མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནེའུ་ཛི་ལན་ཌི་གཞུང་གིས་རྒྱ་ནག་ལ་བོད་དོན་གླེང་སློང་དགོས་པའི་སྐུལ་མ་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནེའུ་ཛི་ལན་ཌིས་བོད་དོན་གླེང་སློང་གནང་བའི་འབོད་སྐུལ་དང་སྦྲགས་རྒྱ་ནག་ཐོག་སྲིད་ཇུས་བརྟན་པོ་འཛིན་དགོས་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནེའུ་ཛི་ལན་ཌིའི་གྲོས་ཚོགས་ཀྱི་མདུན་དུ། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༠༦།༡༦

ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནེའུ་ཛི་ལན་དང་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་བཞིན་ཡོད་པ་ལྟར། ནེའུ་ཛི་ལན་ཌིའི་གཞུང་འབྲེལ་གསར་ཁང་ནེའུ་ཛི་ལན་ཌི་(nzherald) གསར་ཁང་གིས་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ལྟར་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ནང་གི་གནས་སྟངས་ནི་ཧ་ཅང་ཛ་དྲག་རེད། བོད་ཀྱི་རིག་གཞུང་དང་ངོ་བོ་རྩ་མེད་དུ་བཏང་བ་ཡིན་ཚེ། ཆབ་སྲིད་དང་ཆོས་ལུགས་ཀྱི་རང་དབང་གླེང་ས་ཅི་ཡང་མེད། ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་བཞིན་དབུ་མའི་ལམ་དུ་འགྲོ་བཞིན་ཡོད་ཅིང་། རང་སྲིད་རང་སྐྱོང་ལས་རང་བཙན་བརྩོན་ལེན་བྱེད་ཀྱི་མེད། དབུ་མའི་ལམ་ནི་རྒྱ་ནག་ཙམ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ལ་དགེ་ཕན་ཆེན་པོ་ཡོད། ད་ལྟའི་ཆར་རྒྱ་གཞུང་གིས་མ་རྩ་རིང་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་གྱིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་གཏོར་བཤིག་གཏོང་བཞིན་ཡོད་པས། ངས་རྒྱུན་དུ་ང་ཚོ་ག་ལེར་ཉམས་རྒུད་དུ་འགྱུར་བཞིན་ཡོད་ཟེར་གྱི་ཡོད། ནེའུ་ཛི་ལན་ཌི་གཞུང་གིས་འཛམ་གླིང་གི་དཀའ་ངལ་འཕྲད་བཞིན་པའི་མི་མང་ལ་གདེང་འཇོག་གནང་ཡོད་པ་ཤེས་ཀྱི་འདུག ད་ལྟའི་ཆར་རྒྱ་ནག་ནི་འཛམ་གླིང་སྟེང་དུ་སྟོབས་ཤུགས་ཆེན་པོ་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ནུབ་ཆིངས་སྒྲིག་འཛུགས་ཀྱི་མཚོན་པའི་ས་ཁུལ་དུ་རྒྱ་ནག་གིས་རང་གི་ཆབ་སྲིད་བེད་སྤྱོད་བྱེད་ཐུབ་ཀྱི་མེད། ནེའུ་ཛི་ལན་ཌིས་རྒྱ་ནག་ཐོག་སྲིད་ཇུས་བརྟན་པོ་འཛིན་དགོས་ཞེས་གསུངས་པ་དང་སྦྲགས། ནེའུ་ཛི་ལན་ཌིའི་སྲིད་བློན་ཁུ་རེ་སི་ཧི་ཕུ་ཀིན་སི་ (Chris Hipkins) ལགས་ནས་རྒྱ་ནག་གཞུང་དང་ལྷན་དུ་བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་སྤྲོད་དགོས་པའི་གནད་དོན་གླེང་སློང་གནང་བའི་འབོད་སྐུལ་ཡང་ཞུས་ཡོད་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ངོ་དེབ་ཀྱི་གནས་ཚུལ་ལྟར་ན། དེ་རིང་ཕྱི་ཚེས་ ༡༦ ཉིན་རྒྱབ་ནེའུ་ཛི་ལན་ཌི་རྒྱལ་ས་ཝེ་ལིན་ཌོན་གྱི་གྲོས་ཚོགས་ཚོགས་ཁང་དུ། ནེའུ་ཛི་ལན་ཌི་རྒྱལ་ཡོངས་སྲིད་དོན་ཚོགས་པའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་དང་གྲོས་ཚོགས་འཐུས་མིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འགན་འཛིན་ (National Party Spokesperson for Foreign Affairs and Co-Chair of Inter-Parliamentary Alliance on China   )སྐུ་ཞབས་སི་མོན་ཨོ་ཁོན་ནོར་ལགས་ཀྱི་གོ་སྒྲིག་འོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནེའུ་ཛི་ལན་ཌིའི་གཡས་ལྷུང་( ACT Party) སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཇཱ་མེ་སི་མེ་ཌོ་ཝེལ་(James Mcdowall) ལགས་བཅས་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་ཅིང་། ལྗང་ཁུ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་གྷོལ་རི་ཛི་གྷ་རཱ་མེན་((Golriz Gharaman )་ལགས་དང་། ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཧེ་ལེན་ཝི་ཌི་(Helen White)་ལགས་གཉིས་ནས་དྲ་ལམ་བརྒྱུད་མཇལ་མོལ་གནང་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་ནེའུ་ཛི་ལན་ཌིའི་གྲོང་ཁྱེར་ཨོ་ཁི་ལན་ཌི་ཡའི་ཨེ་ལེར་སི་ལེ་དམག་འཁྲུག་དྲན་གསོ་ཚོགས་ཁང་(Ellerslie War Memorial Hall  )་དུ། སྲིད་སྐྱོང་མཆོག་གསོལ་སྟོན་མཛད་སྒོར་གདན་ཞུས་ཀྱིས་བོད་དོན་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ནེའུ་ཛི་ལན་ཌི་གྲོས་ཚོགས་ཀྱི་ཚོགས་གཞོན་ཟུར་བ་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོག་གཙོ་ཨེ་ཡན་རཱ་ཝེལ་མཆོག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་ཕྲུག་རོགས་སྐྱོར་ཚོགས་པ། རྒྱ་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་འདུག ཡང་དེ་རིང་སྔ་དྲོ་ནེའུ་ཛི་ལན་ཌིའི་རྒྱལ་ས་ཝི་ལན་ཌོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་ཡོངས་དཔེ་མཛོད་ཁང་དུ། སྲིད་སྐྱོང་མཆོག་གིས་བོད་ཀྱི་གྲོགས་པོ་ཚོགས་པ་དང་། སྙིང་རྗེ་སྤྱི་ཚོགས་ཞབས་ཞུ་ཚོགས་པ། ཆོས་ཚོགས་ཁག་གི་སློབ་ཕྲུག་བཅས་མཇལ་འཕྲད་གནང་སྟེ། ད་ལྟ་སྲིད་སྐྱོང་མཆོག་གི་ནེའུ་ཛི་ལན་ཌིའི་མཛད་རིམ་ཡོངས་མཇུག་སྒྲིལ་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༢༡ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༢༣ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese