མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོ་ཝལ་བོད་ཀྱི་ཐེབས་རྩའི་མ་དངུལ་ཐོབ་མཁན་བདུན་བྱུང་།

བོད་ཀྱི་དུས་བབ།
༢༠༢༤/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ལོར་རོ་ཝལ་བོད་ཀྱི་ཐེབས་རྩའི་མ་དངུལ་ཐོབ་པའི་བོད་མིའི་ལས་གཞི་བདུན་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་པར།

རོ་ཝལ་བོད་ཀྱི་ཐེབས་རྩས་ཕྱི་ལོ་ ༢༠༢༤ ལོའི་རོགས་སྐྱོར་མ་དངུལ་དང་འབྲེལ་བའི་གསལ་བསྒྲགས་སྤེལ་བའི་ཁྲོད། ཕྱི་ལོ་ ༢༠༢༤ ལོར་རོ་ཝལ་བོད་ཀྱི་ཐེབས་རྩའི་རོགས་དངུལ་ཐོབ་པའི་བོད་མིའི་ལས་གཞི་བདུན་བྱུང་ཡོད་འདུག དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་ཐོག་ཏུ། འདི་ལོ་ནི་རོ་ཝལ་བོད་ཀྱི་ཐེབས་རྩ་དབུ་ཚུགས་ཏེ་ལོ་ངོ་ ༢༠ འཁོར་གྱི་ཡོད་པ་དང་། འདི་ལོར་རོ་ཝལ་གྱི་རོགས་སྐྱོར་མ་དངུལ་ཞུ་མཁན་སྙན་ཞུ་གྲངས་ ༥༩ འབྱོར་ཡོད་ཅིང་། དེའི་ཁྲོད་ཀྱི་བོད་མིའི་སྤྱི་ཚོགས་དང་འབྲེལ་ནས་རྩོམ་རིག་དང་གསར་འགོད་ལས་རིགས། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ། སྒྱུ་རྩལ་དང་བཟོ་བཀོད། འཆར་སྣང་སོགས་ཀྱི་ཐོག་ནས་རིག་གཞུང་སྲུང་སྐྱོབ་བྱེད་པའི་ལས་གཞི་བདུན་ལ་མ་དངུལ་ཨ་སྒོར་ ༢༠༠༠ ནས་ ༥༧༧༥ བར་གྱི་རོགས་སྐྱོར་བྱེད་གཏན་ཁེལ་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༢༤ ལོའི་རོ་ཝལ་བོད་ཀྱི་ཐེབས་རྩའི་མ་དངུལ་ཐོབ་མཁན་གྱི་ཁྲོད་དུ། འཇམ་དབྱངས་ལྷ་མོ་ལགས་སུ་ཁྲིམས་ལུགས་ཆེད་སྦྱོང་དང་འབྲེལ་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ལས་གཞི་དང་། བསྟན་འཛིན་ལགས་ཀྱི་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་བོད་མིའི་རེ་བ་དང་སེམས་ངལ་སྐོར་གྱི་རྩོམ་ཡིག བསྟན་འཛིན་ཟླ་གསལ་ལགས་ཀྱི་དྷ་རམ་ས་ལ་ཞེས་པའི་གློག་བརྙན་ལས་གཞི། སྨན་པ་དཀོན་མཆོག་སྒྲོལ་མ་ལགས་ཀྱི་བོད་མིའི་སྤྱི་ཚོགས་ནང་བུད་མེད་ཀྱི་འཕྲོད་བསྟེན་བདེ་ཐང་གོ་རྟོགས་དང་ལག་ལེན་གྱི་ལས་གཞི། འཇམ་དཔལ་དོན་འགྲུབ་ལགས་ཀྱི་བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་དང་འཛུགས་སྐྲུན་སྐོར་གྱི་ཞིབ་འཇུག་ལས་གཞི། ཀུན་བཟང་སྒྲོལ་མ་ལགས་ཀྱི་བཙན་བྱོལ་ནང་གི་བུད་མེད་རྩོམ་པ་པོ་སྐོར། བཀྲ་ཤིས་ཉི་མ་ལགས་ཀྱི་བཙན་བྱོལ་ནང་གི་སྒྱུ་རྩལ་བ་ཉི་ཤུའི་སྒྱུ་རྩལ་བརྩམས་ཆོས་སྐོར་བཅས་འདུག

རོ་ཝལ་བོད་ཀྱི་ཐེབས་རྩ་ནི་སྐུ་གཤེགས་སྒེ་ལེན་ (Galen) དང་སྦར་སྦ་ར་རོ་ཝེལ་ (Barbara Rowell) རྣམ་གཉིས་ཀྱི་དྲན་གསོ་ཆེད་བཙུགས་པ་ཞིག་ཡིན་པ་དང་། ཁོང་རྣམ་གཉིས་ནི་བོད་ཀྱི་བློས་ཐུབ་གྲོགས་པོ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༼ངའི་བོད།༽ཅེས་པའི་དཔེ་དེབ་དེ་ཡང་ཁོང་གཉིས་དང་མཉམ་འབྲེལ་གནང་ནས་པར་སྐྲུན་བྱས་ཡོད་ཅིང་། ཁོང་གཉིས་ཀྱིས་པར་དང་རྩོམ་བརྒྱུད་ནས་བོད་ཀྱི་མཛེས་སྡུག་དང་ཡ་ང་བའི་ཁོར་ཡུག་གནས་སྟངས་དང་རིག་གཞུང་སོགས་འཛམ་གླིང་གི་མི་མང་མང་པོར་ངོ་སྤྲོད་གནང་ཡོད་འདུག ཁོང་གཉིས་འདས་གྲོངས་སོང་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་དང་། ཁོང་གཉིས་ཀྱི་ནང་མི་མཛའ་གྲོགས་རྣམས་ནས་ཁོང་གཉིས་ཀྱི་དམིགས་འདུན་མཐའ་འཁྱོངས་བ་དང་དྲན་གསོའི་ཆེད་རོ་ཝལ་ཐེབས་རྩ་འདི་བཙུགས་པ་ཞིག་རེད་འདུག

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༩ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༢༠ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese