མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་མི་མང་གིས་དམངས་གཙོ་དང་དམར་ཤོག་གཉིས་ལས་གཅིག་འདེམས་དགོས།

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

དམངས་གཙོ་ཡར་ཐོན་ཚོགས་པའི་ལས་ཐོག་སྲིད་འཛིན་གཞོན་པ་དང་ཕྱི་ལོ་ ༢༠༢༤ ལོའི་སྲིད་འཛིན་གྱི་འོས་མི་ལེ་ཆིན་ཏི་མཆོག་གིས་ཐའེ་ཝན་རྒྱལ་ཡོངས་འོས་བསྡུའི་ཁྲོད་མི་མང་གིས་དམངས་གཙོ་དང་རྒྱ་ནག་གཉིས་ལས་གཅིག་འདེམས་དགོས་སྐོར་བརྗོད་འདུག

ཐའེ་ཝན་གྱི་སྲིད་དོན་ཚོགས་པ་བཞིའི་སྲིད་འཛིན་འོས་མི། དྲ་ལམ་གྱི་པར།

ཕྱི་ལོ་ ༢༠༢༤ ལོའི་ཟླ་དང་པོའི་ཚེས་ ༡༣ ཉིན་ཐའེ་ཝན་གྱི་སྲིད་འཛིན་འོས་འདེམས་བྱེད་པའི་ཉིན་མོར་གཏན་འཁེལ་བྱུང་ཡོད་པ་ལྟར། ད་ལྟའི་ཆར་ཡོངས་གྲགས་སུ་ཐའེ་ཝན་སྲིད་འཛིན་གྱི་འོས་མི་ཁོངས་སུ་དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་ཚོགས་མི་དང་། ད་ལྟའི་ལས་ཐོག་སྲིད་འཛིན་གཞོན་པ་ལེ་ཆིན་ཏི་(賴清德) ་ལགས་དང་། གོ་མན་ཏང་སྲིད་དོན་ཚོགས་པའི་ཚོགས་མི་དང་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧུག་ཡུག་ཡེ་(侯友宜)ལགས། ཐའེ་ཝན་མི་མང་སྲིད་དོན་ཚོགས་པའི་ཚོགས་མི་ཐའེ་པེ་གྲོང་ཁྱེར་སྤྱི་ཁྱབ་ཟུར་བ་ཁི་ཝན་ཌི་(柯文哲)ལགས། སྲིད་དོན་ཚོགས་པ་མེད་པའི་ཐའེ་ཝན་གྱི་ཕྱུག་བདག་གོ་ཐེ་མིན་(郭台銘)་ལགས་བཅས་མཉམ་ཞུགས་བྱེད་བཞིན་ཡོད་འདུག

ཐའེ་ཝན་སྲིད་འཛིན་གྱི་འོས་བསྡུའི་སྐོར་ལ་དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ལེ་ཆིན་ཏི་ལགས་ཀྱིས། ཐའེ་ཝན་གྱི་བདེ་འཇགས་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་དང་། འཛམ་གླིང་མི་མང་གིས་ཐའེ་ཝན་གྱི་འོས་བསྡུར་དོ་སྣང་བྱེད་བཞིན་ཡོད་པས། ཐའེ་ཝན་མི་མང་དམངས་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་མུ་མཐུད་བསྐྱོད་པའམ། ཡང་ན་རྒྱ་ནག་གི་པང་དུ་ལོག་སྟེ་རྒྱ་ནག་གཅིག་གི་སྲིད་ཇུས་འོག་གནས་རྒྱུ་ཡིན་མིན་ཐད་འདེམས་གསེས་བྱ་དགོས། ཞེས་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་གིས་ཐའེ་ཝན་ཕྱོགས་ཡོངས་ནས་རྒྱ་ནག་གཅིག་གི་ཁོངས་གཏོགས་ཡིན་པའི་ངོས་ལེན་བྱེད་དུ་འཇུག་བཞིན་ཡོད་ཀྱང་། དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པས་ཐའེ་ཝན་གྱི་མ་འོངས་པ་ཐའེ་ལན་མི་མང་གིས་ཐག་གཅོད་བྱ་དགོས་སྐོར་བརྗོད་དེ་རྒྱ་ནག་གཞུང་གི་ལངས་ཕྱོགས་དེ་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད།

ཉེ་ལམ་ཕྱི་ཟླ་ ༡༠ ནང་ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཐའེ་ཝན་གྱི་རྒྱལ་ཡོངས་འོས་བསྡུའི་སྐོར་ནས་ཐའེ་ཝན་མི་མང་ཁྲོད་དུ་བསམ་ཚུལ་འོས་ཤོག་བསྡུས་བའི་ནང་དུ། དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིན་ཏི་ལགས་ལ་འོས་གྲངས་བརྒྱ་ཆ་ ༣༢ རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཁ་གཏད་སྲིད་དོན་ཚོགས་པའི་འོས་མི་ཧུག་ཡུག་ཡེ་ལགས་ལ་འོས་གྲངས་བརྒྱ་ཆ་ ༢༢  ཐོབ། ཐའེ་ཝན་མི་མང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཁི་ཝན་ཌི་ལགས་ལ་འོས་གྲངས་བརྒྱ་ཆ་ ༢༠།   སྲིད་དོན་ཚོགས་པ་མེད་པའི་ཐའེ་ཝན་གྱི་ཕྱུག་བདག་གོ་ཐེ་མིན་ལགས་ལ་འོས་གྲངས་བརྒྱ་ཆ་ ༥ བཅས་ཐོབ་ཡོད་པས། མི་མང་གི་བསམ་ཚུལ་འོས་ཤོག་ཁྲོད་ད་ལྟའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ལེ་ཆིན་ཏི་ལགས་སུ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག

གོ་མན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་ཧུག་ཡུག་ཡེ་ལགས་དང་། ཐའེ་ཝན་མི་མང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཁི་ཝན་ཌི་ལགས་གཉིས་ལ་མང་ཚོགས་ཀྱི་འོས་གྲངས་ཡག་པོ་ཐོབ་མེད་པར་བརྟེན། གོ་མན་ཏང་སྲིད་དོན་ཚོགས་པ་དང་ཐའེ་ཝན་མི་མང་སྲིད་དོན་ཚོགས་པ་གཉིས་མཉམ་འབྲེལ་བྱས་ཏེ། སྲིད་འཛིན་གྱི་འོས་མིར་མི་འོས་ལངས་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད་ཀྱང་། སྲིད་དོན་ཚོགས་པ་དེ་གཉིས་བར་སྲིད་འཛིན་གྱི་འོས་མིར་སུ་ཞིག་ལངས་དགོས་མིན་ཐད་རྩོད་རྙོག་བྱུང་ཡོད་པ་རེད།

དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་ལེ་ཆིན་ཏི་ལགས་དང་ལྷན་དུ། ཨ་རིའི་ཐའེ་ཝན་གཞུང་ཚབ་པ་ཞའོ་མེ་ཆིན་ལགས་སྲིད་འཛིན་གཞོན་པའི་འོས་མིར་ལངས་པ་ཡོངས་བསྒྲགས་བྱས་འདུག་ལ། སྲིད་དོན་ཚོགས་གཞན་གྱི་ད་སྔ་བར་སྲིད་འཛིན་གཞོན་པའི་འོས་མི་ཡོངས་བསྒྲགས་བྱས་པ་མཐོང་རྒྱུ་མི་འདུག

དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པས་ཞའོ་མེ་ཆིན་ལགས་སྲིད་འཛིན་གཞོན་པའི་འོས་མིར་ལངས་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་རྗེས། རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིན་ཏི་དང་མི་ཞའོ་མེ་ཆིན་གཉིས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཐའེ་ཝན་རང་བཙན་ནི་དམག་འཁྲུག་ཞིག་ཡིན་པ་དང་། ཁོང་གཉིས་ཀྱིས་ཐའེ་ཝན་རང་བཙན་ཁྱབ་བསྒྲགས་ཤུགས་ཆེན་བྱས་ནས་དཀའ་རྙོག་བཟོ་བཞིན་ཡོད་ཚུལ་བསྒྲགས་འདུག

ཐའེ་པེ་རྒྱལ་ཡོངས་གཙུག་ལག་སློབ་གླིང་གི་ཉམས་ཞིབ་པ་ཧྲིན་པོ་ཡང་(沈伯洋) ལགས་ཀྱིས། ཐའེ་ཝན་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུའི་སྐབས་སུ། པེ་ཅིན་གཞུང་གིས་ཐའེ་ཝན་གྱི་སྤྱི་ཚོགས་ནང་དུ་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་ཏེ། སྲིད་འཛིན་གྱི་འོས་བསྡུར་ཤུགས་རྐྱེན་ངན་པ་ཐེབས་སུ་འཇུག་བཞིན་ཡོད་པས། གསར་འགྱུར་བརྒྱུད་ལམ་ཁག་གིས་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ལ་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག་ལ། སྲིད་འཛིན་གྱི་འོས་མི་ལེ་ཆིན་ཏི་ལགས་ཀྱིས་ཀྱང་དེ་ནི་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་རྒྱལ་ཡོངས་འོས་བསྡུར་གནོན་ཤུགས་སྤྲོད་བཞིན་ཡོད་པའི་དཔང་རྟགས་གསལ་བོ་ཞིག་རེད་ཅེས་བརྗོད་འདུག

དེ་བཞིན་ཉམས་ཞིབ་པ་ཚོས་ཐའེ་ཝན་རྒྱལ་ཡོངས་འོས་བསྡུ་ནང་གོ་མིན་ཏང་སྲིད་དོན་ཚོགས་པ་དང་ཐའེ་ཝན་མི་མང་སྲིད་དོན་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ། ཁ་གཏད་སྲིད་དོན་ཚོགས་པའི་འོས་མི་ཧུག་ཡུག་ཡེ་ལགས་སྲིད་འཛིན་དང་། ཐའེ་ཝན་མི་མང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཁི་ཝན་ཌི་ལགས་སྲིད་འཛིན་གཞོན་པའི་འོས་གདམ་རྒྱུའི་འཆར་གཞི་ཡོད་ཚུལ་དང་། སྲིད་འཛིན་གཞོན་པའི་ལས་ཐོག་ལེ་ཆིན་ཏི་ལགས་སྲིད་འཛིན་གྱི་འོས་ཤོག་ཐོབ་པའི་རེ་བ་ཆེ་བ་དང་། ཞའོ་མེ་ཆིན་ལགས་ལ་དམངས་གཙོ་ཡར་རྒྱས་སྲིད་དོན་ཚོགས་པས་སྲིད་འཛིན་གཞོན་པའི་འོས་འདེམས་བྱ་རྒྱུའི་ཚོད་དཔག་སོགས་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡
US
Mobile App

ཨ་རིས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༡༡/༢༡
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཨ་སམ་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་།

༢༠༢༥/༡༡/༢༡
His Holiness the Dalai Lama and Bihar Chief Minister Nitish Kumar in Bodhgaya, Bihar, India on December 21, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

བྷི་ཧར་མངའ་སྡེའི་སྤྱིི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ། 

༢༠༢༥/༡༡/༢༠
Jamyang Tenzin
Mobile App

མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ནམ་ཡང་མ་བརྗེད་ཅེས་འབོད་སྐུལ་ཞུས་སོང་།

༢༠༢༥/༡༡/༢༠
New studies stated to indicate likelihood of major new earthquakes in the Himalayas
Mobile App

ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་ཤུགས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

༢༠༢༥/༡༡/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese