མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་མཆོག་ནས་ང་ཚོས་དམངས་གཙོའི་ཐག་གཅོད་གཞི་རྩར་འཛིན་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་དུ་བོད་རང་དབང་རང་བཙན་གྱི་བདེན་མཐའ་མ་གསལ་བར་གཞོན་ལྷན་ནས་འཛམ་གླིང་རྒྱལ་སྤྱིའི་ཐོག་རྒྱ་གཞུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་མ་ཟད། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྔར་ལས་ནུས་ཤུགས་ལྡན་པ་སྤེལ་རྒྱུ་ཡིན་པ་ནན་བརྗོད་བྱ་རྒྱུ་ཡིན་ཞེས་འཁོད་འདུག

བོད་ཀྱི་ཟློས་གར་ཁང་དུ་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༣ འཁོར་བའི་མཛད་སྒོ་འཚོགས། ༢༠༢༣།༡༠།༠༧ སྤྱི་འཐུས་ཀྱི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༤༥ ཐོག་དྷ་ས་བོད་ཀྱི་ཟློས་གར་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༣ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་བོད་མི་མང་སྤྱི་འཐུས་ཀྱི་རྒྱུན་ལས་རྣམ་པ་དང་ཕྱོགས་བཞུགས་སྤྱི་འཐུས། ཚོགས་པ་ཁག་གི་སྐུ་ཚབ། ས་གནས་མི་མང་བཅས་འཛོམས་འདུག་ལ། གཞས་སྣ་འཁྲབ་སྟོན་དང་ཐག་འཐེན་སོགས་ཀྱི་རྩེད་མོ་རྩེ་ཡི་འདུག

མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་སྐབས། རྒྱ་དམར་སྲིད་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་མི་ལོ་དྲུག་ཅུ་ལྷག་རིང་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་བརྒྱ་ཇུས་སྟོང་གིས་བོད་མིའི་ཆོས་དང་རིག་གཞུང༌། སྐད་དང་ཡི་གེ། ཡུལ་གོམས་གཤིས་ལུགས་སོགས་རྩ་མེད་བཏང་དང་གཏོང་མུས་ཡིན་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྩིས་མེད་རྡོག་རོལ་གྱིས་ཚད་ལས་བརྒལ་བའི་དམ་དྲག་སྲིད་ཇུས་འོག་ཉེས་མེད་ཉེས་འདོགས་ཀྱིས་གང་བྱུང་འཛིན་བཟུང་བཙོན་འཇུག་སོགས་ཉིན་མཚན་ཀུན་དུ་དོ་དམ་སྟངས་འཛིན་འོག་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད། རྒྱ་གཞུང་གིས་དེང་རབས་འཕྲུལ་རིགས་བེད་སྤྱོད་ཀྱིས་ཁྲིམས་འགལ་ཐོག་བོད་མིའི་རིགས་རྫས་བཙན་གྱིས་བསྡུ་ལེན་བྱས་དང་བྱེད་མུས་ཡིན་པ་དང་། དེ་བཞིན་བོད་ཕྲུག་ས་ཡ་གཅིག་ལྷག་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱས་ཏེ་བོད་རིགས་རྒྱ་རིགས་སུ་སྒྱུར་སླད་སྐད་ཡིག་སློབ་གསོའི་ཐོག་ནས་དམར་ཤོག་གི་ལྟ་བ་བཙན་ཁྲིད་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་ཐ་སྙད་མིང་དོན་དང་བཅས་པར་སྒྱུར་བཅོས་ཀྱིས་རྒྱལ་སྤྱིའི་ཐོག་ཡིག་ངག་གཉིས་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་མཚོན་ཐབས་བྱེད་བཞིན་པ་བཅས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཉིན་རེ་བཞིན་ཇི་སྡུག་ཇེ་ཞན་དུ་གྱུར་བཞིན་ཡོད་སྟབས། རྒྱལ་སྤྱིའི་ཐོག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་དང་སྤྱི་སྒེར། བོད་དོན་རྒྱབ་སྐྱོར་བ་ཚང་མས་གོ་སྐབས་དམ་འཛིན་གྱིས་ནུས་ཤུགས་གཅིག་སྒྲིལ་ཐོག་ལས་འགུལ་སྤེལ་མཁན་ཚང་མར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། ལྷག་པར་དགྲ་བོ་རྒྱ་དམར་སྲིད་གཞུང་གི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ངོས་འཛིན་གྱིས་རྒྱལ་སྤྱིའི་ཐོག་ལས་འགུལ་སྔར་ལྷག་མུ་མཐུད་སྤེལ་རྒྱུར་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༣ འཁོར་བའི་མཛད་སྒོའི་ཐོག་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་གཏམ་བཤད་གནང་། ༢༠༢༣།༡༠།༠༧ སྤྱི་འཐུས་ཀྱི་པར།

ཡང་ཁོང་གིས། རྒྱ་གཞུང་གི་དམ་དྲག་སྲིད་ཇུས་འོག་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་གཞིས་ལུས་རྒྱ་ཚེའི་མི་མང་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང༌། ཁོང་རྣམས་ཀྱི་མངོན་འདོད། བོད་ནང་གི་ཆབ་སྲིད་ཀྱི་གནས་བབ་སོགས་ཡིད་ལ་དྲན་པའི་སྒོ་ནས་བྱེས་གྱར་བོད་མི་ཡོངས་ནས་རང་གི་དགྲ་བོ་ངོས་འཛིན་པའི་ཐོག་ནས་ཕྱི་ནང་གི་གནས་ཚུལ་ཆུང་ཙག་རིགས་ལ་མགོ་བོ་མ་འཁོར་བར་བོད་བསྟན་པ་ཆབ་སྲིད་ཆགས་འཇིག་དང་ཉག་ཕྲ་བའི་དུས་གནས་སུ་ལྷུངས་ཡོད་པར་དགོངས་བཞེས་ཀྱིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་འགན་འཁྲི་ཡོད་པ་དང་། ལྷག་པར་བཙན་བྱོལ་གྱི་རང་དབང་ལུང་པའི་ནང་ཡོད་པའི་བོད་རིགས་རྩམ་ཟན་པ་ཡོངས་ལ་དམིགས་བསལ་གྱིས་འགན་འཁྲི་ཡོད་པ་བཞིན་བོད་མི་ནང་ཁུལ་མཐུན་ལམ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱིས་བོད་དོན་འཐབ་རྩོད་ཐད་ལྟ་ཕྱོགས་ཇི་ལྟར་ཡིན་མིན་ལ་མ་ལྟོས་པར་ནུས་ཤུགས་གཅིག་ཏུ་སྤུངས་ཏེ་རང་གི་ངོ་བོ་སྲུང་སྐྱོབ་ཐོག་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་སྟབས་བསྟུན་གོ་སྐབས་དམ་འཛིན་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྔར་ལྷག་སྤེལ་རྒྱུར་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་དེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་འདི་ལོར་གཞི་རྒྱ་ཆེ་བའི་ལས་འགུལ་དུ་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་དེ་རྒྱ་གར་ནུབ་བྱང་ནས་བྱང་ཤར་བར་ཟླ་བ་གཅིག་མ་ཟིན་ཙམ་རིང་གཞི་རྒྱ་ཆེ་བའི་གོམ་བགྲོད་བྱས་ཡོད་པ་དང༌། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་དངོས་སུ་ཚོགས་སྐབས་རྒྱ་གར་རྒྱལ་ས་ལྡི་ལིར་གཟི་བརྗིད་དང་ཆེ་མཐོང་ལྡན་པའི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ། གཞན་ཡང་། དུས་འཁོར་དབང་ཆེན་སོགས་ཀྱི་སྐབས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞབས་ཕྱིའི་ལས་འགུལ་སྣ་མང་སྤེལ་ཡོད་པ་སོགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྤྱི་སྨན་གྱི་ལས་དོན་མང་པོ་སྤེལ་དང་སྤེལ་མུས་ཡིན་པ་འགྲེལ་བརྗོད་གནང་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༣ འཁོར་བའི་མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་ནས་གསུང་བཤད་གནང་། ༢༠༢༣།༡༠།༠༧ སྤྱི་འཐུས་ཀྱི་པར།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༣ འགྲོ་བཞིན་ཡོད། སྤྱིར་ལོ་ངོ་ ༥༣ གྲངས་ཀ་ཉུང་ཉུང་ཞིག་ཆགས་སྲིད་ཀྱང་། མི་གཅིག་གི་མི་ཚེའི་བརྒྱུད་རིམ་ལ་མཚོན་ན་དུས་ཚོད་ཡག་ཤོས་རྫོགས་ཚར་རེད།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་དང་ས་གནས་རྒྱུན་ལས་ཁག་གིས་ཐོག་མར་ཚོགས་པ་བཙུགས་པ་བཞིན། ལས་དོན་བྱེད་ཕྱོགས་ལ་འགྱུར་བ་མེད་པར་ལྷག་བསམ་ཆེར་བསྐྱེད་ཀྱིས་ཞབས་ཕྱི་བསྒྲུབ་བཞིན་པ་ཡག་པོ་མཐོང་བཞིན་ཡོད་ལ། གོ་སྐབས་འདི་བརྒྱུད་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། དེང་གི་དུས་སུ་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྒེར་གྱི་བསམ་ཚུལ་ཐོག་ནས་བསམ་ཚུལ་གཅིག་གྱུར་གྱི་གནས་བབ་ཅིག་ཧ་ཅང་ཁག་པོ་ཆགས་ཡོད། དམངས་གཙོའི་སྤྱི་ཚོགས་ལ་མཚོན་ན་དེ་བས་ཁག་པོ་ཆགས་ཡོད། བོད་པ་ཐོག་མར་རྒྱ་གར་ལ་སྐྱབས་བཅོལ་དུ་བསླེབས་པའི་སྐབས་དང་། ད་ལྟའི་གནས་སྟངས་ཐད་འགྱུར་བ་ཆེན་པོ་བྱུང་ཡོད་ཀྱང་། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་།བོད་མིའི་སྒྲིག་འཛུགས་ལ་བརྟེན་ནས་བྱུང་བ་གསལ་པོ་རེད། བོད་མི་ཞིག་ཡིན་ན་དུས་རྒྱུན་བཀའ་དྲིན་དེ་དག་དྲན་དགོས་པ་གལ་ཆེན་རེད། ང་ཚོ་བཙན་བྱོལ་དུ་འབྱོར་ཏེ་ལོ་ངོ་ ༦༣ ལྷག་འགྲོ་བཞིན་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་གཞུང་ཁུངས་མིན་པའི་ཚོགས་པ་ཆེ་ཤོས་ཤིག་དང་། ཚོགས་མི་མང་ཤོས། ས་གནས་ཁག་ཏུ་ཁྱབ་ཤོས་ཀྱི་སྒྲིག་འཛུགས་ཤིག་ཆགས་ཡོད་ལ། ལོ་ངོ་ ༥༣ རིང་མུ་མཐུད་རྒྱུན་གནས་ཆགས་པ་ཡག་པོ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བླང་དོར་ལམ་སྟོན་གནང་བ་ལ་བརྟེན་ནས།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་དམངས་གཙོ་ཡང་དག་པའི་ལམ་དུ་འགྲོ་ཐུབ་ཡོད། བར་སྐབས་ཤིག་ནས་ང་ཚོའི་སྤྱི་ཚོགས་སུ་ཕ་མས་ཕྲུ་གུ་སྐྱེད་སྲིང་བྱེད་པ་ནང་བཞིན་གྱི་གནས་སྟངས་ཤིག་ཆགས་བཞིན་ཡོད་ཀྱང་། སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་ཚེ་གནས་བབ་ཡག་པོ་ཆགས་བསྡད་འདུག ང་ཚོའི་ཆིག་སྒྲིལ་གཏོར་བཤིག་གཏོང་ཐུབ་པའི་གནས་སྟངས་ཤིག་ཆགས་མེད་པ་རེད།  ཡིན་ཡང་སེམས་འཁུར་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད། ལོ་ངོ་ ༦༣ དེར་རྒྱ་ཆེ་ས་ནས་བསམ་བློ་བཏང་བ་ཡིན་ན་གྲངས་ཀ་ཉུང་ཉུང་ཡིན་ཡང་། ལོ་དེ་དག་གི་ནང་དུ་སྒྲིག་འཛུགས་དང་སློབ་གསོའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་དོ་སྣང་བྱེད་སའི་གནས་བབ་བསྐྲུན་ཐུབ་ཡོད། ད་ལྟ་ང་ཚོས་དངོས་ཡོད་གནས་སྟངས་ལ་བསྟུན་ནས་འགྲོ་དགོས་པ་དང་། དེ་ཡང་ལོ་རྒྱུས་གནས་བབ་སླར་གསོ་བྱེད་དགོས་པ་དང་། དམངས་གཙོའི་ཐག་གཅོད་གཞི་རྩར་འཛིན་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་གྱི་བར་བརྒལ་སྲིད་བློན་གསར་པ་ཤི་ལ་ཀཱར་ཀི་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ༢༠༢༥།༩།༡༥ བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
Mobile App

བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་ཞུས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་འཇོག་བཞིན་ཡོད་འདུག

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese