མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཤོག་དཀར་གསར་བརྗེའི་ལས་འགུལ་ལོ་གཅིག་འཁོར་བའི་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་མི། ཧོང་ཀོང་བ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་ནག་གི་ཤོག་དཀར་གསར་བརྗེ་ལས་འགུལ་སྤེལ་ནས་ལོ་གཅིག་འཁོར་བའི་དུས་དྲན་སྲུང་གཙི་གནང་འདུག

ཤོག་དཀར་གསར་བརྗེ་ལས་འགུལ་ལོ་གཅིག་འཁོར་བའི་དུས་དྲན་སྲུང་གཙི་བྱས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་རྒྱ་སྐད་སྡེ་ཚན་གྱི་པར།

ཁ་སང་ཕྱི་ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་ཚོགས་ཁང་གི་མདུན་ཐང་དུ། རྒྱ་ནག་ནང་མི་མང་གིས་ཤོག་དཀར་གསར་བརྗེའི་ལས་འགུལ་སྤེལ་ནས་ལོ་གཅིག་འཁོར་བའི་དུས་དྲན་སྲུང་གཙི་གནང་ཡོད་ཅིང་། ལས་འགུལ་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐབས་ཇུས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མེ་ཁི་གྷ་ལཱ་གྷར་ (Mike Gallagher)མཆོག་གི་གཙོས། ཡུ་གུར་གྱི་རང་དབང་འཐབ་རྩོད་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ། ཧོང་ཀོང་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སོགས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐབས་ཇུས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མེ་ཁི་གྷ་ལཱ་གྷར་མཆོག་གིས། རྒྱ་ནག་གཞུང་གིས་མི་མང་ཁྲོད་དུ་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པས། ཤོག་དཀར་གསར་བརྗེའི་ལས་འགུལ་ལ་བརྟེན་ནས། རྒྱ་ནག་མི་མང་རང་ཉིད་ཀྱི་བདག་པོ་བྱེད་འདོད་པ་ལས། སྒེར་གཅོད་རིང་ལུགས་ཀྱི་ཧམ་སེམས་སྒྲུབ་པའི་ལག་ཆ་ཞིག་མིན་པ་མ་ཟད། རང་དབང་དང་དམངས་གཙོ་ནི་བདེ་སྐྱིད་དམིགས་ཡུལ་ཉག་ཅིག་ཡིན་པ་དང་། ཟི་ཐོང་ཟམ་པའི་སྟེང་དུ་ཕིན་ལིས་ཧྥས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་རྨང་གཞི་ཐོག་བྱུང་བའི་ལས་འགུལ་ཞིག་ཡིན་པས། རྒྱ་ནག་མི་མང་ལ་འཛམ་གླིང་མི་མང་གཅིག་མཚུངས་བཞིན་རང་དབང་དགོས་པ་དང་།  མི་ཚང་མ་གཅིག་མཚུངས་བཞིན་རང་དབང་ལོངས་སྤྱོད་བྱེད་དགོས་ཞེས་གསུངས་འདུག

རྒྱ་རིགས་ལས་འགུལ་བ་ལེ་སི་ལི་ (Leslie) ལགས་ཀྱིས། རྒྱ་ནག་གི་སྲིད་དབང་སྒེར་སྤྱོད་པས་རྒྱ་ནག་ནང་དུ་གཞོན་སྐྱེས་རྣམས་ལ་ཞིབ་བཤེར་དང་བཀག་ཉར་བྱེད་པའི་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཡོང་སྐབས་རྒྱ་གཞུང་གིས་ནུས་པ་ཅི་ཡང་ཐོན་མེད་པ་རེད། ང་ཚོས་ལས་འགུལ་སྤེལ་བའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་དུ་འཚོ་གནས་བྱེད་བཞིན་པའི་ཕ་མ་རྣམས་ལ་འཇིགས་སྐུལ་བྱེད་བཞིན་ཡོད་འདུག  དེང་སྐབས་གཞོན་སྐྱེས་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་གཅིག་པོར་ངོ་རྒོལ་བྱས་པ་ཙམ་མིན་པར་དེ་འབྲེལ་གྱི་ཚོགས་པ་ཚང་མར་ངོ་རྒོལ་བྱེད་ཀྱི་ཡོད་ལ། དེ་བཞིན་རྒྱ་ནག་ནང་དུ་སྔོན་མ་ལས་དམངས་གཙོའི་ལས་འགུལ་མང་དུ་ཕྱིན་ཡོད་སྐོར་བརྗོད་འདུག

ཧོང་ཀོང་དམངས་གཙོ་དོན་གཉེར་བ་ཨན་ནཱ་ཀོ་ཁི་(Anna Kwok) ལགས་ཀྱིས། ཧོང་ཀོང་བ་ཞིག་ཡིན་པའི་ཆ་ནས་རྒྱ་ནག་ནང་དུ་མི་མང་གིས་བློ་སྤོབས་ཆེན་པོའི་ཐོག་ཏོག་དབྱིབས་གཉན་རིམས་ཀྱི་བཀག་རྒྱའི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་ཧང་སངས་སོང་། དེའི་སྐབས་ཀྱི་ལས་འགུལ་བའི་བདེ་འཇགས་སུ་ལའང་གསལ་ཁ་ཡོད་པ་མ་རེད། འདས་ལོར་རྒྱ་ནག་ནང་ཤོག་དཀར་གསར་བརྗེ་ལས་འགུལ་བྱུང་བ་ཡང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་རྒྱ་ནག་སྐམ་སར་ཁྱབ་སྤེལ་བྱུང་བ་ཞིག་ཡིན་སྐོར་བརྗོད་འདུག

དྲུག་བཞིའི་དོན་རྐྱེན་ནང་གི་ལས་འགུལ་བ་ཀྲུའུ་ཧྥན་སའོ་(周锋锁) ལགས་ཀྱིས། ཕྱི་ལོ་ ༡༩༨༩ ནས་བཟུང་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་བྱུང་ཡོད་པ་བཤད་ཀྱང་། རྒྱ་ནག་མི་མང་ལ་རང་དབང་ཅི་ཡང་མེད་པ་རེད། འདས་ལོ་ནས་རྒྱ་ནག་གི་ཧྲང་ཧའེ་མཚོན་པའི་གྲོང་ཁྱེར་ཆེ་ཁག་ནང་མི་མང་གིས་ཐོག་མར་རང་ཉིད་ལ་རང་དབང་མེད་པ་ཤེས་རྟོགས་བྱུང་བ་རེད། ཤོག་དཀར་གསར་བརྗེའི་ལས་འགུལ་རྒྱ་ནག་ནང་དུ་མུ་མཐུད་དུ་སྤེལ་ཐུབ་མེད་ཀྱང་། ཕྱི་རྒྱལ་ཁག་ཏུ་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

འདས་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཚུད་པའི་ཡུ་གུར་རང་སྐྱོང་ཁུལ་ཟེར་བ་དང་ཧྲང་ཧའེ། ནན་ཅིན་དང་ཀོང་ཀྲོའུ་སོགས་གཙོ་བྱས་པའི་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་འོག་སྒོ་རྒྱ་བསྡམས་པའི་གྲོང་ཁྱེར་དང་ས་ཁུལ་མི་འདྲ་བ་ ༢༠ ལྷག་གི་མི་མང་དང་སློབ་མ་སོགས་རྒྱ་རིགས་སྟོང་ཕྲག་མང་པོས། གཙོ་བོ་ཏོག་དབྱིབས་གཙང་སེལ་ཟེར་བའི་སྲིད་ཇུས་མཚམས་འཇོག་དགོས་ཞེས་ལག་ཏུ་ཤོག་བུ་དཀར་པོ་འཛིན་བཞིན་དམར་ཤོག་ཚོགས་པའི་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག རྒྱ་ནག་མི་མང་གི་རྒྱལ་ཡོངས་རང་བཞིན་གྱི་ངོ་རྒོལ་ལས་འགུལ་དེའི་སྐབས་རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་གྱི་འབོད་ཚིག་སྣ་ཚོགས་བསྒྲགས་ཡོད་པ་ལས། ས་ཁུལ་ཁག་ཅིག་ཏུ་ཞི་ཅིན་ཕིན་སྲིད་སྟེགས་ལས་མར་འབབ་དགོས། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་མཚམས་འཇོག་དགོས། ང་ཚོར་མི་གཅིག་དབང་སྒྱུར་དང་རྒྱལ་པོ་ཞིག་མི་དགོས། རང་དབང་དགོས། གསར་འགོད་རང་དབང་དགོས། ཤིན་ཅང་སྒོ་འབྱེད་བྱེད་དགོས། རྒྱ་ནག་སྒོ་འབྱེད་བྱེད་དགོས་ཞེས་ངོ་རྒོལ་བྱས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

ཆུ་ཚོད་ ༡༩ སྔོན་ལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཆུ་ཚོད་ ༢༠ སྔོན་ལ།
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

ཆུ་ཚོད་ ༢༢ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese