མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཏོག་དབྱིབས་བཀག་སྡོམ་ལ་ངོ་རྒོལ་བྱས་ཏེ་ཉེན་རྟོག་པ་དྲུག་བསད།

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་རྒྱ་ནག་ཧའེ་པའེ་ཞིང་ཆེན་པོ་ཏིན་གྲོང་ཁྱེར་གྱི་ས་གནས་ཉེན་རྟོག་ཁང་གི་ཉེ་འགྲམ་དུ་སྐྱེས་པ་ཞིག་གིས་སྒེར་འཁོར་ཞིག་བསྐོར་ནས་འཛེམས་ཟོན་མེད་པར་ཉེན་རྟོག་པ་ཁག་ཅིག་ལ་བརྡུངས་ཏེ་དམར་གསོད་བཏང་ཡོད་འདུག

ཧའེ་པའེ་ཞིང་ཆེན་པོ་ཏིན་གྲོང་ཁྱེར་གྱི་ས་གནས་ཉེན་རྟོག་ཁང་གི་ཉེ་འགྲམ་དུ་ཉེན་རྟོག་པ་དྲུག་བསད། འདི་གར་མཁོ་གཏོང་བྱས་པའི་བརྙན་ཐུང་ནས་པར་བླངས།

འདི་ག་བོད་ཀྱི་དུས་བབ་གསར་འགོད་པར་ས་གནས་ཀྱི་མི་ཞིག་གིས་བརྙན་ཐུང་བཅས་བཏང་སྟེ་འགྲེལ་བརྗོད་བྱས་པ་ལྟར་ན། ཧའེ་པའེ་ཞིང་ཆེན་པོ་ཏིན་གྲོང་ཁྱེར(河北省保定)་དུ་ཏོག་དབྱིབས་བཀག་སྡོམ་བྱས་ཏེ་ཉིན་གྲངས་ ༢༠ ལྷག་འགྲོ་བཞིན་ཡོད་པ་དང་། མི་མང་ནས་བཟའ་བཏུང་དང་དངུལ་སོགས་རྫོགས་ནས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་རེ་སྐུལ་མང་པོ་བྱེད་བཞིན་ཡོད་ཀྱང་། མུ་མཐུད་ནས་འགྲོ་སྐྱོད་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། མདང་དགོང་གྲོང་ཁྱེར་དེའི་ནང་གནས་སྡོད་བྱེད་མཁན་སྐྱེས་པ་ཞིག་ཕྱི་རོལ་དུ་སྒེར་འཁོར་བསྐོར་ནས་ཕྱིན་སྐབས། ས་གནས་ཉེན་རྟོག་ཁང་གི་ཉེ་འགྲམ་དུ་བསླེབས་སྐབས་ཉེན་རྟོག་པ་ཁག་ཅིག་ནས་བཀག་ཡོད་པ་དང་། མི་དེས་སྐད་ཤུགས་ཆེན་པོས་ངའི་ཁྱིམ་མི་ཚང་མར་ཟ་རྒྱུ་མི་འདུག སྲིད་གཞུང་གིས་ང་ཚོ་ལྟོགས་ཤི་ཐེབས་འཇུག་རྒྱུ་ཡིན་པས་ཟེར་ནས་སྐད་བརྒྱབ་སྟེ། ཡུན་རིང་ཙམ་ལ་ཕན་ཚུན་ཁ་རྩོད་ཤུགས་ཆེན་ཤོར་རྗེས། མི་དེས་གློ་བུར་དུ་སྒེར་འཁོར་བསྐོར་ཡོང་ནས་གང་བྱུང་ཉེན་རྟོག་པ་ཚོར་བརྡུངས་ཏེ་ཡུལ་དངོས་རང་ནས་ཉེན་རྟོག་པ་དྲུག་བསད་པ་དང་། ཉེན་རྟོག་པ་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག

དོན་རྐྱེན་བྱུང་རྗེས་སྐྱེས་པ་དེ་བཙན་འཁྲིད་བྱས་ཡོད་པ་དང་ས་གནས་སུ་དམ་དྲག་ཧ་ཅང་ཤུགས་ཆེ་རུ་ཕྱིན་ཡོད་འདུག་ལ། གྲོང་ཁྱེར་དེར་གནས་སྡོད་རྒྱ་མི་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ། རྒྱ་ནག་གཞུང་གི་བྱེད་སྟངས་ངན་པ་ལ་བརྟེན་ནས་སྲིད་གཞུང་ལ་མི་དགའ་བ་ཞིག་ཏུ་གྱུར་ཡོད་པ་དང་། རང་དབང་ཡོད་པའི་རྒྱལ་ཁབ་ཅིག་གི་ནང་དུ་འཚོ་བ་བསྐྱལ་འདོད་ཡོད་སྐོར་དང་། སྔོན་མ་དང་མི་འདྲ་བར་རྒྱ་ནག་ནང་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་ཀྱང་། རྒྱལ་ནང་དུ་གསང་བ་ཆེན་པོ་ཞིག་ཡིན་སྐོར་དང་། ས་གནས་ཤིག་ཏུ་ཏོག་དབྱིབས་ནད་པ་གཅིག་ཐོན་ན་གྲོང་ཚོ་ཡོངས་རྫོགས་སྒོ་རྒྱག་ཏུ་འཇུག་གི་ཡོད་པ་དང་། ས་གནས་དེར་སྡོད་མཁན་མང་ཆེ་བ་ཁང་གླ་བྱས་ནས་སྡོད་མཁན་ཡིན་ལ། དེའི་ཐོག་ནང་མི་རྒན་འཁོགས་དང་། བུ་ཕྲུག་བཅས་གསོ་དགོས་ཀྱི་ཡོད་དུས་སེམས་ཁྲལ་གྱིས་སྨྱོ་གྲབས་ཡོད་སྐོར་བརྗོད་འདུག

ཡང་འདི་གར་བཏང་བའི་བརྙན་ཐུང་ཞིག་གི་ནང་དུ་གྲོང་ཁྱེར་དེའི་གྲོང་ཁུལ་ཞིག་ཏུ་ལྕགས་ཤོག་གིས་བསྐོར་ཏེ་འགྲོ་སྐྱོད་བཀག་སྡོམ་བྱེད་བཞིན་ཡོད་ཀྱང་། མི་མང་པོ་འདུ་འཛོམས་བྱས་ཏེ་སྐད་འབོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ལྕགས་ཤོག་རྣམས་རེ་རེ་བཞིན་གཏོར་ཏེ་བཀག་སྡོམ་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་འདུག

དེ་རིང་ཧའེ་པའེ་ཞིང་ཆེན་གྱི་ཏོག་དབྱིབས་གཉན་རིམས་སྐོར་གྱི་གནས་ཚུལ་ནང་། ཁ་སང་ཞིང་ཆེན་དེའི་ནང་ཏོག་དབྱིབས་འགོས་པའི་མི་ ༤༧ གསར་དུ་བྱུང་ཡོད་པ་དང་། དེའི་ཁྲོད་ནས་ ༡༦ ཧྲི་ཅཱ་ཀྲང་ནས་ཡིན་པ་དང་། པོ་ཏིན་གྲོང་ཁྱེར་ནང་མི་ ༤ བྱུང་ཡོད་སྐོར་བསྒྲགས་འདུག་ལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་ཟེར་བའི་སྲིད་ཇུས་འོག་གྲོང་དང་གྲོང་ཁྱེར་མང་པོའི་ནང་མི་གྲངས་ས་ཡ་མང་པོར་ཁྱིམ་སྡོད་བཀའ་རྒྱ་ལག་བསྟར་དང་། འགྲོ་སྐྱོད་ལ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། མི་མང་འ་ཆད་འུ་ཐུག་གིས་ངོ་རྒོལ་མང་པོ་བྱེད་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 4 སྔོན།

    སྒེར་འཁོར་བསྐོར་ནས་གང་བྱུང་ཉེས་བརྡུང་བཏང་ཟེར་ན་། ༼ སྒེར་འཁོར་བསྐོར་ ༽ ཟེར་ན་ག་རེ་རེད་འབྲེལ་བཤད་གནང་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese