མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲི་ཆུའི་འགག་གསུམ་ཚོགས་པའི་མགོ་འཁྲིད་ཅིག་ལ་ཁྲིམས་བཤེར་བྱས།

བོད་ཀྱི་དུས་བབ།
༢༠༢༣/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཧུའུ་པེ་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པ་ཚའོ་ཀོང་ཅིན་ཟེར་བ་ཞིག་གིས་རྒྱ་སྒོར་དུང་ཕྱུར་ ༢ ལྷག་གི་ལྐོག་རྔན་བླངས་བའི་ནག་ཉེས་འོག་ཁྲིམས་བཤེར་བྱས་ཡོད་ཀྱང་ནག་ཉེས་ངོས་ལེན་བྱས་ལུགས་ཙམ་ལས་ཁྲིམས་ཐག་ཅི་བཅད་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་པ་རེད།

རྒྱ་ནག་ཧུའུ་པེ་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པ་ཚའོ་ཀོང་ཅིན་གྱིས་རྒྱ་སྒོར་དུང་ཕྱུར་ ༢ ལྷག་ལྐོག་རྔན་བླངས་ནག་ཉེས་བཙུགས། རྒྱ་བྱ་དྲ་བའི་པར།

ཉེ་ཤས་སྔོན་རྒྱ་ནག་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས། ཧུའུ་པེ་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པ་དང་། རྒྱ་ནག་འབྲི་ཆུ་འགག་གསུམ་འཛུགས་སྐྲུན་ལས་གཞི་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གཞོན་པ། རྒྱ་ནག་འབྲི་ཆུ་འགག་གསུམ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ། སྤྱི་ཁྱབ་ལས་འཛིན་པ་ཚའོ་ཀོང་ཅིན་གྱིས་རྒྱ་སྒོར་དུང་ཕྱུར་ ༢།༡༦ གི་ལྐོག་རྔན་བླངས་བ་དང་། སྲིད་གཞུང་གི་གསང་བ་ཕྱིར་གྱར་བའི་ཉེས་མིང་འོག་ཁྲིམས་ར་འཚོགས་ཡོད་འདུག

དེའི་སྐོར་ལ་རྒྱ་ནག་ཅིང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་མི་མང་ཞིབ་དཔྱོད་ཁང་གིས། ཚའོ་ཀོང་ཅིན་གྱིས་ཕྱི་ལོ་༢༠༠༤ ནས་ཕྱི་ལོ་ ༢༠༢༢ ལོའི་བར་དུ་རྒྱ་ནག་འབྲི་ཆུ་འགག་གསུམ་འཛུགས་སྐྲུན་ལས་གཞི་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གཞོན་པ་དང་། འབྲི་ཆུ་འགག་གསུམ་གྱི་ལས་འཛིན་མཐུན་ཚོགས་ཀྱི་སྤྱི་ཁྱབ་པ། ཧུའུ་པེ་ཞིང་ཆེན་མི་མང་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་སོགས་གཞུང་འབྲེལ་གྱི་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ། ལས་གནས་དང་། མི་སྒེར་གྱི་ཁེ་ལས། བཟོ་གྲྭ་འགན་ལེན། འཛུགས་སྐྲུན་གྱི་ལས་གཞི། གོ་གནས་སྤར་བ་སོགས་བྱས་ཡོད་སྐོར་དང་། ཧུའུ་པེ་ཞིང་ཆེན་གྱི་ཁྲོམ་འགྲེམས་བཟོ་གྲྭ་ཞིག་གི་མ་རྐང་ཁྲོམ་བསྒྲགས་མ་བྱས་གོང་ཕྱི་ལ་གནས་ཚུལ་ཤོར་བ་སོགས་ཀྱི་ནག་ཉེས་བཙུགས་འདུག

ཚའོ་ཀོང་ཅིན་ནི་ཐིན་ཅིན་འཛུགས་སྐྲུན་ལས་རིགས་མཐོ་སློབ་ཏུ་ཚན་རིག་དང་བཟོ་སྐྲུན་ཐོག་འབུམ་རམས་པའི་སློབ་སྦྱོང་བྱས་ཡོད་འདུག་ལ། ཕྱི་ལོ་ ༡༩༨༥ ནས་ ༢༠༠༢ བར་འབྲི་ཆུ་འགག་གསུམ་གྱི་བཟོ་སྐྲུན་ལས་གཞིའི་འགན་འཛིན་གཞོན་པའི་ལས་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ནས་རྒྱ་ནག་འབྲི་ཆུའི་འགག་གསུམ་མཐུན་ཚོགས་ཀྱི་འགན་འཛིན་གྱི་ལས་འགན་འཁུར་ཡོད་འདུག ཕྱི་ལོ་ ༢༠༡༤ ནས་ཧུའུ་པེ་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པར་བསྐོས། ཕྱི་ལོ་༢༠༢༢ ཟླ་ ༢ ཚེས་ ༢༤ ཉིན་རྒྱ་ནག་དབུས་ཁྲིམས་ཞིབ་ཁང་གིས་ཁྲིམས་བཤེར་མགོ་བཙུགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་། ལས་གནས་ནས་ཕྱིར་ཕུད་བཏང་ནས་བཀག་ཉར་འོག་བཞག་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

སྐར་མ ༥༦ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༢༤ སྔོན་ལ།
པར་མིའི་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས།

༢༠༢༦/༠༩/༡༦
ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

༢༠༢༦/༠༩/༡༦
Front Slider

བསྟན་བདག་བླ་ཆེན་རྣམ་པས་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན་ཁག

༢༠༢༦/༠༩/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese