མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཆུ་བོའི་གནས་སྟངས་ཐོག་བགློ་གླེང་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཉིན་མོ་གཙི་སྲུང་དང་བསྟུན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་སོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་དོན་ཚན་བཅུ་ཅན་གྱི་འབོད་སྐུལ་ཞུ་ཡིག་བསྒྲགས་སོང་།

རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཉིན་མོར་བོད་ཀྱི་ཆུ་བོ་སྐོར་ལ་བགྲོ་གླེང་འཚོགས། དུས་བབ་ཀྱི་པར། ༡༤།༠༣།༢༠༢༤

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཉིན་མོ་(International Day of Action for Rivers) གཙི་སྲུང་དང་བསྟུན། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་སོང་།

ཐེངས་འདིའི་བགྲོ་གླེང་ཐོག་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷ་སྒྲོན་ལགས། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་ཉམས་ཞིབ་པ་བཅས་མཉམ་ཞུགས་གནང་འདུག

ཐེངས་འདིའི་བགྲོ་གླེང་སྐོར་ལ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་གསར་འགོད་པར། དེ་རིང་ནི་རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཉིན་མོ་ཆགས་ཀྱི་ཡོད་པ་དང་བསྟུན། ང་ཚོའི་ངོས་ནས་བོད་ཀྱི་ཆུ་བོ་སྲུང་སྐྱོབ་ཐོག་བགྲོ་གླེང་ཞིག་འཚོག་དགོས་པ་གལ་ཆེན་ཏུ་མཐོང་སོང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་སྡེ་དགེ་ཁུལ་དུ་ཆུ་མཛོད་བརྒྱབ་སྟེ་ཡུལ་མི་མང་པོ་གནས་སྤོ་དང་རིག་གཞུང་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད། ཐེངས་འདིའི་མཁས་པའི་བགྲོ་གླེང་བརྒྱུད་ནས་རྒྱ་གཞུང་གིས་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞིས་མི་མང་དང་། ཁོར་ཡུག རིག་གཞུང་སོགས་ལ་གཏོར་བཤིག་གཏོང་བཞིིན་པ་གསལ་སྟོན་བྱེད་ཆེད་ཡིན་པ་མ་ཟད། རྒྱ་གཞུང་གིས་བོད་མི་མང་གི་བདེ་སྡུག་ལ་འགན་འཁུར་བྱེད་དགོས་པ་ར་སྤྲོད་བྱེད་ཀྱི་ཡོད། དེ་བཞིན་ཐེངས་འདིར་འབོད་སྐུལ་དོན་ཚན་བཅུ་ཅན་ཞིག་བཏོན་ཡོད་པའང་བོད་ནང་གི་དཀའ་ངལ་གྱི་དོན་གནད་ཞིག་ཡིན་པས་རྒྱ་གཞུང་དང་རྒྱལ་སྤྱིའི་ཐོག་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཡིན། ཞེས་བརྗོད་སོང་།

བགྲོ་གླེང་སྐོར་ལ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། རྒྱ་གཞུང་གིས་བོད་ཀྱི་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་ལས་གཞི་འགྲོ་བཞིན་ཡོད་པར་རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཉིན་མོ་དང་འབྲེལ་བ་ཤུགས་ཆེན་ཆགས་ཡོད། རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ཁོར་ཡུག་སྲུང་སྐྱོབ་མང་པོ་བཤད་ཀྱིན་ཡོད་ཀྱང་། དངོས་གནས་ཚུལ་ཐོག་བོད་ཀྱི་ནང་དུ་དཀའ་ངལ་འབྱུང་བཞིན་པ་མངོན་གསལ་དོད་པོ་རེད། རྒྱལ་སྤྱིའི་ཐོག་བོད་ནང་གི་གནས་སྟངས་ལ་གསལ་བཤད་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པས། རྒྱལ་སྤྱིའི་གནས་སྟངས་འོག་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་བོད་སྡེ་དགེ་ཁུལ་གྱི་དཀའ་ངལ་དང་འབྲེལ་བའི་སྐོར་བགྲོ་གླེང་བྱས་ཡོད་ཅིང་། རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ཁས་ལེན་མང་པོ་ཞིག་བྱས་ཡོད་པ་རེད། རྒྱ་གཞུང་གིས་ཁས་ལེན་བྱས་པ་དག་ལག་བསྟར་བྱེད་སྐབས་སུ་ལ་དོ་ཕོག་འགྲོ་ཡི་ཡོད་མེད་ཤེས་དགོས་པ་གལ་ཆེན་རེད། རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ཆུ་མཛོད་འཛུགས་སྐྲུན་བྱེད་པ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཡིན་པར་སྒྲོག་གིན་ཡོད་ཀྱང་། ཆུ་མཛོད་འཛུགས་སྐྲུན་གྱིས་བོད་ཀྱི་ས་ཆ་དང་། ཁོར་ཡུག མི་མང་སོགས་ལ་དོ་ཕོག་འགྲོ་བཞིན་ཡོད་པ་རྒྱལ་སྤྱིའི་ཐོག་ཤེས་ཀྱི་མེད་པ་གསལ་བོ་བཟོ་དགོས་པ་གལ་ཆེན་པོ་རེད། རྒྱ་གཞུང་གིས་བོད་ནང་ཆུ་རགས་འཛུགས་སྐྲུན་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་གལ་ཆེན་དུ་བརྩི་བཞིན་ཡོད་ཀྱང་། དངོས་ཡོད་གནས་སྟངས་ཐོག་ཕན་ཐོགས་གང་ཡང་བྱུང་གི་མེད། དེ་བཞིན་རྒྱ་གཞུང་གིས་ཉི་གློག་འཛུགས་སྐྲུན་གྱིས་བོད་ནང་གི་རྩྭ་སར་གནོད་སྐྱོན་ཐེབས་བཞིན་པ་སོགས་རྒྱ་གཞུང་གི་སྲིད་ཇུས་དང་ལག་ལེན་གཉིས་མཐུན་གྱི་མེད་པ་གསལ་བོ་རེད། ཅེས་འགྲེལ་བརྗོད་གནང་སོང་།

བོད་ནང་གི་ཆུ་རགས་ཀྱི་སྐོར་ལ་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས།  རྒྱ་གཞུང་གིས་འབྲི་ཆུའི་རྒྱུད་དུ་ཆུ་རགས་བཅུ་གསུམ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། ད་ལྟའི་ཆར་བརྒྱབ་ཟིན་པའི་ཆུ་རགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཐུབ་ཡོད་ཀྱང་།  བོད་ནང་སྡེ་དགེ་ཁུལ་གྱི་སྐམ་ཐོག་ཆུ་མཛོད་འཛུགས་སྐྲུན་ལ་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་རྐྱེན།  བོད་ནང་གི་ཆུ་རགས་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་བའི་གནས་ཚུལ་ཆ་ཚང་དྲ་ཐོག་ནས་བཀག་སྡོམ་བྱས་འདུག ད་ལྟའི་ཆར་བོད་ནང་དུ་ཆུ་མཛོད་འཛུགས་སྐྲུན་གྱི་དཀའ་ངལ་ཞིག་ཆགས་ཀྱི་ཡོད་པ་དང་། མ་འོངས་པར་རྒྱ་གཞུང་གིས་བོད་ནང་དུ་ཆུ་མཛོད་མང་པོ་རྒྱག་འཆར་ཡོད་པས། དེ་ཨེ་ཤ་ཡའི་ཁྱོན་ཡོངས་ཀྱི་དཀའ་ངལ་ཆགས་རྒྱུ་ཡིན་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་མཉམ་རུབ་ཀྱིས་ཨེ་ཤ་ཡའི་ཆུའི་དཀའ་ངལ་ཐོག་རྒྱ་གཞུང་ལ་གདོང་ལེན་བྱེད་དགོས་པའི་དུས་ཚོད་ཅིག་རེད། ཅེས་འགྲེལ་བརྗོད་གནང་སོང་།

ཐེངས་འདིའི་བགློ་གླེང་ཐོག་འབོད་སྐུལ་དོན་ཚན་བཅུ་ཅན་ཞིག་འགྲེམས་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་ནས་ས་གནས་མི་མང་གི་ཆོག་མཆན་མེད་པར་ཆུ་མཛོད་རྒྱག་མཚམས་འཇོག་དགོས་པ་དང་། རྒྱ་གཞུང་གིས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་ཕྱི་གསལ་ནང་གསལ་བྱེད་དགོས། ཁོར་ཡུག་དང་འབྲེལ་བའི་གནད་དོན་ཐག་གཅོད་ལ་མི་མང་མཉམ་ཞུགས་བྱེད་དུ་འཇུག་དགོས། ས་ཡོམ་གྱི་ཉེན་ཚབས་རྟོག་ཞིབ་དགོས། རང་དབང་ལྡན་པའི་ཐོག་སྔོན་ཚུད་ནས་མི་མང་ལ་གནས་ཚུལ་གསལ་བཤད་ཀྱིས་ཆོག་མཆན་ཞུ་དགོས། བོད་ཀྱི་ཁོར་ཡུག་ལ་དོ་ཕོག་འགྲོ་གཞིའི་ཚོང་ལས་ཁང་དང་ཚོང་འབྲེལ་གཅོད་དགོས། རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆིངས་ཡིག་ཁག་ལ་གཏན་འབེབས་ཆོག་མཆན་སྤྲོད་དགོས། བོད་ཀྱི་སྣོད་བཅུད་རྟེན་འབྲེལ་གྱི་གལ་གནད་ངོས་འཛིན་དགོས། བོད་ནང་རྒྱ་གཞུང་གི་མི་སེར་སྤེལ་བའི་བྱེད་ལས་མཚམས་འཇོག་དགོས། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་རྣམས་ལ་ཉེས་འཛུགས་བྱེད་མཚམས་འཇོག་དགོས་པ་བཅས་རེད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese