མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་དབུ་འཛུགས་མཛད།

བོད་ཀྱི་དུས་བབ།
༢༠༢༢/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་ཇོ་ནང་པའི་སྨོན་ལམ་ཆེན་མོ་སྐབས་བཅུ་དྲུག་པ་དབུ་འཛུགས་ཀྱིས་ཉིན་གྲངས་བཞིའི་རིང་འཚོག་གི་ཡོད་འདུག

པར་དབང་། བོད་ཀྱི་དུས་བབ།

འདི་ལོར་ཀུན་མཁྱེན་དོལ་པོ་སངས་རྒྱས་སྐུ་ཞི་བར་གཤེགས་ནས་ལོ་ ༦༦༠ འགོར་བའི་དུས་དྲན་དང་སྟབས་བསྟུན། ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་གི་གོ་སྒྲིག་འོག ཁང་སང་ཕྱི་ཚེས་  ༡༩ ཉིན་ནས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ལྷོ་ཕྱོགས་སུ་༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དབུ་བཞུགས་ཐོག་དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ་དང་། དགེ་བའི་བཤེས་གཉེན་རྣམས་གཙོས་རྡོ་རྗེ་གདན་དུ་ཆོས་ཞུ་བར་ཕེབས་པའི་དད་ལྡན་སེར་སྐྱ་མང་ཚོགས་བཅས་འཛོམས་ཐོག་ནས། ༧དཔལ་རྒྱལ་བ་ཇོ་ནང་པའི་སྐབས་བཅུ་དྲུག་པའི་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་ཡོད་པ་དང་།  སྨོན་ལམ་ཆེན་མོ་དེ་ཉིད་ཀྱི་སྐབས་སུ་ཤེས་རབ་སྙིང་པོ་དང་བར་ཆད་ལམ་སེལ།  ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་སྔོན་འགྲོ    སྒྲོལ་ཆོག  ལྟུང་བཤགས། བླ་མ་མཆོད་པ།  འཇམ་དཔལ་མཚན་བརྗོད།  བཟང་སྤྱོད་སྨོན་ལམ།  འཕྲིན་བཅོལ། ཀུན་མཁྱེན་ཚོགས་མཆོད།  རིས་མེད་བསྟན་རྒྱས་སྨོན་ལམ།  སྨོན་ལམ་རྒྱལ་བ་རྒྱ་མཚོ། དུས་འཁོར་སྨོན་ལམ། ༧གོང་ས་ཐམས་ཅད་མཁྱེན་པའི་གསུང་ཇོ་ནང་བསྟན་རྒྱས་སྨོན་ལམ། བསྟན་འབར་མ་བཅས་གསུང་གནང་མཛད་བཞིན་པ་མ་ཟད། མཆོག་སྤྲུལ་འཇིགས་མེད་གཞན་ཕན་ཆོས་ཀྱི་ཉི་མ་དང་། མཆོས་སྤྲུལ་ཀུན་དགའ་ངེས་དོན་རྒྱ་མཚོ་རྣམ་གཉིས་ལ་ཁྲི་འདོད་གྱི་མཛད་རིམ་ཞིག་ཀྱང་ཡོད་པ་རེད་འདུག་ལ། སྨོན་ལམ་ཆེན་མོ་དེ་ཉིད་ཕྱི་ཚེས་ ༡༩ ནས་ ༢༢ བར་ཉིན་གྲངས་བཞིའི་རིང་འཚོག་གིན་ཡོད་པ་དང་ཉིན་བཞི་བར་ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ཀུན་མཁྱེན་ཡབ་སྲས་ཀྱི་རྗེས་གནང་གི་བཀའ་དབང་སྩལ་གཏན་འཁེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༥ བར་ཉིན་གྲངས་བཅུའི་རིང་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་སོ་གཅིག་པ་དེ་གནས་མཆོག་རྡོ་རྗེ་གནད་དུ་འཚོག་གཏན་འཁེལ་ཡོད་པ་དང་།  སྨོན་ལམ་ཆེན་མོའི་སྐབས་དཔལ་ལྡན་ས་སྐྱ་པའི་བཤད་སྒྲུབ་ལས་གསུམ་གྱི་ྦཡ་ཀུན་གེགས་མེད་ཆོས་བཞིན་དུ་འགྲུབ་པའི་ཆེད་དམིགས་བསལ་སྤྱི་རིམ་རྟེན་འབྲེལ་སྙིང་པོ་དང་། པ་པཎ་འདས་མཆོད་ཉིན་བླ་མཆོད་དང་འབྲེལ་ཤེས་བྱ་མ་གང་མང་བགྲང་གསོག་ཉིན་གཉིས་རིང་འཚོག་གཏན་ཁེལ་ཞིང་། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་སྐྱབས་མགོན་གོང་ཁྲི་འཛིན་རྣམ་གཉིས་གཙོས་བསྟན་བདག་བླ་ཆེན་རྣམ་པ་ཚོགས་མགོན་དུ་ཆིབས་བསྒྱུར་དང་། འཆར་ཅན་བཞིན་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་བཅས་ཡིན་འདུག

ཡང་ཕྱི་ཚེས་ ༢༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་གཉིས་རིང་གསུང་ཆོས་སྩལ་གཏན་ཁེལ་བ་དང་སྟབས་བསྟུན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གིས་གོང་ས་མཆོག་ལ་གསོལ་འདེབས་ཞུས་དོན་བཞིན། ཕྱི་ཚེས་ ༢༩ ཉིན་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣ ཉིན་གྲངས་ལྔའི་རིང་དགེ་ལྡན་ལྷན་ཚོགས་ཀྱི་སྨོན་ལམ་འཕར་མ་ཞིག་འཚོག་གཏན་ཁེལ་ཡོད་པ་དང་། ཕྱི་ལོ་གསར་བའི་ཚེས་གཅིག་ཉིན་དགེ་ལུགས་པ་ཡོངས་ནས་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༢༡ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༢༣ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese