མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་ཨ་རིའི་དམངས་གཙོ་ཡར་སྐུལ་ཚོགས་པའི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་ཨ་རིའི་དམངས་གཙོ་ཡར་སྐུལ་ཚོགས་(National  Endowment  for Democracy) པའི་ཕྱི་ལོ་༢༠༢༣ ལོའི་དམངས་གཙོའི་གཟེངས་རྟགས་ཐོབ་འདུག

ཨ་རིའི་དམངས་གཙོ་ཡར་སྐུལ་ཚོགས་པས་འདི་ལོའི་དམངས་གཙོའི་གཟེངས་རྟགས་དེ་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་ཤར་ཨ་ཧྥེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ (Nicholas Opiyo)  ལགས་གཉིས་སུ་གནང་བའི་མཛད་སྒོ་བསྡུས། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

གཟེངས་རྟགས་ཕུལ་བའི་མཛད་སྒོའི་སྟེང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོར་ངས་རྒྱ་ནག་གི་དྲག་གནོན་སྲིད་ཇུས་འོག་གདུག་རྩུབ་ཀྱི་མནར་གཅོད་མྱོང་བཞིན་པའི་བོད་མིའི་སྐོར་གྱི་དངོས་བྱུང་གློག་བརྙན་ཞིག་ཕབ་སྐྲུན་གྱི་རོགས་སྐྱོར་ལས་ཀ་བྱས་སྟབས། རྒྱ་ནག་གཞུང་གིས་ང་རང་འཛིན་བཟུང་བྱས་ཏེ་མནར་གཅོད་ཚད་མེད་བཏང་བྱུང་། ཕྱིས་སུ་དངོས་བྱུང་གློག་བརྙན་དེ་བོད་ནས་གསང་བའི་ཐོག་པེ་ཅིན་དུ་འཁྱེར་ཏེ། ཕྱི་ལོ་ ༢༠༠༨ ལོའི་པེ་ཅིན་ཨོ་རྩལ་འགྲན་སྡུར་མ་ཚོགས་གོང་ཏག་ཏག་ལ། པེ་ཅིན་དུ་ཡོད་པའི་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་སྟོན་ཐུབ་པ་རེད། དེ་ལ་བརྟེན་ནས། རྒྱ་ནག་གཞུང་གིས་ང་ལྕགས་ཐབ་ཚ་པོ་ཞིག་གི་སྟེང་དུ་བསྡམས་ནས་བཞག་པ་མ་ཟད། དེ་ནས་ལྕགས་ཀྱི་རྐུབ་བཀྱག་ཅིག་གི་སྟེང་དུ་གློག་བརྒྱབ་ནས་མནར་གཅོད་ཚད་མེད་བཏང་བྱུང་བས། ང་ཟླ་བ་མང་པོའི་རིང་གོམ་པ་སྤོ་མ་ཐུབ་པར་ལུས་ཤིང་ལུས་ཤུགས་ཡོད་ཚད་ཉམས་ཟིན་པ་རེད།

མཐར་ང་ཀློད་གྲོལ་བཏང་བ་རེད། འོན་ཀྱང་། ངས་མུ་མཐུད་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་སྐོར་ལ་སྐད་ཆ་བཤད་པར་བརྟེན། བསྐྱར་དུ་བཙོན་འཇུག་ཐེངས་གཉིས་རིང་བྱས་སོང་ལ། དེའི་རྗེས་ནས་རྒྱ་ནག་གཞུང་གིས་ང་རང་གསོད་རྩིས་བྱེད་པའི་ཐབས་ཤེས་འཐེན་གྱི་ཡོད་པ་ཤེས་རྟོགས་བྱུང་བ་དང་ང་རང་བོད་ནས་བྲོས་ཡོང་བ་ཡིན། ངས་ཁྱེད་ཚོར་རང་གི་ལོ་རྒྱུས་བཤད་དོན་ནི། ངའི་ལོ་རྒྱུས་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་མ་ཡིན། འོན་ཀྱང་། དེ་ནི་འཛམ་གླིང་ནང་རང་དབང་གི་ཆེད་དུ་སྐད་ཆ་བཤད་མཁན་ཚོ་བཙོན་འཇུག་བྱས་ཏེ་མནར་གཅོད་གཏོང་བ་དང་མཐར་གསོད་ཀྱི་ཡོད་པའི་ཐུན་མོང་གི་ལོ་རྒྱུས་ཤིག་ཡིན།

སྲིད་དབང་སྒེར་གཅོད་པ་ཚོས་རང་དབང་དང་འགྲོ་བ་མིའི་གཞི་རྩར་གྲུབ་པའི་ཐོབ་ཐང་སོགས་ཀྱི་སྐོར་ལ་སྐད་ཆ་བཤད་པར་དྲག་གནོན་བྱེད་ཀྱི་ཡོད། དེ་ནི་ནམ་ཡང་བཙན་ཤེད་དང་དམ་དྲག་ཞིབ་བཤེར། དྲིལ་བསྒྲགས་སོགས་བརྒྱུད་ནས་རྩ་མེད་གཏོང་ཐུབ་པ་ཞིག་མ་རེད། རྒྱུ་མཚན་ནི། ངས་ཉིན་ཞིག་རང་དབང་ལ་རྒྱལ་ཁ་འཐོབ་པ་དང་སྲིད་དབང་སྒེར་གཅོད་པ་ཚོ་ཉམས་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ལ།  ང་ཚོས་བདེན་པའི་འཐབ་རྩོད་མཚམས་འཇོག་མ་བྱས་པར་མུ་མཐུད་ནས་རྩོད་དགོས། ངས་འཛམ་གླིང་ནང་བཙོན་འཇུག་འོག་གནས་པ་དང་འདས་གྲོངས་སུ་ཕྱིན་པའི་དམངས་གཙོའི་ལས་འགུལ་བ་ཡོངས་ཀྱི་ཚབ་བྱས་ཏེ་གཟེངས་རྟགས་འདི་བླངས་པ་ཡིན་པས།  ངས་འདི་ནས་ད་བར་འདས་གྲོངས་སུ་ཕྱིན་པ་དང་མནར་གཅོད་འོག་གནས་མུས་ཡིན་པའི་དམངས་གཙོའི་ལས་འགུལ་བ་རྣམས་ཀྱི་ཆེད་དུ་ངག་བཅད་སྐར་མ་གཅིག་རིང་གནང་བའི་རེ་བ་ཞུ་བཞིན་ཡོད།

མཇུག་མཐར། ངས་རྒྱལ་ཡོངས་དམངས་གཙོ་ཡར་སྐུལ་ཚོགས་པས་ད་བར་མང་གཙོའི་འདུན་པར་བཅིང་བའི་ལྷག་བསམ་འགྱུར་མེད་ཀྱི་ཕྱག་ལས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔོན་ཆད་ང་ཆབ་སྲིད་བཙོན་པ་ཡིན་དུས། ཕྱི་ཕྱོགས་ནས་གདུང་སེམས་མཉམ་སྐྱེད་དང་རོགས་སྐྱོར་ཐོབ་པ་དེ་ངའི་སྲོག་སྐྱོབ་བྱེད་ཀྱི་གཞི་རྩ་ཆགས་སོང་། རྒྱུ་མཚན་ནི་རྒྱབ་སྐྱོར་དང་རོགས་སྐྱོར་དེ་དག་ལ་བརྟེན་ནས་ངས་མུ་མཐུད་འཐབ་རྩོད་བྱ་དགོས་པ་དང་རང་ཉིད་ཁེར་རྐྱང་མིན་པའི་གནས་ལུགས་ཤེས་རྟོགས་བྱུང་། དེ་བས། ད་སྔ་བར་རྒྱལ་ཡོངས་དམངས་གཙོ་གོང་སྤེལ་ཚོགས་པའི་རྒྱབ་སྐྱོར་ཐོབ་མཁན་ཡོངས་ཀྱི་ཚབ་བྱས་ཏེ། ངས་འདི་ནས་ཁྱེད་ཅག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཨ་རིའི་མང་གཙོ་ཡར་སྐུལ་ཚོགས་པའི་དམངས་གཙོའི་གཟེངས་རྟགས་དེ་སྙིང་སྟོབས་ཅན་གྱི་མི་སྒེར་ལ་ཕུལ་སྲོལ་ཡོད་ཅིང་། འདི་ལོར་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་ལྷན་དུ། ཤར་ཨ་ཧྥེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ (Nicholas Opiyo)  ལགས་སུ་དམངས་གཙོའི་གཟེངས་རྟགས་དེ་ཕུལ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese