མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཁ་ཆེའི་མཆོད་ཁང་གཏོར་བཤིག་བྱེད་བཞིན་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཁ་ཆེའི་མཆོད་ཁང་གཏོར་བཤིག་དང་སྒོ་རྒྱག་བཅུག་པ། དེ་བཞིན་མཆོད་ཁང་གི་བཟོ་བཀོད་བརྗེ་སྒྱུར་གཏོང་གི་ཡོད་པར་སྐྱོན་བརྗོད་བྱས་ཡོད་འདུག

Beijing has removed minarets and domes from some mosques, replacing them with Chinese-style elements. Photo:BBC

དེ་རིང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་སྙན་ཐོ་གསར་པ་བཏོན་པའི་ནང་། རྒྱ་ནག་གིས་ཁ་ཆེའི་མཆོད་ཁང་གཅིག་གྱུར་དང་སྟངས་འཛིན་ཟེར་བའི་སྲིད་ཇུས་ལག་བསྟར་འོག ཁ་ཆེའི་ཆོས་ལུགས་གཏན་འགོག་བྱེད་ཐབས་སུ་ཁ་ཆེའི་མཆོད་ཁང་མང་པོ་གཏོར་བཤིག་དང་སྒོ་རྒྱག་ཏུ་བཅུག་པ། མཆོད་ཁང་གི་བཟོ་བཀོད་བརྗེ་སྒྱུར་བཏང་དང་གཏོང་མུས་ཡིན་པ་དང་། རྒྱ་ནག་ནང་ཁ་ཆེ་བ་ས་ཡ་ ༢༠ ཙམ་ཡོད་ཀྱང་། ཁ་ཆེའི་ཆོས་ལུགས་ལ་བརྩི་འཇོག་མེད་པར་མཆོད་ཁང་གཏོར་བཤིག་བཏང་བ་སོགས་བྱས་ཏེ། རྒྱ་ནག་ནང་ཆོས་དད་རང་དབང་སྤྲོད་ཀྱི་མེད་སྐོར་བརྗོད་དེ་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

རྒྱལ་ཚོགས་ཀྱི་སྙན་ཐོ་གསར་པ་དེའི་ནང་། རྒྱ་ནག་གཞུང་གིས་ལྷ་ཁང་གཅིག་གྱུར་ (Mosque Consolidation) ཟེར་བའི་སྲིད་ཇུས་ལག་བསྟར་འོག  ཀ་ཅི་ཁའམ་ནིང་ཤ་ (Ningxia) ཁ་ཆེ་རང་སྐྱོང་ས་ཁུལ་དང་ཀན་སུའུ་ (Gansu) ཞིང་ཆེན་ནང་ཡོད་པའི་ཁ་ཆེའི་མཆོད་ཁང་ཇེ་ཉུང་དུ་གཏོང་གི་ཡོད་པ་གསལ་སྟོན་བྱས་ཡོད་པ་མ་ཟད། སྲིད་ཇུས་དེའི་འོག་ནས་རྒྱ་ནག་གིས་ཤར་ཊུ་ཀི་སི་ཐན་ཁུལ་དུ་ཡོད་པའི་ཡུ་གུར་ཁ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་གནས་ཚུལ་མང་པོ་ཞིག་ལ་ཁུངས་སྐྱེལ་ར་སྤྲོད་བྱུང་ཡོད་ཀྱང་། པེ་ཅིན་གཞུང་གིས་སྐྱོན་འཛུགས་དེར་ངོས་ལེན་བྱས་མེད་སྐོར་སོགས་བཀོད་འདུག

དེ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱ་ནག་ཚན་པའི་འགན་འཛིན་ལས་ཚབ་མ་ཡ་ཝང་ (Maya Wang) གིས། རྒྱ་ནག་གཞུང་གིས་ཁ་ཆེའི་མཆོད་ཁང་གཅིག་གྱུར་དུ་བཟོ་ཡི་ཡོད་ཚུལ་བརྗོད་ཀྱང་། ལྷ་ཁང་གཅིག་གྱུར་་དང་རྡོག་རྩ་གཅིག་སྒྲིལ་བཟོ་ཡི་མེད་པ་མ་ཟད། ལྷ་ཁང་མང་པོ་སྒོ་བརྒྱབ་པ་ནི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་བཏང་བ་ཞིག་རེད། རྒྱ་ནག་ནང་ཁ་ཆེའི་ཆོས་ལུགས་འགོག་ཐབས་ཀྱི་ལམ་ལུགས་གཞིར་བཟུང་རྒྱ་ནག་གཞུང་གིས་བཙན་གྱིས་ཁ་ཆེའི་མཆོད་ཁང་སྒོ་བརྒྱབ་པ་དང་གཏོར་བཤིག དེ་བཞིན་ལྷ་ཁང་གི་བཟོ་བཀོད་བསྒྱུར་བཅོས་གཏོང་གི་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་གི་རྒྱ་མི་ཁ་ཆེ་བ་མང་པོ་ཞིག་རྒྱ་ནག་གི་ནུབ་བྱང་ཁུལ་དུ་ཡོད་པའི་ཤར་ཊུ་ཀི་སི་ཐན་དང་། མཚོ་སྔོན་ (Qinghai)། ཀན་སུའུ་ (Gansu) བོད་རིགས་རང་སྐྱོང་ཁུལ་ཟེར་བ་དང་ཀ་ཅི་ཁ་སྟེ་(Ningxia Hui Autonomous Region) ཁ་ཆེ་མི་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་འཚོ་གནས་བྱེད་ཀྱི་ཡོད་པ་རེད། དེ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙན་ཐོའི་ནང་། རྒྱ་ནག་ནུབ་བྱང་ཁུལ་དུ་ཁ་ཆེ་བ་ཆེས་མང་བའི་ཀ་ཅི་ཁ་ཁ་ཆེ་མི་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་ཡོད་པའི་ཁ་ཆེའི་མཆོད་ཁང་དྲུག་ཡོད་པའི་ནང་ནས་ལྷ་ཁང་གསུམ་གྱི་བཟོ་དབྱིབས་དང་ལྕོག་མཁར་ (minaret) བཀོག་ནས་གཅེར་བུ་བཟོས་པ་དང་། ལྷ་ཁང་གཞན་གསུམ་གྱི་གསོལ་འདེབས་ཚོགས་ཁང་གཙོ་བོ་ (main prayer hall) རྣམས་གཏོར་བཤིག་བཏང་ཡོད་སྐོར་གསལ་སྟོན་བྱས་འདུག་ལ། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འཁོར་སྐར་བརྒྱུད་བརྙན་རིས་རྙེད་སོན་བྱུང་བའི་ནང་། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ པོའི་བར་ལ་རྒྱ་ནག་གཞུང་གིས་(Liaoqiao) གྲོང་གསེབ་ཏུ་ཡོད་པའི་ཁ་ཆེའི་མཆོད་ཁང་ཞིག་རྩ་མེད་བཏང་སྟེ། རྒྱ་མིའི་བཟོ་བཀོད་དང་མཚུངས་པའི་མཆོད་རྟེན་ཞིག་འཛུགས་སྐྲུན་བྱས་ཡོད་སྐོར་བཀོད་འདུག

སྙན་ཐོ་དེ་དང་འབྲེལ་ནས་རྒྱ་ནག་གི་ཁ་ཆེའི་ཆོས་ལུགས་ཐོག་ཆེད་མཁས་པ་ཧཱ་ནཱ་ (Hannah Theaker) ཡིས། ཕྱི་ལོ་ ༢༠༢༠ ནས་བཟུང་རྒྱ་གཞུང་གིས་ཀ་ཅི་ཁ་ཁ་ཆེ་མི་རིགས་རང་སྐྱོང་ས་ཁུལ་ཟེར་བའི་ནང་ཡོད་པའི་ཁ་ཆེའི་མཆོད་ཁང་ ༡༣༠༠ སྒོ་བརྒྱབ་ཡོད་པ་དང་། ལྷ་ཁང་གི་བཟོ་བཀོད་སྒྱུར་བཅོས་བཏང་ཡོད་སྐོར་བརྗོད་འདུག གཞན་ཡང་། ཉམས་ཞིབ་པ་ཁག་ཅིག་གིས། ཉེ་བའི་ལོ་ཤས་ནང་རྒྱ་ནག་པེ་ཅིན་གཞུང་གིས་སྟངས་འཛིན་འོག་རྒྱ་ནག་ནང་ཡོད་པའི་ཁ་ཆེའི་མཆོད་ཁང་གཏོར་བཤིག་དང་སྒོ་རྒྱག་བཅུག་པའི་གནས་ཚུལ་ཇེ་མང་དུ་འགྲོ་ཡི་ཡོད་སྐོར་བརྗོད་འདུག

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཁ་ཆེའི་མཆོད་ཁང་གཅིག་གྱུར་དང་སྟངས་འཛིན་ཟེར་བའི་སྲིད་ཇུས་ལག་བསྟར་འོག བོད་དང་ཤར་ཊུ་ཀི་སི་ཐན་ཁུལ་དུ་ཡོད་པའི་ཁ་ཆེ་བ་ཆེས་མང་བའི་ས་ཁུལ་དུ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་ཤར་ཊུ་ཀི་སི་ཐན་ཁུལ་དུ་ཡོད་པའི་ཁ་ཆེའི་མཆོད་ཁང་མང་པོ་གཏོར་བཤིག་བཏང་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་ཁ་ཆེ་མི་རིགས་རང་སྐྱོང་ཁུལ་གྱི་གྲོང་གསེབ་ཁག་གནས་སྤོ་བྱེད་པའམ་ཡང་ན་མི་རིགས་བསྲེས་སྦྱོར་བྱས་ཏེ་ཁ་ཆེའི་མི་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་གྱི་གོང་འཕེལ་གཏོང་ཐབས་ལ་དམིགས་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཁ་ཆེ་བ་མང་པོ་ཞིག་གིས་ཁ་ཆེའི་གྲོང་གསེབ་གནས་སྤོར་དང་མི་རིགས་བསྲེས་སྦྱོར་གྱི་སྲིད་ཇུས་དེ་ནི། ཆེད་དུ་ཁ་ཆེ་བ་རྣམས་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་ཡོད་མཁན་ཞིག་ཏུ་བསྒྱུར་བར་འབད་བརྩོན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་དཔོན་རིགས་ཀྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་ཡོད་པའི་ཁ་ཆེའི་མཆོད་ཁང་མང་པོ་ཞིག་སྒོ་བརྒྱབ་པ་དང་། བརྗེ་སྒྱུར་གཏོང་བ། དེ་བཞིན་གཅིག་གྱུར་བྱས་པའི་གནས་ཚུལ་མང་པོ་བྱུང་ཡོད་འདུག་ལ། རྒྱ་ནག་གིས་སྲིད་ཇུས་དེའི་འོག་ནས་ཁ་ཆེ་ཆོས་ལུགས་ཙམ་མ་ཡིན་པར་མི་རིགས་གཞན་དང་ཆོས་ལུགས་གཞན་ལའང་གནོད་སྐྱོན་བཟོས་ཡོད་པའི་ཁྲོད། ཡེ་ཤུའི་ལྷ་ཁང་གི་མཚོན་རྟགས་ (Cross) མེད་པར་བཟོས་པ་དང། ཡེ་ཤུའི་ཆོས་དཔོན་འཛིན་བཟུང་བྱས་པ། དེ་བཞིན་དྲ་ལམ་ཁག་ནས་ཡེ་ཤུའི་གསུང་རབ་ཀྱི་དཔེ་དེབ་ (Bible) ཕྱིར་འཐེན་བྱས་ཡོད་འདུག

Liujiagou Mosque had its dome and minarets removed sometime between November 2019 (left) and October 2021 (center). Within days, authorities also took down the golden sign with the mosque’s name, October 2021

ཡང་སྲིད་ཇུས་དེ་དང་འབྲེལ་ནས། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆའི་ནང་བོད་ཅེས་པའི་དབྱིན་ཡིག་གི་ཐ་སྙད་ (Tibet) དེ་ (Xizang) ཞེས་པར་བསྒྱུར་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་འབྲེལ་ཡིག་ཆར་བོད་ལ་དབྱིན་ཡིག་གི་ཐ་སྙད་དུ་ (Xizang) ཞེས་བྲིས་ཡོད་པ་དང་རྒྱལ་སྤྱིའི་སྟེང་དུའང་ཤི་ཙང་ཞེས་འབྲི་དགོས་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ (Tibet) ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་ཚེ། བོད་ཀྱི་ས་ཁམས་ཁྱབ་ཁོངས་སོགས་ལ་ངོས་འཛིན་བྱ་རྒྱུར་གོ་ནོར་ཐེབས་ཀྱི་ཡོད་ལུགས་དང་། བོད་ཅེས་པའི་དབྱིན་ཡིག་གི་ཐ་སྙད་ (Xizang) ཞེས་པར་བསྒྱུར་བ་འདིས། རྒྱ་ནག་གིས་བོད་ཀྱི་གནད་དོན་ཐད་སྐད་ཆ་ཤོད་དབང་ལ་ཕན་ཐོགས་ཡོད་ལུགས་བསྒྲགས་འདུག

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་ཐོག་ནས། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཁ་ཆེའི་མཆོད་ཁང་གཅིག་གྱུར་དང་སྟངས་འཛིན་ཟེར་བའི་སྲིད་ཇུས་ (control and consolidation of mosques) ཁྱབ་སྤེལ་བྱས་ཏེ། སྲིད་ཇུས་དེའི་ནང་གཏོར་བཤིག་ཇེ་མང་དུ་གཏོང་དགོས་པ་དང་འཛུགས་སྐྲུན་ཉུང་དུ་བཏང་སྟེ། ལྷ་ཁང་གི་གྲངས་ཚད་དམའ་རུ་གཏོང་བར་འབད་བརྩོན་བྱ་དགོས་པའི་ནན་སྐུལ་བྱས་ཡོད་པ་མ་ཟད། ཁ་ཆེའི་མཆོད་ཁང་འཛུགས་སྐྲུན་བྱེད་པའི་སྐབས་སུ་ལྷ་ཁང་གི་བཟོ་དབྱིབས་དང་བཟོ་བཀོད་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese