མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞི་རིམ་སློབ་གྲྭའི་རིགས་ལམ་སྦྱོང་བརྡར་འདུ་འཛོམས་ཐེངས་གསུམ་པ་འཚོག་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་བཅུ་གསུམ་རིང་དྷ་ས་དཔེ་སྟོན་སློབ་གྲྭ་དང་སེ་ལ་ཀུལ་བོད་ཁྱིམ་གྱི་སློབ་ཕྲུག་གྲངས་ ༤༣ མཉམ་ཞུགས་ཀྱིས་རིགས་ལམ་སྦྱོང་བརྡར་འདུ་འཛོམས་ཤིག་འཚོག་བཞིན་ཡོད་འདུག

ཝཱ་ཎ་མཐོ་སློབ་དུ་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་རིགས་ལམ་སྦྱོང་བརྡར་བྱེད་བཞིན་པ། ༢༠༢༤།༠༢།༡༧ ཝཱ་ཎ་སློབ་གཉེར་བའི་བདེ་དོན་ཚོགས་ཆུང་གི་ངོ་དེབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ཕྱི་ཚེས་ ༢༩ བར་ཉིན་གྲངས་ ༡༣ རིང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཝཱ་ཎ་དགེ་འོས་སྡེ་ཚན་ཟུང་འབྲེལ་གྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་རིགས་ལམ་སྦྱོང་བརྡར་གྱི་འདུ་འཛོམས་ཐེངས་གསུམ་པ་འཚོག་བཞིན་ཡོད་འདུག ཐེངས་འདིའི་དབུ་འབྱེད་མཛད་སྒོ་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དབང་ཕྱུག་རྡོ་རྗེ་ནེ་གེ་མཆོག་དང་། རིགས་དྲུང་སུ་ནེ་ཏཱ་ཅན་ད་རཱ་ལགས། རིགས་དྲུང་གཞོན་པ་ཧི་མན་ཤུ་པཱན་ཌེ་ལགས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། མཐོ་སློབ་ཀྱི་དགེ་བའི་བཤེས་གཉེན་རྣམས་དང་སློབ་གཉེར་བ། གཞི་རིམ་སློབ་གྲྭའི་སློབ་ཕྲུག་གྲངས་ ༤༣ བཅས་མཉམ་ཞུགས་གནང་ཡོད་འདུག

རིགས་ལམ་སྦྱོང་བརྡར་འདུ་འཛོམས་ཀྱི་གལ་གནད་སྐོར་ལ་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་འདི་གའི་གསར་འགོད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རིགས་ལམ་སློབ་གཉེར་གྱི་བཀའ་སློབ་རིམ་པ་མང་པོ་ཕེབས་པ་བཞིན་སྔོན་མ་ནས་གཞི་རིམ་སློབ་གྲྭ་ཁག་ཏུ་མགོ་བཙུགས་ཞུས་ཡོད། བོད་སློབ་འཛིན་ཚོགས་ཡོད་པའི་སྐབས་སུ་རྒྱ་གར་གཞུང་ནས་འཛིན་གྲྭའི་གནས་བབ་གཞིར་བཟུང་ཐོག་ལྟ་གྲུབ་དགེ་རྒན་ཁག་ཅིག་ཡོད་པ་དང་། གཞན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ལྟ་གྲུབ་དགེ་རྒན་གྱི་མཐུན་རྐྱེན་སྦྱར་ཏེ་འཛིན་གྲྭ་བརྒྱད་པའི་བར་དུ་འགྲོ་བཞིན་ཡོད། རིགས་ལམ་གྱིས་སློབ་ཚན་གཞན་གྱི་ནང་དོན་གཏིང་ཟབ་ཤེས་པའི་རེ་བ་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ནས་བཟུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ལོ་ལྟར་སློབ་གྲྭ་ཁག་ཏུ་རིགས་ལམ་འདུ་འཛོམས་ཤིག་འཚོག་བཞིན་ཡོད་ཅིང། ཕྱི་ལོ་ ༢༠༢༠ ནས་རྒྱུད་སྨད་གྲྭ་ཚང་ནས་མགོ་བཙུགས་པ་དང་། ཕྱི་ལོ་༢༠༢༣ ལོར་འབྲས་སྤུངས་བློ་གསལ་གླིང་དུ་འཚོགས། ཐེངས་འདིར་ཝཱ་ཎ་མཐོ་སློབ་ཏུ་འཚོག་བཞིན་ཡོད། ཟབ་སྦྱོང་འདིའི་མིང་ལ་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་ཞེས་བཏགས་ཡོད། ལྟ་གྲུབ་དགེ་རྒན་རྣམས་ཀྱིས་ཁ་དོག་དཀར་དམར་དང་། མུ་གསུམ་མུ་བཞི་སྒྲིག་སྟངས་སྦྱོང་བ་ཙམ་མིན་པར། སློབ་མའི་སྤྱི་ཡོངས་ཀྱི་ཤེས་ཚད་ཡར་རྒྱས་འགྲོ་བར་རེ་བ་རྒྱག་བཞིན་ཡོད།ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་རིགས་ལམ་འདུ་འཛོམས་སྐོར་ལ་ཁོང་གིས། ཐེངས་འདིའི་འདུ་འཛོམས་ནི་གློ་བུར་བའི་ལས་གཞི་ཆགས་ཡོད། འདས་ལོའི་ཕྱི་ཟླ་བརྒྱད་པའི་མཇུག་ཏུ་མ་སུ་རི་བོད་ཁྱིམ་དུ་རིགས་ལམ་འདུ་འཛོམས་ཤིག་འཚོགས་ཡོད། སྐབས་དེར་སློབ་གྲྭ་ཁག་ཅིག་མཉམ་ཞུགས་བྱས་ཐུབ་མེད་པ་དང་། ལས་གཞིའི་རོགས་དངུལ་ལྷག་ཡོད་ཀྱང་། རིགས་ལམ་སྦྱོང་བརྡར་འདུ་འཛོམས་ཀྱི་ལས་གཞི་ཆ་ཚང་གི་འགྲོ་གྲོན་ལ་འདང་གི་མེད་པས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་རོགས་རམ་མཐུན་སྦྱོར་གནང་བའི་རེ་བ་ཞུས་པ་བཞིན། མཉམ་ཞུགས་གནང་མཁན་རྣམས་ཀྱི་ཆེད་དུ་བཞུགས་གནས་དང་ཞལ་ལག་མཐུན་སྦྱོར་གནང་བྱུང་། འགྲོ་གྲོན་གཞན་རོགས་དངུལ་གྱི་ལྷག་མ་ནས་འདང་འགྲོ་ཡི་རེད། སློབ་ཕྲུག་རྣམས་ལ་སློབ་སྦྱོང་བྱེད་སའི་གོ་སྐབས་འཕར་མ་ཞིག་ཐོབ་པ་ཡག་ཤོས་རེད་ལ། ཐེངས་འདིར་དྷ་ས་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ ༣༤ དང་། སེ་ལ་ཀུལ་བོད་ཁྱིམ་ནས་ ༩ མཉམ་ཞུགས་བྱེད་བཞིན་ཡོད་ལ། ཟབ་སྦྱོང་གི་སྐབས་སུ་ཝཱ་ཎ་མཐོ་སློབ་ཀྱི་སྡེ་ཚན་ཁག་ལ་བསྐོར་བསྐྱོད་དང་། སཱ་རཱ་ནཱ་ཐའི་མཆོད་རྟེན། རྩྭ་མཆོག་གྲོང་སོགས་གནས་མཇལ་དུ་འགྲོ་འཆར་ཡོད། ཐེངས་འདིའི་རིགས་ལམ་འདུ་འཛོམས་དང་བསྟུན། མཉམ་ཞུགས་པ་རྣམས་ཀྱིས་ཝཱ་ཎ་མཐོ་སློབ་ཀྱི་སློབ་སྦྱོང་གི་མཐུན་རྐྱེན་དང་ཁོར་ཡུག་སོགས་ལ་དབྱིངས་ཞུགས་ཏེ། མ་འོངས་པར་མཐོ་སློབ་འདི་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་སློབ་སྦྱོང་བྱེད་འདོད་ཡོད་ཚེ། ལས་གཞི་འདིའི་དགེ་མཚན་གཉིས་པ་ཞིག་འགྲུབ་ཡོང་གི་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

མ་འོངས་བའི་འཆར་གཞི་སྐོར་ལ་ཁོང་གིས། རྩིས་ལོ་རྗེས་མའི་ནང་དུའང་རིགས་ལམ་འདུ་འཛོམས་ཀྱི་ཐོག་རོགས་དངུལ་ཐོབ་ཡོད་ཅིང་། ཟབ་སྦྱོང་གི་དུས་ཚོད་ནི་དབྱར་ཁའི་གུང་གསེང་སྐབས་སུ་ཟབ་སྦྱོང་འཚོག་རྒྱུ་ཡིན་པ་དང་། སློབ་ཕྲུག་གྲངས་ ༥༠ མཉམ་ཞུགས་བྱེད་པའི་གོ་སྐབས་ཡོད། དེ་སྔ་མ་སུ་རི་སམ་བྷོ་ཌ་སློབ་གྲྭ་དང་། སེ་ལ་ཀུལ་བོད་ཁྱིམ། དྷ་ས་དཔེ་སྟོན་སློབ་གྲྭ་བཅས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་ཕྲུག་རྣམས་ལ་གོ་སྐབས་ཐོབ་ཡོད་པ་དང་། ལོ་རྗེས་མར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ལ་གསལ་བསྒྲགས་བཏང་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

ཝཱ་ཎ་མཐོ་སློབ་དུ་གཞི་རིམ་སློབ་གྲྭའི་རིགས་ལམ་སྦྱོང་བརྡར་འདུ་འཛོམས་ཐེངས་གསུམ་བཞིན་པ། ༢༠༢༤།༠༢།༡༧ ཝཱ་ཎ་སློབ་གཉེར་བའི་བདེ་དོན་ཚོགས་ཆུང་གི་ངོ་དེབ་ཀྱི་པར།

དབུ་འབྱེད་མཛད་སྒོ་སྐབས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དབང་ཕྱུག་རྡོ་རྗེ་ནེ་གེ་མཆོག་གིས། རིགས་ལམ་ནི་སློབ་སྦྱོང་བྱེད་པར་གལ་གནད་ཆེན་པོ་ཞིག་ཆགས་ཡོད། རིགས་ལམ་གྱིས་གཏན་ལ་ཕབ་པའི་དོན་ཅི་ཞིག་ཡིན་པ་ཤེས་དགོས་པ་གལ་ཆེན་པོ་རེད། ང་ཚོས་ཤེས་ཡོན་ཡར་རྒྱས་ཀྱི་ཆེད་དུ་རིགས་ལམ་བེད་སྤྱོད་གཏོང་བཞིན་ཡོད། དེ་ཡང་ཤེས་ཡོན་གྱི་དགོས་མཁོ་དང་ཁེ་ཕན་ཤེས་དགོས། དེ་དག་ཤེས་ཚེ་སློབ་སྦྱོང་གི་འདུན་པ་དང་སྤྲོ་བ་རང་བཞིན་གྱི་སླེབས་ཀྱི་ཡོད། དེ་དང་མཉམ་དུ་ཤེས་ཡོན་ཡོད་པའི་རྒྱལ་ཁབ་དང་། སྤྱི་ཚོགས། ཁྱིམ་ཚང་གི་གནས་སྟངས་ཀྱི་ཁྱད་པར་ཡང་ཤེས་དགོས། ད་ལྟ་འཛམ་བུ་གླིང་གི་གནས་སྟངས་དེ་ཁ་པར་ལས་མཐོང་ཐུབ་པ་ཡང་ཤེས་ཡོན་ཅན་གྱིས་བཟོས་པ་ཞིག་རེད། སོ་སོས་ཅི་ཞིག་ལ་བརྩོན་པ་བྱས་ན་དེ་ཐོབ་པའི་ངེས་པ་རྙེད་དགོས། ཕྱི་ནང་གི་ཡར་རྒྱས་བྱུང་བ་དེ་སློབ་སྦྱོང་ལ་བརྟེན་ནས་བྱུང་བ་སེམས་སུ་ཉར་རོགས། ཞེས་སོགས་གསུངས་སོང་།

ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རེ་བཞིན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཝཱ་ཎ་མཐོ་སློབ་གཉིས་ཀྱི་མཐུན་འགྱུར་དང་རྒྱབ་སྐྱོར་འོག རིགས་ལམ་བརྒྱུད་ཚན་རིག་དང་ཨང་རྩིས་ཀྱི་ཁྲིད་དེབ་གསུམ་བཏོན་ཡོད་པ་མ་ཟད། རིགས་ལམ་ཐད་སློབ་ཕྲུག་རྣམས་ཀྱི་ཟབ་སྦྱོང་སོགས་བྱས་མྱོང་ཡོད་ཅིང་། སློབ་ཕྲུག་རྣམས་ཀྱིས་དགེ་རྒན་གྱིས་བསླབ་པའི་རྟགས་གསལ་ཙམ་ལས། བརྗོད་གཞི་གཞན་པའི་ཐོག་རྟགས་གསལ་གྱི་ལམ་ནས་ལན་འདེབས་མ་ཐུབ་ཚེ། རིགས་ལམ་འགྲོ་སྟངས་ཡག་པོ་ཆགས་མེད་།ཅེས་བརྗོད་སོང་།

དེ་བཞིན་སེ་ལ་ཀུལ་བོད་ཁྱིམ་གྱི་ལྟ་གྲུབ་དགེ་རྒན་བསྟན་འཛིན་ཐེག་མཆོག་ལགས་ཀྱིས། ནང་དོན་རིག་པ་དང་། བརྡ་སྤྲོད་རིག་པ། ཚན་རིག ཨང་རྩིས་སོགས་གང་གི་ཐོག་སློབ་སྦྱོང་བྱེད་བཞིན་ཡོད་ཀྱང་། ཚད་མ་རིག་པ་ནས་གསུངས་ཡོད་པའི་རིགས་ལམ་བེད་སྤྱོད་བྱས་ཚེ། སློབ་སྦྱོང་ཧ་ཅང་སྤུས་དག་པོ་ཞིག་ཤེས་ཐུབ་པའི་སེམས་ཚོར་བྱུང་། རང་ཉིད་ལ་མཚོན་ན་ནང་བསྟན་གྱི་གཞུང་ནས་གསུངས་བའི་ཉམས་ལེན་དེ་རིགས་ལམ་གྱི་ཐོག་ངེས་པ་རྙེད་ཀྱི་འདུག་ལ། ཐེངས་འདིར་སློབ་ཕྲུག་ཚོས་ཀྱང་རིགས་ལམ་སློབ་སྦྱོང་གི་གོ་སྐབས་ཆུད་ཟོས་སུ་མ་བཏང་བར་འབད་བརྩོན་བྱ་རོགས། ཞེས་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

སྐར་མ ༡༥ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese