མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོ་རྗེ་བཀྲ་ཤིས་གཅེན་གཅུང་གཉིས་ལ་སྙིང་སྟོབས་གཟེངས་རྟགས་ཕུལ་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ་བོད་ཀྱི་ཆབ་སྲིད་བཙོན་པ་དང་ཚོང་པ་གྲགས་ཅན། སྤྱི་ཚོགས་ཞབས་ཞུ་པ་རྡོ་རྗེ་བཀྲ་ཤིས་ལགས་དང་། ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་གཉིས་ལ་ཕུལ་སོང་།

དེ་རིང་ཕྱི་དྲོ་ཆུ་ཚོད་༥།༠༠ ཐོག་དྷ་ས་མེག་གྷན་ནོར་བུ་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་བཅས་ཀྱི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ་བའི་མཛད་སྒོ་ཞིག་འཚོགས་ཅིང་། ཐེངས་འདིའི་ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས། ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས། བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་བན་ཏེ་སྐྱབས་ལགས་བཅས་ཀྱི་གཙོས་དྷ་སའི་སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་འདུག

སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་བཙོན་འཇུག་བྱས་པའི་སྐོར་ལ་ཁོང་གི་དགེ་ཕྲུག་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས། རིན་པོ་ཆེས་ལོ་གཅིག་རིང་བཙོན་ཁང་ནང་དུ་སྡུག་མྱངས་བའི་གནས་ཚུལ་ཧ་མ་གོ་བ་ཞིག་ཆགས་སོང་། ཉིན་གཅིག་དཀར་མཛེས་ཁུལ་ནང་གི་རྫོང་བཅོ་བརྒྱད་ཀྱི་དཔོན་རིགས་ཆེ་ཁག་དང་། བླ་མ་ཆེ་ཁག་བཅས་མི་གྲངས་ཁྱོན་ ༢༠༠ ལྷག་ཁྲིམས་རྭར་སྐད་བཏང་ནས་ཁྲིམས་ཐག་གཅོད་རྒྱུ་བྱས་པ་རེད། སྐབས་དེར་རིན་པོ་ཆེས། ངས་ལོ་གཅིག་གི་རིང་ཁྲིམས་དྲང་པོ་བྱ་རྒྱུ་རེད་བསམ་ནས་སྒུག་ཀྱང་དྲང་པོ་བྱས་མ་སོང་། དེ་རིང་འདིར་བོད་རིགས་མགོ་ཁྲིད་མང་པོ་ཞིག་ཕེབས་འདུག་པར་ཧ་ཅང་དགའ་བོ་བྱུང་སོང་། ཁྱེད་ཚོས་ཤེས་དགོས་པ་ཞིག་ལ་ང་རང་ལ་མི་རིགས་ཀྱི་ལ་རྒྱ་ཡོད་པར་བསྙད་དེ་ཁྲིམས་ཐག་གཅོད་ཀྱི་ཡོད་པ་རེད། དེ་ཁྱེད་ཚོས་ཤེས་དགོས་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སྐད་བརྒྱབ་པས། ཁོང་གི་ཁ་ལ་རས་དཀྲིས་ཏེ་བཙོན་ཁང་དུ་ཁྲིད་དུ་སོང་། དེ་དུས་རྒྱ་མི་ཞིག་གིས་ཁྲིམས་གཅོད་འདི་རྫོགས་ཚར་རེད། ཁྱེད་ཚོ་སོ་སོའི་རྫོང་ལ་འགྲོ་དུས་མི་སུ་ལའང་བཤད་མི་ཆོག གལ་སྲིད་གནས་ཚུལ་འདི་གཞན་ལ་བཤད་ཚེ། ཁྱེད་ཚོ་བཙོན་ཁང་དུ་འཇུག་རྒྱུ་ཡིན་པ་མ་ཟད། གོ་གནས་ཀྱང་ཕབ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་སོང་ཞེས་འགྲེལ་བརྗོད་གནང་སོང་།

ཚོང་བ་རྡོ་རྗེ་བཀྲ་ཤིས་དང་གཅེན་མོ་མགོན་པོ་སྐྱིད་ཀྱི་སྐོར་ལ་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་བན་ཏེ་སྐྱབས་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་རྡོ་རྗེ་བཀྲ་ཤིས་ལགས་མཉམ་ཞུགས་དང་སྐུལ་སློང་བྱས་པའི་མ་ཉེས་ཁ་གཡོགས་ཀྱིས་ཟླ་མང་པོའི་རིང་འཛིན་བཟུང་བྱས་ཏེ་མནར་གཅོད་བཏང་ཡོད་ཀྱང་། ཁོང་ལ་ཉེས་འཛུགས་བྱས་པ་ཅི་ཡང་ཁས་ལེན་བྱས་མེད་པས། རྒྱ་གཞུང་ནས་ཡང་བསྐྱར་ཁོང་ལ་ཁ་བྲལ་རིང་ལུགས་པར་དཔལ་འབྱོར་གྱི་རོགས་རམ་བྱས་པའི་ནག་ཉེས་ཞིག་བཙུགས་ཀྱང་། ནག་ཉེས་ཀྱི་དཔང་རྟགས་ཅི་ཡང་སྟོན་ཐུབ་མེད་པ་རེད། མཐའ་མར་ཁོང་ལ་བུ་ལོན་གཡོ་ལེན་བྱས་པའི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་རྒྱ་ནག་པེ་ཅིན་སོགས་སུ་ཁྲིམས་རྩོད་པ་ལ་བགླས་ནས་ཁྲིམས་གཏུགས་རབ་དང་རིམ་པ་མང་པོ་བྱས་ཀྱང་། ཁྲིམས་གཏུགས་ལ་དྲང་བདེན་ཅི་ཡང་མ་བྱུང་པས། མཐའ་མ་ཐབས་ཟད་འུ་ཐུག་གིས་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ལྷ་སའི་ཁྲིམས་ཁང་གི་སྒོ་མདུན་དང་། བཙོན་ཁང་གི་མདུན་དུ་ཉིན་རེ་བཞིན་ལས་འགུལ་སྤེལ་དགོས་བྱུང་ཡོད་ཅིང་། རྒྱ་ནག་གི་རྩ་ཁྲིམས་ཐོག་ནས་དྲང་བདེན་ཅི་ཡང་བྱུང་མེད་པའི་ནག་ཉེས་ལ་བསྐྱར་ཞིབ་བྱ་དགོས་སྐད་འབོད་བརྒྱབ་པས། ཁོང་མོ་གཅར་རྡུང་དང་བཙོན་འཇུག་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་། ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས། དེ་རིང་གི་ཉིན་མོ་འདི་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་མཆོག་གི་མཚོན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་རླབས་ཆེ་བའི་ཉིན་མོ་ཞིག་ཡིན་པས། ཁོང་རྣམས་ཀྱི་མཛད་རྗེས་རྗེས་དྲན་ཞུ་དགོས་པ་མ་ཟད། བོད་མི་རིགས་ཡོངས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་པར་དམ་བཅའ་འཇོག་དགོས་པའི་ཉིན་མོ་ཞིག་རེད་ཅེས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལྟའི་ཆར་ང་ཚོ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་སྤྱིའི་སྟེང་སྙོབ་ཐུབ་པ་དང་བོད་དོན་དྲིལ་བསྒྲགས་སོགས་བྱ་རྒྱུ་གལ་ཆེན་ཡིན་པ་དང་། དེ་ལ་བརྟེན་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཡོང་གི་ཡོད་པས། ང་ཚོའི་ནུས་པ་ཚང་མ་བོད་དོན་ཐོག་སྤུངས་པ་ཡིན་ན་ནུས་པ་སྤུངས་ས་ནོར་མེད་པ་དང་། ད་ལྟ་བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཁྲི་གསུམ་ཙམ་ལས་མེད་པས། ད་ལྟའི་བར་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་དང་། ང་ཚོས་༧རྒྱལ་བ་རིན་པོ་ཆེས་གསོལ་རས་སྩལ་བའི་མང་གཙོ་དེ་བདག་ཉར་ཡག་པོ་ཞིག་བྱེད་མ་ཐུབ་པ་ཡིན་ན། ང་ཚོ་ད་ལྟའི་བར་དུ་༧རྒྱལ་བ་རིན་པོ་ཆེས་མཛད་བཞག་པ་དག་གཏོར་མཁན་གྱི་མི་རབས་ཆགས་ཀྱི་ཡོད། དེ་འདྲ་ཞིག་ཆགས་པ་ཡིན་ན་ང་ཚོ་ལས་ལྷག་གི་ནག་ཉེས་ཅན་གྱི་མི་རབས་ཤིག་ཡོང་སྲིད་ཀྱི་མ་རེད། དེར་བརྟེན། རྒྱ་ཆེ་ས་ནས་བོད་སྤྱི་པའི་ཁེ་ཕན་ལ་བསམ་བློ་བཏང་ནས་ལས་ཀ་བྱས་པ་ཡིན་ན་ང་ཚོ་ནང་ཁུལ་གྱི་བཤད་རྒྱུ་གཏམ་རྒྱུ་ཇེ་ཉུང་དུ་འགྲོ་ཡི་རེད། ཅེས་གསུངས་སོང་།

ཡང་བོད་མི་རྣམས་ནས་མཐུན་ལམ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བོད་ཀྱི་རྩ་དོན་ཐོག་འགན་འཁུར་དགོས་སྐོར་ལ་སྲིད་སྐྱོང་མཆོག་གིས། ༧རྒྱལ་བ་རིན་པོ་ཆེས་མཛད་པ་བསྐྱངས་པ་དང་སྐྱོང་བཞིན་པ་དག་ལ་བརྟེན་ནས། འཛམ་གླིང་ནང་ང་ཚོར་ཆ་འཇོག་ཅིག་ཡོང་གི་ཡོད་རེད། ཉེ་ལམ་༧རྒྱལ་བ་རིན་པོ་ཆེས་རང་ངོས་རང་བློ་ཞུམ་མེད་དཱ་ཞེས་བཀའ་སློབ་ཡང་དང་བསྐྱར་དུ་གནང་གི་ཡོད་པ་དང་། དེ་བཞིན་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་རེ་གནང་ཡོང་དུས་ང་ཚོར་སེམས་ཤུགས་འཕར་བའི་རྒྱུ་ཞིག་ཆགས་ཀྱི་ཡོད་སྟབས། སྲིད་སྐྱོང་མཆོག་གིས་ཀྱང་སེམས་ཤུགས་ལྷོད་མེད་ཀྱི་ཐོག་ནས་རྒྱལ་སྤྱིའི་ཡུལ་ལུང་གང་དུ་ཕྱིན་ཡང་བོད་དོན་གླེང་སློང་གི་ཡོད་པ་མ་ཟད། བོད་དོན་བདེན་མཐའ་གསལ་བ་དང་གསོན་པོ་གནས་པའི་འགན་གཙོ་བོ་བོད་མི་རང་ལ་ཡོད་པས། རང་དབང་ལུང་པའི་ཡོད་པའི་བོད་མི་ཚོས་རང་ཉིད་བོད་པ་ཞིག་ཡིན་བསམས་པའི་འགན་འཕར་མ་ཞིག་འཁུར་དགོས་པ་གལ་ཆེན་ཡིན་པ་ལས། རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་མེད་པ་ཡིན་ན་སྒེར་གྱི་འཚོ་བ་ཁོ་ནར་མགོ་འཁོར་བ་ལས་གཞན་ཡོང་གི་མེད་སྐོར་སོགས་གསུངས་སོང་།

སྙིང་སྟོབས་གཟེངས་རྟགས་འདི་ནི་ཕྱི་ལོ་ ༢༠༡༦ ནས་བཟུང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་རྗེས་དྲན་བྱེད་ཆེད་དུ། ལོ་རེའི་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་དམ་པ་ཁོང་ཉིད་རྒྱ་གཞུང་གི་བཙོན་ཁང་དུ་རྐྱེན་འདས་སུ་ཕྱིན་པའི་དུས་ཚོད་བསྟུན་ནས་སྲུང་གཙི་གནང་བཞིན་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་མི་སྣ་རྣམས་ལ་གནང་བཞིན་ཡོད་ལ།  གཙོ་བོ་ཁོང་རྣམ་པའི་མཛད་རྗེས་ལ་ཆེ་བསྟོད་དང་འབྲེལ།  ལས་དོན་འདི་བརྒྱུད་ནས་བོད་ནང་གི་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་ཡོད་འདུག  གཟེངས་རྟགས་འདི་བཞེས་མཁན་གྱི་གྲས་སུ་བོད་ནང་གི་ཆབ་སྲིད་བཙོན་པ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡེ་ཤེས་ཆོས་སྒྲོན་ལགས། བཀྲ་ཤིས་དབང་ཕྱུག་ལགས། ཨ་ཉག་སེང་སྒྲ་ལགས།  ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་བཅས་ཀྱི་མཛད་རྗེས་ལ་གཟེངས་བསྟོད་དུ་ཕུལ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Former Tibetan Political prisoner Sonam Gyapo Passes away
Mobile App

བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས་འདས་གྲོངས་སུ་ཕྱིན།

༢༠༢༣/༠༨/༢༤
བོད་ཀྱི་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཞི་བའི་འབོད་སྐུལ་བྱེད་སྐབས། ༢༠༢༣།༠༥།༡༠
Mobile App

ཟླ་འདིའི་ནང་མགོན་པོ་སྐྱིད་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ལས་འགུལ་ཐེངས་གཉིས་སྤེལ་འདུག

༢༠༢༣/༠༧/༡༣
༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་མཇལ་ཁ་བསྩལ། ཕྱི་ལོ་ ༢༠༢༣།༧།༡
པར་དབང་། དགའ་ལྡན་ཕོ་བྲང་།
Mobile App

༧གོང་ས་མཆོག་གིས་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་མཇལ་ཁ་བསྩལ།

༢༠༢༣/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese