མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་ཁྲིག་སེ་རིན་པོ་ཆེར་འཚམས་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲིའི་གཟེངས་རྟགས་འབུལ་བཞེས་གནང་བར་འཚམས་འཕྲིན་གནང་འདུག

ཁྲིག་སེ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག པར་སྒྲིག་བཟོ་བྱས།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸སྐྱབས་རྗེ་ཤར་པ་སྤྲུལ་སྐུ་རྗེ་བཙུན་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲིའི་གཟེངས་རྟགས་འབུལ་བཞེས་གནང་བར་འཚམས་འདྲི་ཞུས་འདུག དེ་ཡང་སྲིད་སྐྱོང་མཆོག་གིས་བོད་གཞུང་མང་གཉིས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ལ་པདྨ་ཤྲཱིའི་གཟེངས་རྟགས་འབུལ་བཞེས་གནང་བར་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ལ་གཟེངས་རྟགས་འབུལ་བཞེས་གནང་བ་དེས། དམིགས་བསལ་གྱིས་བོད་མི་དང་ལ་དྭགས་ཀྱི་མི་མང་རྣམས་ལ་སྤོབས་པ་དང་དགའ་བ་སྐྱེ་འོས་པ་ཞིག་རེད། རིན་པོ་ཆེ་མཆོག་གིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པའི་ཐུགས་འགན་བཞེས་ཏེ་སྤྱི་ཚོགས་ལ་ཕན་པའི་ཞབས་འདེགས་རླབས་ཆེན་བསྒྲུབས་གནང་བར་རྗེས་སུ་ཡི་རངས་དང་བཀའ་དྲིན་རྗེས་དྲན་སླད་པདྨ་ཤྲཱིའི་གཟེངས་རྟགས་ཕུལ་བ་ཞིག་རེད། སྐུ་ཉིད་ཀྱི་གཞན་ཕན་གྱི་མཛད་པ་འཕྲིན་ལས་ཀྱིས་འགྲོ་བ་མིའི་རིགས་དང་། ནང་པ་སངས་རྒྱས་པའི་བསྟན་པར་ཞབས་འདེགས་སུ་འགྲོ་བའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་འདུག

ཕྱི་ཟླ་ ༡ ཚེས་ ༢༥ ཉིན་གྱི་དགོང་མོར་རྒྱ་གར་གཞུང་ནས་ཁྲིག་སེ་རིན་པོ་ཆེ་མཆོག་གི་དབུས་པདྨ་ཤྲི་གཟེངས་རྟགས་ཐོབ་མཁན་ ༡༠༦ གསལ་བསྒྲགས་གནང་ཡོད་པ་དང་། གླེ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་རིན་པོ་ཆེ་མཆོག་ལ་འཚམས་འདྲི་ཞུས་པའི་ནང་། རིན་པོ་ཆེ་མཆོག་ལ་སྙན་གྲགས་ཅན་གྱི་པདྨ་ཤྲཱིའི་གཟེངས་རྟགས་འབུལ་བཞེས་གནང་བར་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དུས་ཚིགས་འདིར་ང་ཚོ་སྤོབས་པ་སྐྱེ་དགོས་པ་ཞིག་དང་། པདྨ་ཤྲཱིའི་གཟེངས་རྟགས་འབུལ་བཞེས་གནང་བ་དེ་འོས་ཤིང་འཚམས་པ་ཞིག་ཡིན་སྐོར་སོགས་ཞུས་འདུག་ལ། ལ་དྭགས་གཞུང་མང་གཉིས་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མི་མང་གིས་རིན་པོ་ཆེ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་འཚམས་འདྲི་ཞུས་ཡོད་པ་རེད།

གླེ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་ལ་དྭགས་དཔལ་རྔམ་གཟེངས་རྟགས་ཕུལ། ༢༠༢༡།༡༠།༣༡ དུས་བབ་ཀྱི་པར།

གཞན་ཡང་། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༣༡ ཉིན། གླེ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས། ཁྲིག་སེ་རིན་པོ་ཆེ་མཆོག་ལ་ལོ་མང་རིང་ཆོས་སྲིད་གཉིས་ཀྱི་ཐོག་ནས་ལ་དྭགས་ཀྱི་མི་རིགས་དང་སྤྱི་ཚོགས་ལ་བྱམས་བརྩེ་དང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་མཛད་པ་བསྐྱངས་པར་ཆེ་བསྟོད་དུ་ལ་དྭགས་སུ་སྙན་གྲགས་ཡོད་པའི་ཕྱི་ལོ་ ༢༠༢༡ ལོའི་ལ་དྭགས་དཔལ་རྔམ་གཟེངས་རྟགས་ཕུལ་ཡོད་པ་རེད།  དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་༸གོང་ས་མཆོག་ནས་ལ་དྭགས་ཁྲིག་སེ་དགོན་དུ་དབྱར་ཆོས་ཆེན་མོ་དབུ་འབྱེད་མཛད་པ་དང་སྦྲགས། ལ་དྭགས་མི་མང་ནས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་ནས་གསེར་གྱི་གཟེངས་རྟགས་ཤིག་བསྩལ་གནང་ཡོད་པ་རེད།

༸སྐྱབས་རྗེ་ཤར་པ་སྤྲུལ་སྐུ་རྗེ་བཙུན་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་མཆོག་ནི་ཕྱི་ལོ་ ༡༩༤༣ ཟླ་ ༥ ཚེས་ ༢༠ ཉིན་ལ་དྭགས་ཆུ་ཤོད་གྲོང་མིང་འབིས་ལུ་པ་ཞེས་པའི་ཁྱིམ་དུ། ཡབ་ཡེ་ཤེས་དཔལ་འབྱོར་ཕུན་ཚོགས་དང་། ཡུམ་ཚེ་བརྟན་དཔལ་འཛིན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་ཅིང་། ཕྱི་ལོ་ ༡༩༥༣ ལོར་ཐོས་བསམ་སློབ་གཉེར་གནང་ཕྱིར་བོད་དུ་ཕེབས་ཏེ་ཕྱི་ལོ་ ༡༩༥༩ བར་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། དེ་ནས་ཕྱི་ལོ་ ༡༩༦༨ ནས་ ༢༠༠༦ བར་དུ་ལ་དྭགས་མི་མང་གི་བདེ་སྡུག་སླད་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་བ་སོགས་ཆོས་སྲིད་གཉིས་ཀྱི་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

ཆུ་ཚོད་ ༡༣ སྔོན་ལ།
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese