མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

བོད་ཀྱི་དུས་བབ།
༢༠༢༣/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་ནད་ཡམས་གདོང་ལེན་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་བ་དང་འབྲེལ་མ་འོངས་ནད་ཡམས་སྔོན་འགོག་གི་གྲོས་གཞི་བཏོན་ཡོད་འདུག

Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ནས་ཉིན་གྲངས་བཅུའི་རིང་སུད་སི་རྒྱལ་ས་ཇེ་ནེ་ཝ་རུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་འཚོགས་ཡོད་པ་དང་། ཐེངས་འདིར་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ ༡༩༤ ཡི་འཕྲོད་བསྟེན་ཚོགས་པའི་མི་སྣ་མཉམ་ཞུགས་གནང་ཡོད་ཅིང་། ཚོགས་ཐོག་ཏུ་མ་འོངས་བའི་འཛམ་གླིང་གི་ནད་ཡམས་སྔོན་འགོག་ཆེད་དུ་བསྐྱར་བཅོས་དགོས་པའི་སྒྲིག་གཞིའི་སྐོར་ལ་གྲོས་མོལ་བྱས་ཡོད་པ་མ་ཟད། ཚོགས་འདུའི་དམིགས་ཡུལ་ལྟར་ན་ཕྱི་ལོ ༢༠༢༥ ཟླ་ ༥ ནང་འཚོག་གཏན་ཁེལ་བའི་འཕྲོད་བསྟེན་ཆོགས་ཆེན་སྐབས་ ༧༧ པའི་སྟེང་ཁྲིམས་མཐུན་གྲོས་ཆོད་དུ་ངེས་གཏན་བྱ་རྒྱུ་ཡིན་འདུག

ཚོགས་ཆེན་སྟེང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་མིའི་བསྡུ་དངུལ་བརྒྱ་ཆ་ ༢༠ ཡར་སྤར་ཏེ་རྩིས་ལོ་ ༢༠༢༤།༢༠༢༥ ལོའི་སྔོན་རྩིས་ཨ་སྒོར་ཐེར་འབུམ་ ༦།༨༣ གཏན་འབེབས་བྱས་ཡོད་ཅིང་། སྐབས་དེར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་སྐུ་ཞབས་ཌེ་སྒྲོ་སི་ཨཱ་ཊཱ་ནོམ་གྷེ་བི་རེ་ཡེ་སུ་སི་(Tedros Adhanom Ghebreyesus)ལགས་ཀྱིས། ང་ཚོས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དབུ་བརྙེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གཙི་སྲུང་བྱས་ནས་འདས་བའི་ལས་དོན་ཐམས་ཅད་ལ་གྲུབ་འབྲས་བྱུང་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་ཆེ་བའི་གནས་སྟངས་ཀྱིས་ང་ཚོར་དཀའ་ངལ་འཕྲད་ཡོད་པ་བཞིན་དུ། འདས་དོན་གྱི་བསླབ་བྱ་དག་བླངས་ནས་མ་འོངས་བར་ས་ཕྱོགས་གང་སར་ཡོད་པའི་མི་མང་ཚང་མར་འཕྲོད་བསྟེན་གྱི་ཞབས་འདེགས་སྒྲུབ་དགོས། ལས་དོན་དེ་དག་སྒྲུབ་པར་འཛམ་གླིང་གི་རྒྱལ་ཁབ་ཚང་མས་འཕྲོད་བསྟེན་གྱི་སྒྲིག་གཞི་བསྐྱར་གསོ་བྱེད་པར་རྒྱབ་སྐྱོར་བྱ་དགོས་པ་མ་ཟད། འཕྲོད་བསྟེན་གྱི་ལས་དོན་བྱེད་ཕྱོགས་ཐམས་ཅད་ཚགས་ཚུད་ཡོང་བར་འབད་བརྩོན་བྱེད་དགོས་སྐོར་གསུངས་འདུག

ཡང་མཇུག་སྡོམ་མཛད་སྒོའི་སྐབས་སུ་ཁོང་གིས། ཚོགས་ཞུགས་པ་རྣམས་ཀྱིས་ཚོགས་འདུའི་ནང་དུ་བཞག་པའི་གྲོས་གཞི་དེ་དག་ལོ་གཅིག་གི་ནང་དུ་མངོན་འགྱུར་ཡོང་བར་ཤུགས་རྒྱག་དགོས་ཤིང་། དེ་ནི་མ་འོངས་བའི་མི་རབས་ཀྱི་བདེ་སྡུག་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་པས། ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་འོག་དཀའ་སྡུག་མྱངས་ཟིན་པའི་བསླབ་བྱ་བླངས་ཏེ། མ་འོངས་བའི་མི་རབས་ཚོར་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པའི་འགན་ད་ལྟའི་མི་རབས་ཚོར་ཡོད་སྐོར་སོགས་བརྗོད་ཡོད་འདུག

ད་ལྟའི་ཆར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཚོགས་མི་རྒྱལ་ཁབ་ཁྱོན་ ༡༩༤ ཡོད་ཅིང་། ཕྱི་ལོ་ ༡༩༤༨ ཟླ་ ༤ ཚེས་ ༧ ཉིན་གསར་འཛུགས་བྱས། འཕྲོད་བསྟེན་སྒྲིག་འཛུགས་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེད་དུ་འཛམ་གླིང་མི་མང་གི་འཕྲོད་བསྟེན་བདེ་ཐང་སླད་བཙུགས་པའི་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཆེ་ཤོས་དེ་ཡིན་པ་རེད་ལ། ད་ལྟའི་ཆར་སྒྲིག་འཛུགས་འདིའི་དབུས་ལས་ཁུངས་སུད་སིའི་རྒྱལ་ས་ཇེ་ནེ་ཝར་ཡོད་ཅིང་། འཛམ་གླིང་ཁྱོན་ཡོངས་སུ་ཡན་ལག་ལས་ཁུངས་ ༡༥༠ དང་གླིང་ཕྲན་རིམ་པའི་ལས་ཁུངས་ ༦ བཅས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese