མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀན་ལྷོའི་རྐང་སྤོལ་རུ་ཁག་གིས་བོད་ཁམས་ཀྱི་ཨང་དང་པོ་བླངས།

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གངས་དཀར་བུམ་པ་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཁྲོད། ཀན་ལྷོའི་རྐང་སྤོལ་རུ་ཁག་ལ་ཕམ་ཁ་གཅིག་ཀྱང་མ་བྱུང་བར་འགྲན་སྐོར་དྲུག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས།

ཟླ་འདིའི་ཕྱི་ཚེས་  ༨ ནས་ ༡༤ བར་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དུ་འཚོགས་པའི་༼གངས་དཀར་བུམ་པ་རྟགས་མའི་༽བོད་ཁམས་ཡོངས་ཀྱི་སྐབས་དང་པོའི་ན་གཞོན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ། ཁ་སང་ཕྱི་ཚེས་ ༡༤ ཉིན་མཇུག་སྒྲིལ་ཡོད་ཅིང་། མཐའ་མཇུག་གི་རྟིང་རྩོད་དེ་ཆབ་མདོ་དང་ཀན་ལྷོའི་རྐང་སྤོལ་རུ་ཁག་གཉིས་བར་རྩེད་འགྲན་བྱས་ཏེ། སྐབས་དང་པོའི་བོད་ཀྱི་ན་གཞོན་རྐང་རྩེད་སྤོ་ལོའི་འགྲན་སྡུར་དེ་ཀན་ལྷོའི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

རྒྱ་ནག་མི་དམངས་དྲ་བའི་སྟེང་གི་གནས་ཚུལ་ལྟར་ན། ཐེངས་འདིའི་སྐབས་དང་པོ་བོད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་། བོད་ལྗོངས་སམ་དབུས་གཙང་དང་མཚོ་སྔོན། ཡུན་ནན། ཀན་ལྷོ། སི་ཁྲོན་བཅས་བོད་ཆོལ་ཁ་གསུམ་གྱི་རྐང་སྤོལ་རུ་ཁག་ཆེད་དུ་གདན་ཞུ་གནང་ཡོད་པ་དང་། ཉིན་གྲངས་དྲུག་རིང་གི་རྩེད་འགྲན་ནང་རྐང་སྤོལ་རུ་ཁག་ཁྱོན་དགུ་མཉམ་ཞུགས་བྱས་ཡོད་འདུག

གངས་དཀར་བུམ་པ་རྟགས་མའི་རྐང་སྤོལ་འགྲན་བསྡུར་དེའི་ཁྲོད། ཀན་ལྷོའི་རྐང་སྤོལ་རུ་ཁག་ལ་ཕམ་ཁ་གཅིག་ཀྱང་མ་བྱུང་བར་འགྲན་སྐོར་དྲུག་ལས་རྣམ་པར་རྒྱལ་བར་མ་ཟད། རུ་ཁག་གི་སྤྱིའི་བཀོད་སྒྲིག་དང་ལུས་རྩལ་བའི་འགྲོས་སོགས་ཡག་པོ་ཡོད་པའི་ཁར། རྩེད་འགྲན་པ་དག་གིས་རྩེད་མོའི་མགོ་མཇུག་བར་གསུམ་དུ་བོད་ཡིག་གིས་བརྒྱན་ཞིང་བོད་ལྭ་གྱོན་ནས་བྱ་དགའ་བླངས་པས། རྒྱ་ཆེ་བའི་ལྟད་མོ་བ་མང་པོས་འཕྲིན་ལམ་ཁག་ཏུ་དགའ་བསུ་དང་ཡི་རངས་ཞུ་བཞིན་འདུག

ཀན་ལྷོ་འམ་མདོ་ལྷོའི་རྐང་སྤོལ་རུ་ཁག་གི་ལུས་རྩལ་བ་ཕལ་ཆེ་བ་ཀན་ལྷོ་ཁུལ་གྱི་བསང་ཆུ་དང་ཀླུ་ཆུ། རྨ་ཆུ་དང་གཙོས། ཅོ་ནེ་སོགས་ནས་ཡིན་ཞིང་། ལས་རིགས་མི་གཅིག་པའི་ཁོ་ཚོ་ནི་དགའ་ཕྱོགས་ཁོ་ནས་འཛོམས་པ་ཤ་སྟག་ཡིན་པ་ལས་ཆེད་ལས་ཀྱི་ཐོག་ནས་ལྷན་འཛོམས་བྱུང་བ་ཞིག་མིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༡༦ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese