མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་དུས་ཆེན་གསུམ་འཛོམས་ལ་གསུང་འཕྲིན་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སེམས་བཟང་པོ་ནི་འཛམ་གླིང་ཞི་བདེའི་ལྡེ་མིག་ཡིན་ཞེས་གསུངས་འདུག

༧གོང་ས་མཆོག་གིས་གནས་བརྟན་སྡེ་བའི་ལུགས་ཀྱི་དུས་ཆེན་གསུམ་འཛོམས་ལ་གསུང་འཕྲིན་བསྩལ། པར་དབང་། དགའ་ལྡན་ཕོ་བྲང་།

དེ་རིང་ཕྱི་ཚེས་ ༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་བརྟན་སྡེ་བའི་ལུགས་ཀྱི་སྟོན་པ་ཐུབ་པའི་དབང་པོ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར་གསུང་འཕྲིན་ཞིག་བསྩལ་བའི་ནང་། དེ་རིང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་འདས་བའི་མཛད་པ་དྲན་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་འདིར། ངོས་ཀྱིས་འཛམ་བུ་གླིང་གི་ནང་པའི་རྗེས་འཇུག་པ་ཡོངས་ལ་འཚམས་འདྲི་ཞུ།

རྡོ་རྗེ་གདན་ནམ་བྷོ་དྷི་གྷ་ཡ་ནི་ནང་པའི་ཆོས་ཀྱི་སྲོལ་གཏོད་པོ་བདག་ཅག་གི་སྟོན་པ་ཤཀྱཱ་མུ་ནེ་ཡི་སྙིང་རྗེ་ཆེན་པོ་ཉམས་ལེན་གནང་སའི་ནང་པའི་གནས་ཆེན་ཁྱད་དུ་འཕགས་པ་ཞིག་ཡིན་ཅིང་། གནས་འདི་རུ་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཏེ། འཕགས་པའི་བདེན་པ་བཞི་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་སོགས་ཀྱི་བསླབ་པ་མཛད་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསླབ་པའི་སྙིང་པོའི་འདུལ་ཁྲིམས་བསྩལ་ཡོད་པ་རེད།

སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་སྙིང་པོ་ནི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་དང་། བྱང་ཆུབ་སེམས་ཉམས་སུ་བླངས་ནས་མཐར་ཐུག་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན།གཞན་གྱི་དཀའ་ངལ་ལ་སེམས་འཁུར་མང་ཙམ་བྱེད་པ་དང་། རང་ཉིད་ལས་གཞན་པར་བྱམས་བརྩེ་མང་ཙམ་སྤྲོད་པ། ང་ཚོས་ཕན་ཚུན་གྱི་རང་དབང་ངོས་འཛིན་ཐོག་ནས། འཛམ་གླིང་གི་མི་འབོར་ཐེར་འབུམ་བརྒྱད་པོ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན་པ་དྲན་དགོས། དེ་རིང་གི་དུས་ཆེན་ཁྱད་པར་ཅན་འདི་བརྒྱུད་ནས། ངོས་ཀྱིས་གཅེན་གཅུང་ཡོངས་ལ་སེམས་པ་བཟང་པོའི་ཐོག་ནས་མི་ཚེ་དོན་དང་ལྡན་པ་བསྐྱལ་དགོས་པ་དང་། གཞན་གྱི་དཀའ་ངལ་ལ་སེམས་འཁུར་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། སེམས་པ་བཟང་པོ་ནི་འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་ལྡེ་མིག་ཡིན། ཞེས་གསུངས་འདུག

མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག་ལ། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༣༠ ནས་ཉིན་གཉིས་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་སྐྱབས་འགྲོ་ངོ་སྤྲོད་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་གི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

སྐར་མ ༢ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese