མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ལོ་མཇུག་བར་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ལ་རིན་མེད་ཐོངས་མཆན་སྤྲད་ནས་ཉིན་གྲངས ༡༥ རིང་རྒྱ་ནག་ཏུ་སྐོར་གཡེང་བྱ་ཆོག་གི་ཡོད་འདུག

China’s domestic tourism market surges during Spring Festival holiday. Photo: Azernews

རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་མཆེད་རྗེས་དང་། ལྷག་པར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ཟེར་བ་ཞིག་གི་འོག རྒྱལ་ཁབ་དེའི་ཚོང་གི་ལྟེ་གནས་ཆེ་ཤོས་ཀྱི་གྲོང་ཁྱེར་བཅུ་ཚུད་པའི་ས་གནས་མང་དག་ཅིག་སྒོ་རྒྱ་བསྡམས་ཏེ། རྒྱ་ནག་གི་ཚོང་དོན་དང་དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་བར་གྱི་འབྲེལ་ལམ་ཡར་སྐྱེད་བརྗེ་ལེན་ཟེར་བའི་སྲིད་ཇུས་འོག རྒྱ་ནག་གིས་སླར་ཡང་ཨེ་ཤ་ཡ་དང་། ཡུ་རོབ་རྒྱལ་ཁབ་གཅུ་གཉིས་ཀྱི་མི་སེར་རྣམས་ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ཏུ་ཉིན་གྲངས ༡༥ རིང་བསྐྱོད་ཆོག་ཅིང་། སྲིད་ཇུས་དེ་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༢ ཚེས་ ༣༡ བར་ལག་བསྟར་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིན་ཇན་(Lin Jian) ཟེར་བས། རྒྱལ་ཁབ་གཉིས་ཀྱི་མི་སེར་ཚོར་ཕན་ཚུན་བསྐྱོད་རེས་ཀྱི་སྲིད་ཇུས་གོང་མཐོར་གཏོང་སླད། རྒྱ་ནག་གཞུང་གིས་ཧྥ་རན་སི་དང་། སི་པན། མ་ལེ་ཤི་ཡ། སྦེལ་ཇམ། འཇར་མི་ནི་སོགས་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་རྣམས་དུས་ཐུང་རིང་རྒྱ་ནག་ཏུ་བསྐྱོད་རྒྱུའི་སྲིད་ཇུས་དེ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༣༡ བར་དུས་འགྱངས་བྱས་ཡོད། ཅེས་དང་། རྒྱལ་ཁབ་བཅུ་གཉིས་དེ་དག་གི་མི་སེར་ཚོས་ཚོང་དོན་དང་། ཡུལ་སྐོར་སོགས་ཀྱི་ངོ་བོའི་ཐོག་ནས་རྒྱ་ནག་ཏུ་སྐོར་གཡེང་བྱ་ཆོག་གི་ཡོད་ལུགས་སོགས་བརྗོད་འདུག

དེ་བཞིན་རྒྱ་ནག་ཡུལ་སྐོར་སློབ་གླིང་(China Tourism Academy)  གི་འགན་འཛིན་ཌ་ཡེ་པིན་( Dai Bin) ཟེར་བས། རྒྱ་ནག་གིས་སླར་ཡང་ཡུལ་སྐོར་བའི་དུས་ཐུང་སྐོར་སྐྱོད་ཀྱི་སྲིད་ཇུས་དེ་ཕྱིར་འགྱངས་བྱས་པ་དེས། རྒྱལ་ཁབ་གཞན་གྱི་མི་སེར་དེ་དག་རྒྱ་ནག་ཏུ་བསྐྱོད་རྒྱུར་གདེང་སྤོབས་དང་སྤྲོ་སྣང་གསར་པ་ཞིག་བསྐྲུན་ཡོད་པའི་ཁར། རྒྱ་ནག་གི་ཡུལ་སྐོར་དང་ཚོང་དོན་ལ་འཕེལ་རྒྱས་བྱུང་སྲིད་ལུགས་སོགས་བརྗོད་འདུག

ཕྱི་ལོ ༢༠༢༣ ལོར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་ཀྱི་བརྒྱ་ཆ ༥།༤ ལ་བསླེབས་ཏེ། ཐོན་སྐྱེད་ཞན་པ་དང་མི་འབོར་རྒས་བཞིན་པའི་གནས་སྟངས་འོག་་ཕྱི་ལོ ༢༠༢༨ ལོར་བརྒྱ་ཆ་ ༣།༥ ལ་བསླེབ་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་ལ། ལྷག་པར་ཕྱོགས་ཡོངས་ནས་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཉེས་ཆེན་པོ་ཕྱིན་རྐྱེན། འདས་ལོའི་ལོ་མཇུག་ཙམ་ནས་རྒྱ་ནག་གིས་ཡུ་རོབ་དང་ཨེ་ཤ་ཡ་ཁུལ་གྱི་རྒྱལ་ཁབ་དག་ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ཏུ་ཤར་གཏོང་བྱེད་མགོ་བཙུགས་ཡོད་པ་རེད། དེ་བཞིན་རྒྱ་ནག་གོ་ལའི་དུས་བབ་ཀྱི་གནས་ཚུལ་ནང་། རྒྱ་ནག་གིས་ཕྱི་མི་རིན་མེད་ཤར་གཏོང་གྱི་སྲིད་ཇུས་ལག་བསྟར་བྱས་པའི་འདས་པའི་ཟླ་བ་གསུམ་ཙམ་གྱི་ནང་། ཕྱི་མི་ས་ཡ་ ༡༩༨ ཙམ་གྱིས་རིན་མེད་ཐོངས་མཆན་ཞུ་མགོ་བཙུགས་ཡོད་པས། འདས་ལོ་དང་བསྡུར་ན་རྒྱ་ནག་ཏུ་ཡོང་མཁན་ཡུལ་སྐོར་བའི་བརྒྱ་ཆ་ ༢༦༦།༡ འཕར་ཡོད་འདུག་ལ། དེའི་ཁྲོད་ཀྱི་བརྒྱ་ཆ་ ༤༠ ཙམ་ཧྥ་རན་སི་ནས་ཡིན་པ་རེད།

རྒྱ་ནག་གཞུང་གིས་འདས་ལོའི་ལོ་མཇུག་ཙམ་ནས་ཐོག་མར་ཧྥ་རན་སི་དང་། འཇར་མི་ནི། ཨི་ཊི་ལི། ནེ་ཐ་ལེན་ཌི། སི་པེན། མེ་ལེ་ཤི་ཡ་སོགས་རྒྱལ་ཁབ་དྲུག་གི་མི་སེར་རྣམས་ཐོངས་མཆན་རིན་མེད་དུ་སྤྲད་ནས་རྒྱ་ནག་ཏུ་ཡོང་ཆོག་པའི་གསལ་བསྒྲགས་བྱས་འདུག་སྟེ། ཏོག་དབྱིབས་རིམས་ནད་རྗེས་རྒྱ་ནག་ལ་ཡུལ་སྐོར་དུ་སྐྱོད་མཁན་ཇེ་ཉུང་དུ་ཕྱིན་ཡོད་ཀྱང་། རྒྱ་ནག་གི་ཐོངས་མཆན་རིན་མེད་ཀྱི་ཐོག་ནས་སྐྱོད་ཆོག་པའི་སྲིད་ཇུས་བཟུང་རྗེས། ཡུ་རོབ་རྒྱལ་ཁབ་ཁག་གི་ན་གཞོན་མང་པོ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ཡུལ་སྐོར་སྐྱོད་ཀྱིན་ཡོད་པའི་གནས་ཚུལ་ཐོན་འདུག དེ་བཞིན་འདི་ལོའི་རྒྱ་ནག་གི་ཡུལ་སྐོར་བ་ཆེས་མང་བའི་ས་ཚིགས་ལྔ་ནི་རྒྱ་ནག་གི་ལྕགས་རི་རིང་མོ་དང་། པེ་ཅིན། ཞི་ཨན། ཁྲིན་འདུ། བོད་བཅས་ཡིན་འདུག་ལ། འདི་ལོའི་རྒྱ་ནག་གི་ལོ་སར་རྗེས་ནས་ད་བར་ཡུལ་སྐོར་ལྟེ་གནས་ཁང་སོགས་སུ་རྒྱ་སྒོར་ཐེར་འབུམ ༦༣༣ ལྷག་བྱུང་ནས་འདས་ལོ་དང་བསྡུར་ན་རྒྱ་སྒོར་ ༥༡༧ ལྷག་གིས་མང་བ་ཡོད་འདུག

                                                                                         གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
Mobile App

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༢༢
A ship of the Japanese Maritime Self-defence Force sails in formation during a naval fleet review. GETTY IMAGES
Mobile App

ཉི་ཧོང་གིས་སླར་ཡང་དམག་དོན་གྱི་ནུས་པ་ཇེ་མཐོར་གཏོང་མགོ་བཙུགས་འདུག

༢༠༢༤/༠༡/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese