མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོར་དགེ་བཤེས་མ་དང་སྔགས་རམས་དགེ་བཤེས་མ་ཁྱོན་ ༡༧ ཐོན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོར་དགེ་བཤེས་མ་ ༧ དང་སྔགས་རམས་དགེ་བཤེས་མ་ ༡༠ བཅས་ཁྱོན་མདོ་སྔགས་གཉིས་ལ་བསླབ་པ་མཐར་སོན་པའི་བཙུན་མ་ ༡༧ བྱུང་འདུག

སྔགས་རམས་དགེ་བཤེས་མའི་མཐར་ཕྱིན་མཛད་སྒོའི་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢།༠༢།༢༠༢༤

འདི་གའི་གསར་འགོད་པས་སྔགས་རམས་དགེ་བཤེས་མ་ཐུབ་བསྟན་ཆོས་སྒྲོན་ལགས་སུ་དེ་འབྲེལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། འདི་ལོར་སྔགས་རམས་དགེ་བཤེས་མའི་ཁྲོད་དུ་ལྷོ་ཕྱོགས་མོན་གྷོ་བྱང་ཆུབ་ཆོས་ལྡན་གླིང་གི་བཙུན་མ་ ༤ དང་། བལ་ཡུལ་ཀོ་པན་བཙུན་དགོན་གྱི་བཙུན་མ་ ༤། དེ་བཞིན་བཞུགས་སྒར་གྱི་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་ ༢ བཅས་ཁྱོན་སྔགས་རམས་དགེ་བཤེས་མ་བཅུ་ཐོན་ཡོད་སྐོར་གསུངས་བྱུང་ལ། སྔགས་རམས་དགེ་བཤེས་མའི་མཐར་ཕྱིན་མཛད་སྒོ་དེ་ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དབུ་བཞུགས་འཚོགས་ཡོད་འདུག

ཡང་འདི་ལོར་དགེ་བཤེས་མ་ཐོན་མཁན་ཁྱོན་མི་གྲངས་ ༧ ཡོད་ཅིང་། དེ་དག་ལས་བཙུན་མ་ ༢ ལྷོ་ཕྱོགས་མོན་གྷོ་བྱང་ཆུབ་ཆོས་ལྡན་གླིང་དང་། བཙུན་མ་ ༥ ནོར་གླིང་དུ་ཡོད་པའི་སྒྲོལ་མ་གླིང་བཙུན་དགོན་གྱི་ཡིན་འདུག་ལ། དགེ་བཤེས་མའི་མཐར་ཕྱིན་མཛད་སྒོ་དེ་འདས་ལོའི་ཕྱི་ཟླ་ ༡༡ ནང་རྡོ་རྗེ་གདན་དུ་འཚོགས་པའི་བཙུན་མའི་འཇང་དགུན་ཆོས་སྐབས་འཚོགས་ཡོད་འདུག

སྤྱིར་བཏང་ ༡༩༩༥ ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དགེ་བཤེས་མ་གཏོང་དགོས་ཀྱི་འདུག དེ་གལ་ཆེན་པོ་ཞེ་དྲགས་འདུག་ཅེས་བཀའ་སློབ་རབ་དང་རིམ་པར་བསྩལ་བ་ལ་བརྟེན་ནས། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༥ བའི་ནང་དགེ་བཤེས་མ་གཏོང་ཕྱོགས་ཀྱི་ལམ་སྲོལ་གཏན་འབེབས་བྱས་ཏེ་ལག་བསྟར་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ཚོགས་ཆེན་གྱི་འདུ་ཁང་དུ་ལོ་རྒྱུས་ནང་ཐོག་མར་བཙུན་མ་ ༢༠ ལས་བྱུང་བའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་པ་དང་། ཕྱི་ལོ་ ༢༠༡༩ ལོར་༧དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆེས་ཐོག་མར་སྔགས་རམས་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཡོད། ད་ལྟའི་བར་དགེ་བཤེས་མ་ཁྱོན་ ༦༠ དང་སྔགས་རམས་དགེ་བཤེས་མ་ཁྱོན་ ༤༨ བཅས་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ལོ་ 2 སྔོན།

    དང་ཐོག་བཙུན་མ་དགེ་བཤེས་དང་། སྔགས་རམས་པའི་བསླབ་པ་མཐར་སོན་པ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། བཙུན་མ་བསླབ་པ་མཐར་སོན་པ་ཚོར་དགེ་བཤེས་མ་དང་། སྔགས་རམས་མ་ཟེར་དགོས་པ་འདི་ལོ་རྒྱུས་ནང་། སྔ་དུས་ཀྱི་ཕོ་མཆོག་མོ་དམན་དང་། ཕོ་མོ་དབྱེ་འབྱེད་ཀྱི་སྲོལ་ངན་ཆག་སྒོ་ཆེན་པོ་ཞིག་ཡིན་པས། སྦེད་དེ་མ་འགྲིགས་པ་རེད། ཤེས་ཡོན་གྱི་སྒྲོམ་གཞི་སྡེ་ཚན་་ཞིག་གི་ནང་ལའང་ཐེག་པ་རིམ་འཛེགས་ཀྱིས་བསླབ་པ་མཐར་སོན་ནས། གོ་ས་ཕྱག་འཁྱེར་བཞེས་ཡོད་ན། གོ་ས་དེ་དག་ལ་ཕོ་མོའི་མིང་བརྡ་ཁྱད་མེད་ཡིན་དགོས། དཔེར་ན། སྨན་རམས་པ་ཟེར་བ་ལས་སྨན་རམས་མ་དང་། སྨན་རམས་ཕ་སོགས་ནམ་ཡང་མི་ཟེར་རོ། དེ་བཞིན་ Ph.D Male དང་ Ph.D Female ཟེར་སྲོལ་མེད། འོན་ཀྱང་། ཁས་བླངས་པའི་བསླབ་སྡོམ་བཞེས་སྐབས། དགེ་ཚུལ་ཕ་མ་དང་། དགེ་སློང་ཕ་མ་ཟེར་སྲོལ་ཡོད་པས། གནད་དོན་འདི་ལ་བསམ་ཞིབ་ངེས་པར་གནང་དགོས་འདུག་སྙམ། ད་ཆ་མ་འོངས་པར། བཙུན་མ་སྔགས་རམས་པ་རྣམས་དགའ་ལྡན་ཁྲི་པར་ཕེབས་ཆོག་པའི་ལམ་པོ་ཆེའི་སྲོལ་བཟང་ལོ་རྒྱུས་རང་བཞིན་ཅན་རང་ཤུགས་ཀྱིས་ཆགས་སོང་རེད། དགའ་བསུ་ཚད་མེད་ཡོད། ༧རྒྱལ་བའི་དགོངས་པ་དང་མཛད་བཟང་བླ་ན་མེད་པ་ལོས་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese