མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲས་མཐོང་ལྷ་སྒྲོན་ལགས་སུ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཟེངས་རྟགས་གནང་། 

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཟེངས་རྟགས་གནང་ཡོད་འདུག

བཀྲས་མཐོང་ལྷ་སྒྲོན་ལགས་སུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གཟེངས་རྟགས་གནང་བའི་མཛད་སྒོའི་ཐོག ༢༠༢༤།༠༡།༡༩ རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་པར།

དེ་རིང་ཕྱི་ཚེས་ ༡༩ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཟེངས་རྟགས་ (The Secretary of State’s International Religious Freedom Awards) དེ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་སུ་གནང་ཡོད་ཅིང་། ཁོང་མོས་སྣེ་ཁྲིད་ཀྱི་འོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩོད་ལེན་བྱེད་བཞིན་ཡོད་པའི་ངོས་འཛིན་དང་བསྔགས་བརྗོད་གནང་འདུག་ལ། གཟེངས་རྟགས་སྤྲད་པའི་མཛད་སྒོའི་ཐོག ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་སྒྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སོགས་ཕེབས་ཡོད་འདུག

གནད་དོན་དེ་དག་དང་འབྲེལ་ནས་ཨ་རིའི་ཆོས་ལུགས་དད་མོས་རང་དབང་ལས་ཁུངས་(Office of International Religiious Freedom) ཀྱི་ཨེག་སི་(X) དྲ་ལམ་སྟེང་། བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་མཉམ་ལས་ཐད་རོགས་འདེགས་བྱས་ཡོད་པ་མ་ཟད། འཕྲུལ་རིག་གི་བཙན་གནོན་ལ་མ་ལྟོས་པར་འབྲེལ་ལམ་བཙུགས་ནས། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་དད་མོས་རང་དབང་ལ་དྲག་གནོན་ཇི་ལྟར་བྱེད་ཀྱི་ཡོད་པ་འཛམ་གླིང་དུ་གསལ་སྟོན་བྱས་ཡོད། ཅེས་བྲིས་འདུག

ཕྱི་ལོ་ ༢༠༢༣ ལོའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཟེངས་རྟགས་དེ། ནེའུ་ཛི་ལེན་ཌིའི་རྩོམ་པ་པོ་ཧྥ་རིད་ཨཱ་མིད་(Farid Ahmed)དང་། ན་ཇི་རི་ཡའི་ཁྲིམས་རྩོད་པ་ཀོ་ལ་(Kola Alapinni)། ཨི་རག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མིར་ཛཱ་(Mirza Dinnayi)། པ་ཀི་སི་ཐན་གྱི་ཆོས་དད་རང་དབང་གི་འཐབ་རྩོད་པ་པི་ཌར་(Peter Jacob)། ནེ་ཁོ་རཱ་གྷ་(Nicaragua) རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་མར་ཐཱ་ (Martha Patricia Molina Montenegro)། དེ་བཞིན་ལྷོ་ཨ་ཧྥེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་(Johannesburg Holocaust and Genocide Center ) གི་འགན་འཛིན་ཊ་ལི་(Tali Nates) ལའང་སྤྲད་ཡོད་འདུག

བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་ཕྱི་ལོ ༢༠༠༢ ནས་༢༠༠༩ བར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་གནང་ཡོད་ཅིང་། ཕྱི་ལོ་ ༢༠༠༨ ལོའི་ཨོ་ལིམ་ཕིག་རྩེད་འགྲན་སྐབས་རྒྱ་ནག་པེ་ཅིན་དུ་ཕྱིན་ནས་བོད་དོན་ལས་འགུལ་སྤེལ་བར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཕྱིར་ལོག་བཏང་ཡོད། ཕྱི་ལོ་ ༢༠༡༡ ལོར་ཁོང་མོར་རྒྱལ་སྤྱིའི་ཞི་བའི་རྩོད་རྙོག་འདུམ་སྒྲིག་ཁང་གི་འཚེ་མེད་ཞི་བའི་ལོ་འཁོར་གཟེངས་རྟགས་ཐོབ་འདུག ཕྱི་ལོ་ ༢༠༠༩ ལོར་བོད་དོན་ལས་འགུལ་བསྟི་གནས་ཁང་གསར་འཛུགས་གནང་སྟེ་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཞིབ་འཇུག་གནང་བཞིན་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཟེངས་རྟགས་དེ་ནི་ཕྱི་ལོ་ ༡༩༩༨ ལོ་ནས་སྤྲད་མགོ་བཙུགས་ཡོད་ཅིང་། འདས་པའི་མི་ལོ་ཉེར་ལྔ་ལྷག་རིང་འཛམ་གླིང་ནང་གི་ཆོས་དད་རང་དབང་གི་རྩོད་ལེན་པ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ་རྣམས་ལ་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese