མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་ཝེ་ཌན་གྱི་ཚན་རིག་པ་ཞིག་ལ་ནོ་སྦེལ་སྐྱེ་ཁམས་རིག་པའི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

སི་ཝེ་ཌན་གྱི་ཚན་རིག་པ་སི་བཱན་ཊེ་ཕཱ་པོ་ལགས་ཀྱིས་མིའི་རིགས་རྒྱུད་འཚོལ་ཞིབ་ཀྱི་ལམ་ཁ་གསར་པ་ཞིག་རྙེད་ཡོད་པའི་ངོས་འཛིན་འོག་འདི་ལོའི་སྐྱེ་ཁམས་རིག་པ་དང་སྨན་གྱི་ནོ་སྦེལ་གཟེངས་རྟགས་ཐོབ་འདུག

Photo: medicalxpress

དེ་རིང་ཕྱི་ཚེས་ ༣  ཉིན་སི་ཝེ་ཌན་གྱི་ཁཱ་རོ་ལིན་སི་ཁཱ་(Karolinska Institute)མཐོ་སློབ་དུ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་༢༠༢༢ ལོའི་སྐྱེ་ཁམས་རིག་པ་དང་སྨན་གྱི་ནོ་སྦེལ་གཟེངས་རྟགས་དེ་སི་ཝེ་ཌན་(Sweden)གྱི་ཚན་རིག་པ་སི་བཱན་ཊེ་ཕཱ་པོ་(Svante Paabo)ལགས་སུ་ཐོབ་ཡོད་པ་ཡོངས་བསྒྲགས་གནང་ཡོད་ཅིང་། ཚན་རིག་པ་ཁོང་གིས་མིའི་རིགས་ཀྱི་འཕེལ་རིམ་དང་རིགས་རྒྱུད་རྩ་སྟོང་དུ་སོང་བའི་འཚོལ་ཞིབ་གསར་རྙེད་བྱུང་བར་ཆེ་མཐོང་ཆེད་གནང་ཡོད་འདུག

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ངོས་འཛིན་ནང་། ཚན་རིག་པ་སྐུ་ཞབས་སི་བཱན་ཊེ་ཕཱ་པོ་ལགས་ཀྱི་ཞིབ་འཇུག་གྲུབ་དོན་གྱིས། གདོན་མའི་མིའི་རིགས་ཀྱི་རྒྱུད་རྒྱུ་ཡིས་ད་ལྟའི་མིའི་རིགས་ཀྱི་སྐྱེ་ཁམས་ལ་ཤུགས་རྐྱེན་མུ་མཐུད་སྤྲོད་མུས་ཡིན་ཞིང་། དེའི་དཔེ་མཚོན་གསལ་ཤོས་ཤིག་ནི་མཐོ་སྒང་དུ་འཚོ་གནས་ཐུབ་པའི་ནུས་པ་དང་ཁྱད་ཆོས་ལྡན་པའི་ཌན་ནི་སོ་ཝན་ (Denisovans)རྒྱུད་རྒྱུ་ཡིན་ཞིང་། ད་ལྟ་བོད་མིའི་རིགས་རྒྱུད་དུ་ཐུན་མོང་གི་ཡོད་ལ། དཔེ་མཚོན་གཞན་ཞིག་ནི་ནད་རིམས་འདྲ་མིན་ལ་དཔག་པས་གདོང་ལེན་གྱི་ནུས་པ་ལྡན་པའི་ནིན་ཌར་ཐཱལ  (Neanderthal) རྒྱུད་རྒྱུ་ཡིན་པ་དང་། ཡུ་རོབ་དང་ཨེ་ཤ་ཡ་ཤར་མའི་མི་རྒྱུད་དུ་ཡོད་པའི་ངོས་འཛིན་བྱས་འདུག་པ་མ་་ཟད། ཁོང་གི་འཚོལ་ཞིབ་གྲུབ་དོན་གྱིས་ཚན་རིག་པར་མིའི་རིགས་ཀྱི་འཕེལ་རིམ་དང་གནས་སྤོ་བྱས་པའི་བརྒྱུད་རིམ་སོགས་འཚོལ་བར་རྒྱུ་ཆ་མང་པོ་མཁོ་འདོན་བྱས་ཤིང་། མིའི་རིགས་རྒྱུད་འཚོལ་ཞིབ་བྱེད་པར་ཚན་རིག་གི་ལམ་ཁ་གསར་པ་ཞིག་ཀྱང་གཏད་ཡོད་པ་སོགས། མདོར་ན་སེམས་ཁམས་སམ་སྨན་གྱི་ཞིབ་འཇུག་ཁྲོད་མི་སྲིད་པར་སྙམ་པ་ཞིག་སྲིད་པར་བཟོས་ཡོད་པའི་ངོས་འཛིན་སོགས་བྱས་འདུག

ཚན་རིག་པ་སི་བཱན་ཊེ་ཕཱ་པོ་(Svante Paabo)ལགས་ཕྱི་ལོ་ ༡༩༥༥ ཟླ་ ༤ ཚེས་ ༢༠ ཉིན་སི་ཝི་ཌན་དུ་སྐྱེས་ཤིང་། ཁོང་གི་པ་ལགས་ནི་ཕྱི་ལོ་༡༩༨༢ ལོའི་སྐྱེ་ཁམས་རིག་པ་དང་སྨན་བཅོས་ཀྱི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་སྐྱེ་ལྡན་རྫས་སྦྱོར་པ་སུ་ནེ་(Sune Bergstrom ) ལགས་ཡིན་འདུག ཁོང་གི་མ་ལགས་ནི་ཨེ་སི་ཌོ་ནི་ཡའི་རྫས་སྦྱོར་རིག་པ་ཁཱ་རིན་ཕཱ་པོ་(karin Paabo) རེད། ཁོང་གིས་ཕྱི་ལོ་ ༡༩༨༦ ལོར་ཨུབ་པ་སཱ་ལཱ་གཙུག་ལག་སློབ་གླིང་(Uppsala University) ནས་མིའི་རིགས་ཀྱི་གཟུགས་པོའི་འགོག་སྲུང་མ་ལག་སྐོར་ཞིབ་འཇུག་བྱས་ཏེ་འབུམ་རིམས་པའི་ལག་ཁྱེར་བླངས། ཁོང་ནི་གདོད་མའི་མིའི་རིགས་བྱུང་འཕེལ་སྐོར་འགྱུར་རྡོའི་དཔྱད་རིག་གི་ཞིབ་འཇུག་བྱེད་མཁན་ཐོག་མའང་ཡིན་འདུག ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་སྔ་རྗེས་ཁོང་གི་ཞིབ་འཇུག་ལེགས་འགྲུབ་བྱུང་བའི་ཆེ་མཐོང་ཆེད་དུ་འཛམ་གླིང་གི་སྐད་གྲགས་ཆེ་བའི་གཟེངས་རྟགས་བཅུ་ལྷག་ཐོབ་ཡོད་པ་རེད།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༥ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༥ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese