟ་ཕྱོགས་ལྟར་བཤད་འདུག་ལ། དེའི་ནང་འདས་དོན་མང་པོ་ཞིག་བར་བཅུག་བྱས་ཡོད་པས་ཀློག་རྒྱུར་གོམས་པར་ཅུང་ཟད་འགོར་ངེས། ཁྱིམ་ཚང་དེའི་གཏམ་རྒྱུད་ ༡༩༦༠ ལོར་འགོ་བཙུགས་ཤིང་ ༢༠༡༢ ལོར་དྲན་ཤེས་རབ་རིབ་ཅིག་དང་ལྷན་དུ་མཇུག་བསྡུས་ཡོད།

ནམ་རྒྱུན་རྒྱ་གར་དང་། བལ་ཡུལ། འབྲུག་སོགས་ཕྱིའི་རྒྱལ་ཁབ་ནང་སྡོད་མཁན་གྱི་བོད་པ་སྟོང་ཕྲག་མང་པོ་ལ་གནས་སྤོ་མཁན་དང་། སྐྱབས་བཅོལ་བ། ཡང་ན་ཕྱི་མི་ཞེས་ཐ་སྙད་དེ་དག་གིས་འགྲེལ་བཤད་རྒྱག་གི་ཡོད། གྲང་ངར་ཆེ་བའི་བོད་ཀྱི་རྒྱལ་མཚམས་བརྒལ་ནས་ཡོང་ཞིང་སྙེག་དཀའ་བའི་འགྲུལ་བཞུད་ཀྱི་བརྒྱུད་རིམ་ཁྲོད་ནས་ཤུལ་ཏུ་ལྷག་པའི་བོད་ཀྱི་མི་རབས་ཐོག་མ་རྣམས་ཀྱིས་རྒྱལ་ཁབ་གཞན་ཞིག་ཏུ་འཚོ་ཐབས་བྱས་པའི་གནས་ཚུལ་དེ་ནི་བཙན་བྱོལ་གྱི་བོད་མི་ཡོད་དོ་ཅོག་དང་བོད་ནང་གི་མི་མང་པོར་རྒྱུས་མངའ་ལྡན་པ་ཞིག་ཡིན། ཚེ་རིང་དབྱངས་འཛོམས་བླ་མ་ལགས་ཀྱི་བརྩམས་སྒྲུང་གི་འགོ་ཡང་ལྷ་མོ་དང་བསྟན་སྐྱིད་གཉིས་ཀྱི་འགྲུལ་བཞུད་དེ་འདྲ་བ་ཞིག་ནས་བརྩམས་འདུག

གྲོང་སྡེ་ཡི་སྲུང་མ་སྟེ་ཁོ་གཉིས་ཀྱི་ཨ་མས་རི་ཚོགས་ཀྱི་ཕ་རོལ་ཏུ་ཆགས་པའི་རང་གི་གྲོང་མི་རྣམས་ལ་ས་མཚམས་བརྒལ་བར་རོགས་པ་བྱས་ན་ཡང་།  དངོས་ཡོད་ཀྱི་སྐྱབས་བཅོལ་བའི་འཚོ་བར་ཁ་གཏད་གཅོག་དགོས་པ་དེ་གལ་ཆེན་དུ་གྱུར་བས། ཕྱིར་ཕ་ཡུལ་དུ་ལོག་ནས་རྒྱ་མིར་འཐབ་འཛིང་བྱེད་དགོས་པ་བཅས་ཀྱི་སྔར་གྱི་རེ་བའི་ཉིན་མོ་དག་ཇེ་ཉུང་དུ་ཕྱིན། ཐ་ན་ལྷ་སྲུང་མས་ཀྱང་ཕྱི་ཡུལ་གྱི་ས་ཆ་དང་ཁོར་ཡུག་འོག་མགོ་བོ་སྒུར་དགོས་བྱུང་བར་སྙམ་ལ། ཁོ་གཉིས་ཀྱི་ཨ་མ་ཚེ་ལས་འདས་པ་ནི་ནང་མི་དང་། རིག་གཞུང་། ཆོས་ཕྱོགས་གང་ཐད་ནས་ཀྱང་ཕམ་ཁ་ཆེན་པོ་ཞིག་ཏུ་གྱུར་བར་སྣང་།

བོད་ལ་བཙན་འཛུལ་ཐེབས་པའི་ལོ་རྒྱུས་གཙོ་བོ་དེ་སྤྱི་ཚོགས་ཚན་རིག་དང་ལོ་རྒྱུས་ཀྱི་དེབ་ནང་བཀོད་ཡོད་ལ། དེབ་འདིའི་ནང་དུ་ཡང་ལྷ་མོ་བུ་མོ་སྤུན་གཉིས་དང་མི་གཞན་རྣམས་ཀྱིས་ཉིན་རེའི་དཀའ་ངལ་ཁྱད་གསོད་ཀྱིས་བལ་ཡུལ་ཏུ་སྐྱབས་བཅོལ་བའི་སྡོད་སྒར་གསར་བསྐྲུན་བྱས་པའི་ལོ་རྒྱུས་བཀོད་འདུག དེ་སྔ་བཟའ་མྱོང་མེད་པའི་ཕྱི་ཡུལ་གྱི་ངང་ལག་བཟའ་འདོད་ཤུགས་ཆེ་སྐྱེས་པ་དང་། ཕ་ཡུལ་གྱི་གྲོང་སྡེ་ཡི་ཡུལ་མི་ཚང་མ་འཆི་ཁར་བརྫངས་ཤིང་བཙོན་ཁང་ནང་བཅུག་ཡོད་པའི་འཇིགས་སྣང་ཆེ་ཞིང་ཡིད་སུན་པའི་གནས་ཚུལ་རྣམས་མ་བཅོས་དྲང་པོར་བྲིས་འདུག  བོད་ལ་ཕྱིར་མ་ལོག་བར་དུ་སྐྲ་ཡི་ལན་བུ་གཏུབ་ཀྱི་མིན་པར་ཁས་བླངས་པའི་ལྷ་མོའི་ཨ་ཞང་མིག་དམར་ལགས་ཀྱིས་མཐར་ལོ་ངོ་ཉེར་ལྔའི་རྗེས་སུ་སྐྲ་བཏུབས་པ་དང་། མི་ཚེ་འདིའི་ན་ཟུག་དང་རྫོགས་མཐའ་མེད་པའི་དཀའ་ངལ་རྣམས་ངག་ནས་ཤོར་ཡོད། དེ་ལྟར་ཚེ་རིང་དབྱངས་འཛོམས་བླ་མ་ལགས་ཀྱིས་བོད་མི་ཚོའི་བློས་གཏོང་དང་། འཐབ་རྩོད། སྤྲོ་སྣང་། ལྷག་པར་དུ་མི་རབས་ཐོག་མའི་སྐྱབས་བཅོལ་བ་ཚོས་རྨང་གཞི་བཏིང་ནས་ད་ལྟ་བོད་པའི་སྤྱི་ཚོགས་དེ་ཡར་རྒྱས་ཕྱིན་པ་དང་ལེགས་འགྲུབ་བྱུང་བའི་སྐོར་བྲིས་ཡོད་པས། མོའི་བརྩམས་སྒྲུང་དང་པོ་དེ་ཀློག་པ་པོར་ཚོར་ཤུགས་སློང་ཐུབ་པ་ཞིག་ཏུ་གྱུར་བ་རེད།

སྤྱིར་བོད་པ་ཚོའི་བྲོས་བྱོལ་གྱི་འགྲུལ་བཞུད་ནི་ཞེད་སྣང་དོད་ཅིང་སེམས་ངལ་ཆེ་བ་ཞིག་ཡིན་ན་ཡང་། དེབ་འདིར་དེའི་སྐོར་རྒྱས་འབྲི་བྱས་མི་འདུག་ལ། འདས་པའི་བོད་དེ་ངོ་མཚར་ལྡན་པ་ཞིག་ཡིན་པའང་བཀོད་མི་འདུག རྩོམ་པ་པོས་གཙོ་འདོན་བྱས་ཡོད་པ་ནི་དཀའ་སྡུག་གི་གང་བའི་འཚོ་བ་སྟེ། ཁོ་ཚོ་མི་སྣ་རེ་རེ་ཡི་མི་ཚེ་དང་མདུན་ལམ་ནི་དོན་དངོས་སུ་སྐྱབས་བཅོལ་བའི་མིང་འོག་ནས་འཚོ་བ་འདོད་པ་ཁེངས་བ་ཞིག་རོལ་ཐུབ་ཀྱི་མེད་པའི་བདེན་པ་དེ་ཡིན། རྩོམ་པ་པོས་ད་དུང་ང་ཚོར་མཇའ་ཚོན་བཞིན་མངོན་ཡོང་བ་དང་མི་མངོན་པར་འགྱུར་ནུས་པའི་མིང་མེད་པའི་གྲུབ་ཐོབ་པ་ཞིག་གི་ལྷ་སྐུ་ངོ་སྤྲོད་བྱས་ཡོད་ལ། སྒྲོལ་མས་ཡུན་རིང་བོར་བརླག་ཏུ་ཕྱིན་པའི་ལྷ་སྐུ་དེ་གྲོང་ཁྱེར་ཊོ་རོན་ཊི་ (Totonto) ཡི་ཤར་ཕྱོགས་པའི་རིག་རྩལ་འཚོལ་བསྡུ་བྱེད་མཁན་སྒེར་བ་ཞིག་གི་སར་བརྙེད་པ་དང་། མི་རིང་བར་ལྷ་སྐུ་དེ་རྒྱལ་ས་ཨོ་ཊ་ཝ་ (Ottawa) ཡི་འགྲེམས་སྟོན་ཁང་དུ་གཡར་རྩིས་རེད་འདུག

སྐབས་འདིར་སྒྲུང་ནང་ཕྱོགས་གཅིག་ནས་ཐལ་དྲགས་པའི་བོད་མི་རྣམས་ཀྱི་ཆོས་དད་དང་། ཕྱོགས་གཞན་ནས་གནའ་རྫས་དང་སྒྱུ་རྩལ་གྱི་རིག་གཞུང་ཚོང་གཉེར་བྱེད་པའི་ཕྱུག་བདག་དང་དབང་ཅན་ཚོའི་ས་ནས་ལྷ་སྐུ་དེ་ཕྱིར་ལེན་ཐབས་མེད་ཚུལ་བཤད། ལྷ་སྐུ་དེ་ནི་ལྷ་མོའི་གཞིས་སྒར་གྱི་མི་ཚང་མར་མཚོན་ན་རིན་ཐང་ཆེན་པོ་ཡིན། གང་ལ་ཞེ་ན་དེ་ནི་ཁོ་ཚོའི་མིག་མདུན་གྱི་འཚོ་བའི་ཆ་ཤས་ཤིག་ཡིན་པ་དང་། ཁོ་ཚོ་བཙན་གྱིས་རང་ཁྱིམ་དང་ཁ་འབྲལ་བཅུག་པའི་འདས་དོན་ལ་འབྲེལ་བ་ཟབ་པའི་དངོས་པོ་རྩ་ཆེན་ཞིག་ཡིན། སྒྲོལ་མའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོས་ངོ་སྤྲོད་བྱས་པའི་གནའ་རྫས་འཚོལ་བསྡུ་བྱེད་མཁན་ཚོར་མཚོན་ན་ལྷ་སྐུ་དེ་ནི་ཡིད་དུ་འོང་བའི་ཚོང་རྫས་གོང་ཆེན་ཞིག་ལས་དེ་འདྲའི་རྩ་ཆེན་ཞིག་མིན། རྩོམ་པ་པོས་དགེ་རྩའི་རང་བཞིན་དུ་མཐོང་བའི་གནའ་རྫས་འཚོལ་བསྡུ་བྱེད་མཁན་ཚོ་ནི་དོན་དངོས་ཐོག་རིག་གཞུང་ཉར་ཚགས་ལ་ཁ་གཡར་ནས་མི་སེར་སྤེལ་མཁན་གྱིས་རྐུ་བྱེད་པ་དང་གཅིག་མཚུངས་ཡིན་པ་གསལ་འདོན་བྱས་འདུག ཕྱིས་སུ་ལྷ་སྐུ་དེ་བསམ་འཕེལ་གྱིས་བཙོངས་པ་དང་། ཁོ་ནི་ནག་ཚོང་རྒྱག་མཁན་ཞིག་ཡིན་པ་མ་ཟད། བོད་ནས་གནའ་རྫས་གཞན་བརྐུས་ཏེ་ནུབ་ཕྱོགས་སུ་བཙོངས་པ་ཤེས་རྟོགས་བྱུང་། རིག་གཞུང་ལ་འགྱུར་བ་འགྲོ་བཞིན་པའི་སྐབས་སུ་བོད་པ་ཚོས་ནང་ཁུལ་དུ་སེམས་ངན་བཅངས་བ་དང་། ཡང་དེ་འགྲིག་ཐབས་བྱས་པ་བཅས་རང་གི་སྤྱི་ཚོགས་ནང་མཐོང་འདོད་མེད་པའི་འཚོ་བའི་ཟུར་བཅས་མངོན་གསལ་དོད་པོར་བྲིས་པ་ནི་ཅུང་བཟོད་དཀའ་བ་ཞིག་ཡིན་ན་ཡང་། བཙན་བྱོལ་བ་ཞིག་གི་ངོས་ནས་བཤད་ན་དེ་ནི་ལྷིང་འཇགས་མེད་པའི་འཚོ་བའི་ཆ་ཤས་ཤིག་དྲན་སྟངས་ག་ལ་མིན།

བོད་པ་སྐྱབས་བཅོལ་བའི་གནས་སྟངས་མཚོན་པར་བྱེད་པའི་བཅོས་སྒྲུང་གཞན་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པ་ནི་བརྩམས་སྒྲུང་འདིས་སེམས་ཁམས་འཕྲོད་བསྟེན་ལ་བྱམས་བརྩེའི་སྒོ་ནས་བཅོས་ཐབས་བྱེད་པ་དེ་ཡིན། དེར་བརྟེན་བརྩམས་སྒྲུང་འདི་ཁྱད་དུ་འཕགས་པ་ཞིག་ཆགས་འདུག ཕྱིས་སུ་བསྟན་སྐྱིད་བུད་མེད་རྒན་པ་ཞིག་ཏུ་གྱུར་ནས་གྲོང་ཁྱེར་ཊོ་རོན་ཊོ་ཡི་ས་གནས་པཱར་ཁི་ཌེལ་ (Parkdale) ལ་སྒྲོལ་མ་དང་མཉམ་དུ་བསྡད་པ་དང་། མོ་བསྐྱར་དུ་རྒྱལ་ཁབ་གསར་བ་ཞིག་ལ་འབྱོར་ཞིང་སྐྱབས་བཅོལ་བའི་འཐབ་རྩོད་ཁྲོད་སེམས་ངལ་གྱིས་ཡོངས་སུ་མནར། མི་ཁ་ཤས་ཀྱིས་སྡོད་གནས་ཐེངས་གཅིག་ལས་བརྗེ་མི་དགོས་ཀྱང་། མང་པོ་ཞིག་གིས་ཐེངས་མང་པོར་སྡོད་གནས་བརྗེ་པོ་རྒྱག་དགོས་ཀྱི་ཡོད།

བསྟན་སྐྱིད་བོད་ནས་བལ་ཡུལ་དང་། དེ་ནས་རྒྱ་གར། མཐར་ཁ་ན་ཌ་བཅས་ལ་གནས་སྤོས་བྱས་པར་བརྟེན། མོ་ཆུང་དུས་ཀྱི་སྤོབས་པ་ལྡན་པའི་བསྟན་སྐྱིད་ཀྱི་གྲུབ་གཟུགས་ལ་ཕྱིར་ལོག་ནས་གློ་བུར་ཐོག་རྒྱག་ལ་ལམ་གཞུང་དུ་གད་མོ་དགོད་པར་གྱུར་བས། ཡ་མཚར་པའི་སྤྱོད་པ་དེས་སྒྲོལ་མ་ལ་སེམས་ཁྲལ་བསླངས། ན་ཟུག་དེ་ནི་ཨ་ནེ་དང་ཚ་མོ་གཉིས་བར་གྱི་གསང་བ་ཡིན། རྩོམ་པ་པོས་བསྟན་སྐྱིད་སེམས་ངལ་གྱིས་མནར་བཞིན་པ་ཐད་ཀར་བཤད་མེད་ན་ཡང་། སྔོན་ཆད་བོད་སྒར་དུ་སྡོད་སྐབས་ཕྱག་ལས་གལ་ཆེན་སྒྲུབ་པར་གཞན་གྱིས་བསྔགས་བརྗོད་བྱས་ཤིང་བལ་ཡུལ་ལ་དགེ་རྒན་ཡང་བྱས་མྱོང་བའི་བསྟན་སྐྱིད་ལ་མཚོན་ན། གྲོང་ཁྱེར་ཊོ་རོན་ཊོ་ལ་གཙང་བཟོའི་ལས་ཀ་མི་བྱེད་ཀ་མེད་ཆགས་པས། མི་ཚེའི་ནང་འགྱུར་བ་ཆེན་པོ་བྱུང་བ་དང་། ད་དུང་འཚོ་བ་གསར་བ་ཞིག་གི་དཀའ་ངལ་དང་དུ་ལེན་དགོས་བྱུང་དུས་སེམས་ངལ་ཆེ་བ་སྨོས་ཅི་དགོས། ང་ཚོས་རྟག་ཏུ་གནས་སྤོ་མཁན་གྱི་ཕུགས་འདུན་གྱི་ཆ་ཤས་གླེང་བ་ལས། ཁོ་ཚོའི་སྙིང་སྟོབས་དང་། སྙིང་རུས། འབད་བརྩོན། ད་དུང་རྒྱལ་ཁབ་གསར་བ་ཞིག་གི་ནང་ལེགས་འགྲུབ་ཡོང་བར་རྒྱབ་སྐྱོར་དགོས་པ་བཅས་ཤོད་རྒྱུ་ཧ་ཅང་དཀོན། གང་ལྟར་བརྩམས་སྒྲུང་འདིར་དེ་ཚོའི་སྐོར་གལ་ཆེ་ཞིང་སེམས་འགུལ་ཐེབས་པ་ཞིག་བྲིས་འདུག དེབ་འདི་ཀློག་མཁན་ཚོར་སེམས་ཁམས་འཕྲོད་བསྟེན་སྐོར་ཤོད་རྒྱུའི་སེམས་ཤུགས་འཕར་མ་རེ་སྐྱེས་པའི་རེ་བ་འདུག་ལ། ལྷག་པར་དུ་བྱང་ཨ་རིའི་བོད་པ་མི་འབོར་མང་ཤོས་གནས་སའི་གྲོང་ཁྱེར་ཊོ་རོན་ཊོ་ཡི་བོད་པ་ཚོས་ཉེ་ཆར་རང་སེམས་ཁམས་འཕྲོད་བསྟེན་སྣང་མེད་བཏང་བ་ཡིན་ན། ཇི་འདྲའི་ཉེན་ཁ་ཆེ་ཞིང་བློ་ཕམ་དགོས་པ་ཞིག་ཡིན་པ་མིག་མཐོང་ལག་ཟིན་ཡོད།

‘ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ།’ ཞེས་པ་འདི་ནི་བོད་མིས་བྲིས་པའི་དབྱིན་རྩོམ་ཇེ་མང་དུ་འགྲོ་བཞིན་པའི་སྡེ་ལ་ཁ་སྣོན་ཁྱད་པར་བ་ཞིག་རེད། སྒྲུང་ནི་སྒྲུང་ཙམ་ཞིག་ཡེ་ནས་མ་ཡིན་པར། དེར་ཁྱེད་ལ་དོན་དག་མང་པོ་ཞིག་ཚོར་ཐུབ་པ་དང་། མཐོང་བ། ཐོས་འཇུག་པའི་ནུས་པ་ཡོད་པ་མ་ཟད། ཁྱེད་རང་རྒྱ་ཆེ་བའི་འཛམ་གླིང་འདིར་གཅིག་པུ་མིན་པ་ཡང་ཤེས་སུ་འཇུག  རྩོམ་རིག་གི་སྡིངས་ཆའི་སྟེང་བོད་པའི་མིང་འོག་ཏུ་དམར་རྟགས་རྒྱག་བཞིན་ཧ་ལམ་ཕྱི་མི་ཡིན་པའི་རྣམ་པ་སྟོན་བཞིན་པའི་སྐབས་སུ། སྒྲུང་རྩོམ་འདིའི་ནང་བོད་པའི་མིང་མི་འདྲ་བ་མང་པོ་མཐོང་ཐུབ་པ་ནི་སེམས་འགུལ་ཐེབས་པ་ཞིག་རེད།  འདི་ནི་འཚར་བཞིན་པ་དང་ན་ཟུག་རྒོད་པའི་བརྩེ་དུང་གི་སྒྲུང་ཞིག་རེད་ཅེས་བཤད་ཀྱང་ཆོག བརྩེ་དུང་གིས་མི་སྣ་རྣམས་མཉམ་དུ་བཅིངས་ནས་དཀའ་ངལ་ཆེ་བའི་འཚོ་བར་ངལ་གསོ་ཐེངས་རེ་སྤྲོད་པར་བྱེད། རྩོམ་པ་པོས་བརྩེ་བ་དང་། ཕམ་ཁ། འཚོ་བ་བསྐྱར་གསོ་བྱེད་པའི་སྣང་བརྙན་སོགས་བསྐྲུན་ནས་སྐྱབས་བཅོལ་བའི་མི་ཚེར་མཛེས་སྡུག་དང་ཆེ་མཐོང་སྤྲད་ཡོད།

དེབ་འདིའི་མདུན་ཤོག་གི་རི་མོ་ནི་བོད་ཀྱི་རས་ཆ་པར་མ་དང་གོས་འདྲེས་མ་སྙིང་རྗེ་པོ་ཞིག་ཡིན་ནའང་། ངས་དེ་ནི་བོད་ཀྱི་སྒྱུ་རྩལ་བ་དང་ཁོ་ཚོའི་རི་མོར་རྒྱབ་སྐྱོར་བྱེད་པའི་གོ་སྐབས་ཤིག་ཡིན་པ་དང་། སྡིངས་ཆ་དེ་འདྲ་རག་རྒྱུ་ནི་ལས་སླ་པོ་མིན་པ་ཚོར་བྱུང་། བོད་པ་སྐྱབས་བཅོལ་བ་ཞིག་ལ་མཚོན་ན། བརྩམས་སྒྲུང་འདིས་རང་ཉིད་ལ་ཡང་བསྐྱར་འགྲེལ་བཤད་ཅིག་བརྒྱབ་པ་དང་འདྲ། འདི་ནི་གཏམ་རྒྱུད་དང་། ལྷ་སྒྲུང་། དམངས་ཁྲོད་ཀྱི་སྒྲུང་། རང་ཉིད་ཀྱི་ཕ་ས་ཕ་ཡུལ་རྒྱང་དུ་བཞག་ནས་རྒྱ་གར་དང་བལ་ཡུལ། འབྲུག ཨ་རི། ཁ་ན་ཌ་སོགས་ཀྱི་རྒྱལ་ཁབ་ནང་བསྐྱར་དུ་འཚོ་བ་རོལ་བའི་བོད་མི་ཚོའི་ཉམས་མྱོང་བཅས་གཞི་ལ་བཞག་ནས་བྲིས་པ་ཞིག་རེད། ཕྱིར་དྲན་དང་ལོ་རྒྱུས་ཀྱི་བྲག་ཆ་ཇི་སྙེད་ཅིག་གིས་ལྷ་མོ་དང་། བསྟན་སྐྱིད། བསམ་འཕེལ། སྒྲོལ་མ་སོགས་ཀྱི་སྐད་ཆ་ལས་ཁོ་ཚོའི་གཏན་འཇགས་ཀྱི་ཕ་ཡུལ་རྙེད་ཐུབ། དེ་དང་ཆབས་ཅིག་བརྩམས་སྒྲུང་འདིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་འབུར་དུ་ཐོན་པར་བྱས་ཡོད། ཚེ་རིང་དབྱངས་འཛོམས་བླ་མ་ལགས་ཀྱི་རྣམ་དཔྱོད་ཁྲོད་སྐབས་ཤིག་ཆ་རྒྱུས་ལྡན་ལ། དེ་ནས་གསར་པར་གྱུར་བའི་སྒྲུང་ཞིག་བཟོ་སྒྲིག་བྱས་པ་རེད། མི་ལོ་བཅུའི་རིང་འཚོལ་ཞིབ་བྱས་རྗེས། བརྩམས་སྒྲུང་འདི་ལ་སྲོག་སྟེར་ཐུབ་པ་དེས་བོད་པ་སུ་ཞིག་གིས་བཀླག་པ་ཡིན་ན་རང་ཉིད་དང་འབྲེལ་བ་ཟབ་པའི་སྒྲུང་ཞིག་ཡིན་པར་སྣང་བ་ནི་རྩོམ་པ་པོའི་འདོད་བློ་མངོན་འགྱུར་བྱུང་ཡོད་པའི་དཔང་བོར་འགྱུར་ངེས། བོད་ལ་ཆ་རྒྱུས་མེད་མཁན་ཞིག་ཡིན་ན། འདི་ནི་མི་སེར་སྤེལ་མཁན་གསར་བས་དངུལ་གྱི་ནུས་པར་བརྟེན་ནས་འཚོ་གནས་ནི་ཡོད་ཚད་ལས་གལ་ཆེན་དུ་བརྩི་ཞིང་རང་ཉིད་ཀྱི་འཚོ་གནས་ཆེད་དཀའ་སྡུག་མི་ཉུང་བ་ཞིག་བརྒྱུད་ཟིན་པས། གཞན་ལ་གནའ་གནོན་དང་གཏོར་རྒོལ་བྱེད་པ་སྦས་པའི་དེ་རིང་གི་མ་རྩ་རིང་ལུགས་ཀྱི་འཛམ་གླིང་ནང་སྐྱབས་བཅོལ་བའི་གནས་སྟངས་ཡིད་སྐྱོ་བ་དེ་དྲང་པོ་དྲང་བཞག་གིས་མཚོན་པའི་བརྩམས་སྒྲུང་ཞིག་ཏུ་གྱུར་ཡོད།

‘ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ།’ ནི་མདོར་བསྡུས་ན་ང་ཚོར་བཤུ་གཞོག་ཇི་འདྲ་བྱེད་མིན་ལ་མ་ལྟོས་པར་སྟོབས་ཆེན་དགྲ་བོར་ཁ་གཏད་ནས་མུ་མཐུད་རང་དབང་འཐབ་རྩོད་བྱེད་པའི་མིའི་རིགས་ཀྱི་འཚོ་གནས་དང་རེ་འདུན་གྱི་སྙིང་སྟོབས་འགྱུར་བ་མེད་པ་དེ་གསལ་པོར་མཚོན་པར་བྱས་པའི་བརྩམས་ཆོས་ཤིག་ཡིན་ནོ། །

མ་རྩོམ་གྱི་འབྲེལ་ཐག https://yeshe.org/we-measure-the-earth-with-our-bodies/

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese