མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་དང་ཤོག་དཀར་གསར་བརྗེའི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

—–འདི་ག་དུས་བབ་གསར་ཁང་གི་འཛམ་གླིང་ཐོག་གནོད་སྐྱོན་ཆེ་ཤོས་ཀྱི་ནད་འབུ་ཞེས་པའི་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་སྐོར་གྱི་དམིགས་བསལ་ཚགས་པར་ལས་འདིར་བཀོད།

དུས་བབ་གསར་ཁང་གི་དམིགས་བསལ་ཚགས་པར་འདོན་ཐེངས་གཉིས་པ།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ པའི་ནང་ཙམ་ནས་བཟུང་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནས་འཛམ་གླིང་གང་སར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་ཕྱིན་ཡོད་པ་དང་། སྐབས་དེར་རྒྱ་ནག་དང་ཁེ་ན་ཌ། ཨོ་སི་ཊོ་ལི་ཡ། འབྲུག་ཡུལ། ལྷོ་བྱང་ཀོ་རི་ཡ། ཐའེ་ཝན་སོགས་ཏོག་དབྱིབས་ཁྱབ་གདལ་ཆེན་པོ་བྱུང་མེད་པའི་འཛམ་གླིང་རྒྱལ་ཁབ་ཁག་ཅིག་ནང་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ (Absolute zero-Clearing Policy) ཡང་ན།  FTTIS (Find, Test, Trace, Isolate, Support) ཞེས་པ་ལག་བསྟར་བྱས་ཏེ། འགྲོ་འོང་བཀག་སྡོམ་དང་། རྒྱ་ཁྱབ་བརྟག་དཔྱད། སྒོ་དབྱེ་ཟུར་འཇོག འབྲེལ་བྱུང་རྗེས་འདེད་སོགས་ཀྱི་ལས་དོན་གཟབ་ནན་གྱིས་སྤེལ་ཏེ། མཐར་སོ་སོའི་ཡུལ་ལུང་ནང་ཏོག་དབྱིབས་ནད་འབུ་འགོས་མཁན་གཅིག་ཀྱང་མེད་པར་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་སྲོལ་དང་རྒྱུན་ལྡན་གྱི་དཔལ་འབྱོར་འཁོར་རྒྱུག་སླར་གསོ་བྱ་རྒྱུ་དེ་ཡིན་འདུག ཡིན་ནའང། ཏོག་དབྱིབས་ནད་འབུའི་ངོ་བོ་དུ་མར་འགྱུར་བ་དང་། འགོས་ཁྱབ་ཀྱི་མྱུར་ཚད་ཀྱང་མ་འདྲ་བ་ཡོད་པ་གང་ཞིག་ལ་ཤུགས་རྐྱེན་ཡང་རིམ་གྱིས་ཇེ་ཡང་དུ་ཕྱིན་པ། ལྷག་པར་དུ་འཛམ་གླིང་སྤྱི་ཡོངས་ནས་ཏོག་དབྱིབས་ནད་འབུ་རྒྱུས་ལོན་གཏིང་ཟབ་ཏུ་ཕྱིན་པ་དང་། འགོག་ཁབ་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཇེ་ལེགས་སུ་ཕྱིན་ནས་བཀག་སྡོམ་གྱི་དགོས་མཁོ་ཆུང་དུ་ཕྱིན་པར་བརྟེན། རྒྱལ་ཁབ་མང་པོ་ཞིག་གིས་སྲིད་ཇུས་དེ་ག་ལེར་ལྷོད་དུ་བཏང་བ་དང་མེད་པ་བཟོས་ཡོད་འདུག  ཡིན་ནའང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ ༣ ལྷག་ལ་སྲིད་ཇུས་དེ་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་སྤྱིའི་དཔལ་འབྱོར་གནས་བབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། མི་མང་ལ་དཀའ་ངལ་འཕར་མ་བཟོས་པར་བརྟེན། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༨ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ནས་འཛམ་གླིང་རྒྱལ་ཁབ་ཚང་མས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ལག་བསྟར་མུ་མཐུད་བྱེད་དགོས་དོན་མེད་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད། ཡིན་ནའང་། རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱིས་རྒྱ་ནག་ལ་སྲིད་ཇུས་དེ་མངོན་འགྱུར་ཐུབ་པའི་མཐུན་རྐྱེན་དང་ནུས་པ་ཆ་ཚང་ཡོད་སྟབས། འབྲེལ་ཡོད་མི་སྣས་འགན་འཁུར་མེད་པའི་གཏམ་བརྗོད་རིགས་སྤེལ་རྒྱུ་མེད་པའི་བརྡ་ལན་སྤྲད།

རྒྱ་ནག་གི་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ (Dynamic zero covid Policy) ཞེས་པ་དེའི་ནང་དུ།

  • ས་གནས་ཀྱི་དཔོན་རིགས་རྣམས་ཀྱིས་ངེས་པར་དུ་ཐེམ་སྤང་བཀག་རྒྱ་དང་དམ་དྲག་ཤུགས་ཆེན་བྱ་དགོས།
  • ཏོག་དབྱིབས་ནད་རྟགས་ཐོན་སའི་ས་ཁུལ་ཁག་ཏུ་གནས་སྡོད་བྱེད་མཁན་གྱི་ཡུལ་མི་རྣམས་ལ་ཏོག་ནད་བརྟག་དཔྱད་བྱ་རྒྱུ།
  • ཏོག་ནད་ཅན་རྣམས་རང་ཁྱིམ་དུ་ཟུར་བཀག་བཞག་རྒྱུ་དང་ཟུར་བཀག་ཁང་་དུ་གཞག་རྒྱུ།
  • ཐེམ་སྤང་བཀག་རྒྱ་བསྡམ་སའི་ཁུལ་གྱི་སློབ་གྲྭ་དང་ཚོང་ལས་སོགས་བཀག་སྡོམ་བྱེད་པ། ཡང་ན་སྒོ་བརྒྱག་རྒྱུ།
  • ཟས་རིགས་འཚོང་མཁན་མ་གཏོགས་ཚོང་ཁང་རྣམས་ངེས་པར་དུ་སྒོ་བརྒྱག་དགོས་པ།
  • ཏོག་ནད་རྩ་མེད་མ་ཆགས་བར་དུ་ཐེམ་སྤང་བཀག་རྒྱ་བསྡམ་དགོས།
  • ཏོག་དབྱིབས་ནད་རྟགས་ཐོན་པའི་མི་དང་འབྲེལ་ཡོད་རྣམས་ལ་ཟུར་བཀག་དང་དོ་དམ་ནན་པོ་བྱ་དགོས་པ་བཅས་བཀོད་ཡོད་པ་རེད།
    Chinese President Xi Jinping has provided no timetable for shifting away from China’s ultra-strict “dynamic zero COVID” policy [File: Tingshu Wang/Reuters]

ཕྱི་ལོ་ ༢༠༢༡ ཟླ་ ༨ པའི་ནང་རྒྱ་ནག་ནང་ཏོག་དབྱིབས་ནད་འབུའི་ངོ་བོ་འགྱུར་བའི་ཌལ་ཊ་རིམས་ནད་ (Delta-variant) ཅེས་པ་འགོས་ཁྱབ་བྱུང་ཞིང་།  རིམས་ནད་དེ་ནི་འགོས་ཁྱབ་འབྱུང་སླ་བོ་ཡོད་སྟབས། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ (Dynamic zero-covid policy) ཞེས་པ་ལག་བསྟར་བྱས་ཏེ་ཅུང་ཞི་འཇག་བྱུང་ཡོད་འདུག འོན་ཀྱང་། ཕྱི་ལོ་ ༢༠༢༢ ཟླ་ ༥ པའི་མགོ་སྟོད་ནས་ཏོག་དབྱིབས་ནད་འབུའི་ངོ་བོ་འགྱུར་བའི་ནད་འབུ་གསར་པ་ཨོ་མེ་ཁུ་རོན་ (Omicron) ཁྱབ་གདལ་དུ་ཕྱིན་པར་བརྟེན། རྒྱ་ནག་གཞུང་གིས་ཡང་བསྐྱར་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་དེ་དུས་ཡུན་རིང་པོར་ལག་བསྟར་ཤུགས་ཆེན་བྱས་ཏེ། མི་མང་གི་འཚོ་བར་གནོད་སྐྱོན་ཆེན་པོ་ཐེབས་པ་མ་ཟད། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ཉིན་ཤིན་ཅང་གི་རྒྱལ་ས་ཝུའུ་རུམ་ཆི་རུ་ཡོད་པའི་ཁང་རྩེག་ཅིག་ལ་མེར་སྐྱོན་ཤོར་ཏེ། མི་གྲངས་ ༡༠ རྐྱེན་འདས་དང་མི་ ༩ ལྷག་ལ་རྨས་སྐྱོན་ཕོག་པར་བརྟེན། རྒྱ་ནག་ནང་ལོགས་ཀྱི་གྲོང་ཁྱེར་ཧྲང་ཧེ་ཡི་ཨུ་རུམ་ཆི་གཞུང་ལམ་དུ་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེད་དང་། སྲིད་གཞུང་གི་ཏོག་དབྱིབས་བཀག་སྡོམ་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། དེ་ནས་རིམ་གྱིས་པེ་ཅིན་དང་ནན་ཅིན། ཁྲིན་ཏུའུ། ཀེའུ་ཀྲུའུ། ཀང་ཀྲུའུ། ཧང་ཀྲུའུ་སོགས་གྲོང་ཁྱེར་ ༢༠ ལྷག་དང་། བོད་ཀྱི་རྒྱལ་ས་ལྷ་ས་དང་སི་ཁྲོན་རྔ་བ་ཁུལ། དེ་བཞིན་ཤིན་ཅང་གི་རྒྱལ་ས་ཝུའུ་རུམ་ཆི་ (Urumqi) སོགས་ནས་མི་མང་སྟོང་ཕྲག་མང་པོས། ང་ཚོར་བསྒྱུར་བཅོས་མི་དགོས། ང་ཚོར་དམངས་གཙོ་དགོས། ང་ཚོར་སྨྲ་བརྗོད་རང་དབང་དགོས། ང་ཚོ་འགྲོ་བ་མི་ཡིན་ཞེས་ངོ་རྒོལ་བྱས་ཡོད་པ་མ་ཟད། གཙུག་ལག་སློབ་ཆེན་གྲགས་ཅན་ཆིན་ཧྭ་དང་ནན་ཅིན་གྱི་སློབ་ཆེན། ཝུའུ་ཧན་སློབ་ཆེན་སོགས་སློབ་ཆེན་མང་པོས། སྒོ་འབྱེད་དགོས། ཞི་ཅིན་ཕིང་གོ་གནས་ནས་ཕབ་དགོས། དམར་ཤོག་གཞུང་མེད་པ་བཟོ་དགོས། དམངས་གཙོ་ཁྲིམས་མཐུན། སྨྲ་བརྗོད་རང་དབང་། ཞེས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་ཤོག་དཀར་གསར་བརྗེའི་ལས་འགུལ་སྤེལ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཞི་རྒོལ་བ་མང་པོ་སྔ་གཞུག་ཏུ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་སྟབས། བཙན་བྱོལ་བོད་མི་དང་ཡུ་གུར་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་སྣེ་འཁྲིད་དེ་ཕྱིའི་རྒྱལ་ཁབ་ཁག་ནང་ཤོག་དཀར་གསར་བརྗེའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱི་ལས་འགུལ་རབ་དང་རིམ་པ་སྤེལ།

In this image from video, crews spray water on a fire at a residential building in Urumqi in western China’s Xinjiang Uyghur Autonomous Region, Nov. 24, 2022.

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ཙམ་ནས་བཟུང་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཁག་ནང་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་མཚམས་འཇོག་བྱས་ཏེ་གློ་བར་དུ་བཀག་སྡོམ་ཀློད་ཡོད་པ་མ་ཟད། ཟླ་དེའི་ཕྱི་ཚེས་ ༧ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་ཕྱོགས་བསྡུས་ཚོགས་ཆུང་ཟེར་བ་ཞིག་གིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལེགས་བཅོས་བྱེད་པའི་དོན་ཚན་གསར་པ་བཅུ་ཞེས་པ་ཞིག་སྤེལ་བའི་ནང་དུ། ཁ་རས་ཚད་ལྡན་གྱོན་དགོས་པ་དང་ལག་པ་ཡང་ཡང་བཀྲུ་དགོས་པ། མཁའ་རླུང་འཁོར་རྒྱུག་འོས་འཚམ་དགོས་པ། འདུ་འཛོམས་ཉུང་ཙམ་བྱ་དགོས་པ། ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས་པ་སོགས་བཀོད་འདུག་ལ། ཏོག་དབྱིབས་བརྟག་དཔྱད་བྱས་ཏེ་ནད་འབུ་འགོས་པ་ཤེས་རྟོགས་བྱུང་ཚེ། ལས་ཀ་དང་སློབ་གྲྭ། དེ་བཞིན་འདུ་འཛོམས་བྱ་སར་མི་འགྲོ་བ་དང་། མི་འགྲོ་ཐབས་མེད་བྱུང་ཚེ་ཁ་རས་བརྒྱབ་ནས་རྒྱང་བཀྱེད་སོགས་ཀྱི་བྱེད་ཐབས་ལག་བསྟར་དགོས་སྐོར་དང་། འགོག་ཁབ་ལ་འཛེམ་ཟོན་མེད་པར་ཐེངས་གསུམ་བརྒྱག་དགོས་ཤིང་། རྒན་རྒོན་དང་གཞི་རྩའི་ནད་གཞི་ཡོད་པའི་གཅོང་ནད་ཅན་གྱིས་འགོག་ཁབ་གང་མགྱོགས་བརྒྱག་དགོས་སྐོར་དང་། གཞུང་ཕྱོགས་ཀྱིས་ཡོངས་བསྒྲགས་བྱས་པའི་ཁུངས་བཙན་ཆ་འཕྲིན་ལ་དོ་སྣང་བྱས་ཏེ་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པར་བདེ་ཐང་དང་གོ་རིམ་ལྡན་པའི་སྤྱི་ཚོགས་སྒྲིག་སྲོལ་ལ་སྲུང་སྐྱོང་བྱ་དགོས་པ། ཏོག་ནད་འགོས་པ་རྣམས་ཀྱིས་འགོག་སྡོམ་བྱ་བར་གཞོགས་འདེགས་བྱ་དགོས་སྐོར་སོགས་བསྒྲགས་ཡོད་པ་རེད།

ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་ནག་སྔོན་འགོག་གསོ་རིག་མཐུན་ཚོགས་ཀྱི་ནད་ཡམས་ཡན་ལག་ལས་ཁུངས་ཀྱི་རྒྱུན་ལས་དང་དྲུང་ཆེ་གཅིག་ལྕོགས་ལིན་པིང་ལེ་ཞེས་པ་ཞིག་གིས། མ་འོངས་ཟླ་བ་གཉིས་དང་གསུམ་ནང་མང་ཚོགས་ཁྲོད་ཏོག་ནད་ཕོག་མཁན་མང་ཤོས་ཆགས་སྲིད་སྐོར་བརྗོད་ཡོད་པ་ལྟར། བཀག་སྡོམ་དམ་པོ་གློ་བུར་དུ་ཀློད་རྗེས་ཏོག་དབྱིབས་འགོས་ཁྱབ་ཤུགས་ཆེན་འགྲོ་བཞིན་ཡོད་ཀྱང་། མི་མང་གིས་བརྟག་དཔྱད་བྱེད་འདོད་མེད་པར་གང་ཐུབ་ཀྱིས་རང་ཁྱིམ་དུ་བསྡད་དེ་དྲག་སྐྱེད་ཡོང་ཐབས་བྱེད་བཞིན་ཡོད་འདུག ཡིན་ནའང་། ནད་པ་མང་དྲགས་ནས་སྨན་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག་ལ། རྒྱ་ནག་རྒྱལ་ཁབ་འཕྲོད་བསྟེན་ལྷན་ཁང་གི་ཆེས་མཐོའི་ཆེད་ལས་མཁས་པའི་ཚོགས་ཆུང་གི་ཚོགས་གཙོ་ཀྲུང་ནན་ཧྲན་སོགས་ཆེད་མཁས་པ་ཁག་ཅིག་གིས། རྒྱ་ནག་ནང་གི་ཏོག་དབྱིབས་འགོས་ཁྱབ་ཀྱི་གནས་སྟངས་དེ་ཕྱི་ལོ་ ༢༠༢༣ ལོའི་ལོ་དཀྱིལ་བར་དང་། ཡང་ན་ཕྱི་ལོ་ ༢༠༢༤ བར་དེ་མུར་ལྷག་སྲིད་སྐོར་བརྗོད་ཡོད་པ་རེད།

Rare large-scale protests reportedly erupted in Tibet’s regional capital Lhasa against China’s zero-Covid policy. (Photo: Screengrab)

ཝི་ཀེ་རིག་མཛོད་ནང་དུ་ད་བར་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་པ་ཁྱོན་ ༣༨༦,༣༧༦ དང་། འདས་གྲོངས་སུ་ཕྱིན་པ་ ༥༢༤༡ བྱུང་ཡོད་སྐོར་བྲིས་འདུག་ཀྱང་། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༢ ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེའི་བར་དུ་རྒྱ་ནག་རྒྱལ་ཡོངས་ནང་ཏོག་ནད་ཕོག་པའི་མི་གྲངས་ ༨,༨༤༡,༠༥༥ དང་། དོགས་གནས་ཅན་ ༢༨༢༣༠། ཉེན་ཚབས་ཅན་གྱི་ནད་པ་གྲངས་ ༢༥༠,༨༢༢། དྲག་སྐྱེད་བྱུང་བ་ ༤༣༩༥༥༧། འདས་གྲོངས་སུ་ཕྱིན་པ་མི་གྲངས་ཁྲི་ ༣(༣༠,༨༧༩) ལྷག་ཡོད་པའི་གྲངས་འབོར་ཕྱིར་གྱར་ཡོད་ཀྱང་། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༡ ཉིན་འདི་གའི་གསར་འགོད་པས་བསྐྱར་ཞིབ་བྱེད་སྐབས།  ཕྱི་ཚེས་ ༢༠ ཉིན་ནད་པ་ ༢༤༣༦༣ དང་། དོགས་གནས་ཅན་ ༢༣༢༦༠། ཉེན་ཚབས་ཅན་ ༣༢༡༩། དྲག་སྐྱེད་བྱུང་བ་ ༨༩༢། ཉིན་གཅིག་ནང་མི་གྲངས་ ༤༩༡ འདས་གྲོངས་སུ་ཕྱིན་པའི་གྲངས་ཀ་མ་གཏོགས་འདས་པའི་ལོ་ ༣ ལྷག་གི་བསྡོམས་འབོར་ནག་གསུབ་བཏང་ཚར་ཡོད་པ་རེད། ཡིན་ནའང་། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ཕུང་སྲེག་ཁང་དུ་རོ་འཇོག་ས་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། བོད་ཁུལ་གྱི་དུར་ཁྲོད་མང་པོར་ཉིན་རེ་བཞིན་ཕུང་པོ་འཇོག་མཁན་ཧ་ཅང་ཇེ་མང་དུ་ཕྱིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese