མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་དུ་ཕེབས་འཆར་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་མཐུན་ཚོགས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་པོའོ་ལ་ལགས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་དུ་ཕེབས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་རྒྱུས་ལོན་གནང་རྒྱུ་ཡིན་འདུག

Paola Pampaloni, European External Action Service (EEAS), Deputy Managing Director Asia and the Pacific.

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཞུང་སྒེར་གྱི་ཚོགས་པ་མང་པོ་ཞིག་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་བོད་དང་། ཤར་ཏུ་ཀི་སི་ཐན་སོགས་སུ་ཕྱིན་ཏེ། ཡུལ་ལུང་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སོགས་ཀྱི་ཐད་ལ་རྒྱུས་ལོན་ཡོང་ཐབས་གནང་གི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༦ ནས་ཡུ་རོབ་མཐུན་ཚོགས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་པོའོ་ལ་( Paola Pampaloni) ལགས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་དུ་ཕེབས་ཏེ། བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་གླེང་སློང་གནང་འཆར་ཡོད་འདུག

དེའི་ཐད་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལས་དོན་གྱི་མགྲིན་ཚབ་པ་ནཱ་བྷི་ལ་(Nabila Massrali) ལགས་ཀྱིས། ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་ཁུལ་དུ་བསྐྱོད་དེ། ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལས་དོན་དང་འབྲེལ་ནས། བོད་ནང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ནས་རྒྱུས་ལོན་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ད་ལྟའི་ཆར་ཚོགས་ཆུང་དེ་བོད་ནང་དུ་འགྲོ་འཆར་ཡོད་པའི་གནས་ཚུལ་ཐོན་པ་ཙམ་ལས། བོད་ནང་གི་ས་གནས་གང་དུ་འགྲོ་འཆར་ཡོད་མེད་དང་། སྐོར་སྐྱོད་ཀྱི་ལས་རིམ་སོགས་གསལ་ཁ་མེད་ཀྱང་། བོད་དང་། ཤར་ཏུ་ཀི་སི་ཐན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་། རྒྱ་ནག་དང་ཨུ་རུ་སུའི་འབྲེལ་ལམ་དང་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་ཐད་ལ་གླེང་སློང་གནང་འཆར་སྐོར་སོགས་བསྒྲགས་འདུག

འདས་ལོའི་ཕྱི་ཟླ་ ༩ ནང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་དོན་འགན་འཛིན་སྐུ་ཞབས་ཝལ་ཌི་སི་ལགས་ (Valdis dombrovskis) ཀྱིས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་སུའུ་ཀྲུའུ་སོགས་སུ་སྐོར་སྐྱོད་བྱས་ཏེ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་རྡོག་རོལ་དང་། མུ་མཐུད་དུ་ཨུ་རུ་སུར་རྒྱབ་སྐྱོར་གྱིས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་ཚེ། འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གྱུར་བའི་ཡུ་རོབ་མཐུན་ཚོགས་དང་་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད།

དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་ཡུ་རོབ་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་ས་ཡ་ ༡ ཙམ་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པར་སྐྱོན་འཛུགས་དང་། རྒྱ་ནག་གཞུང་གིས་སྲིད་ཇུས་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་དོན་ཚན་གསུམ་ཅན་གྱི་གྲོས་འཆར་ཞིག་བཏོན་ནས། གྲོས་ཚོགས་འཐུས་མི་ ༤༧༧ གྱིས་རྒྱབ་སྐྱོར་དང་། འཐུས་མི་ ༡༤ ཡི་དགག་བྱ། གཞན་འཐུས་མི་ ༤༥ ཡིས་བར་གནས་བྱས་ཏེ། མང་མོས་ཀྱིས་གཏན་འབེབས་བྱུང་ཡོད་པ་རེད།

སྤྱིར་འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོགས་པ་དང་འཐུས་མི་སོགས་བོད་དུ་ཡུལ་སྐོར་དང་། རྒྱ་ནག་གཞུང་གིས་སྲུང་གཙི་བྱེད་མུས་ཡིན་པའི་དུས་ཆེན་ཁག་ལ་ཆེད་དུ་སྐད་བཏང་ནས། བོད་ནང་གི་འཛུགས་སྐྲུན་དང་བོད་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་གྱི་ཡོད་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ནས་ཉིན་གསུམ་རིང་། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ལྔ་སྟེ། རྒྱ་ནག་དང་མཐུན་ཕྱོགས་ཝེ་ནེ་ཛུ་ལཱ་(Venezuela)དང་། བྷའི་ལཱ་རུ་སུ་(Belarus)ནི་ཁཱ་རཱ་གྷུ་(Nicaragua) ཁུའུ་བྷ་(Cuba) པཱ་ཀི་སི་ཐན་(Pakistan) བཅས་ཀྱི་སྐུ་ཚབ་ཁག་ཅིག་བོད་ནང་ལྟ་སྐོར་དུ་འཁྲིད་དེ། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། སེ་ར་དགོན་སོགས་སུ་ལྟ་སྐོར་དུ་ཕྱིན་ཡོད་པ་དང་། ཕྱིས་སུ་ཁུའུ་བྷ་རྒྱལ་ཁབ་ནས་ཡིན་པ་ཇོན་ཨེན་ཐོ་ནོའོ་(Juan Antonio Quintanilla Roman)ཞེས་པ་ཞིག་གིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ། དེ་རིང་ལྷ་སའི་ཇོ་ཁང་དུ་ཕྱིན་པ་ཡིན། ཆོས་པ་ཚོས་རང་གི་ཆོས་དད་ཉམས་ལེན་བྱེད་བཞིན་པ་ནི་ཧ་ལས་དགོས་པ་ཞིག་འདུག་ཅེས་དང་། བོད་ནང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་སྐོར་སོགས་ཀྱི་མཐོང་ཚུལ་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ས་གནས་གང་དང་མི་སུ་ལ་ཐུག་དགོས་མིན་སོགས་ལས་རིམ་ཆ་ཚང་ལ་སྟངས་འཛིན་བྱས་དང་བྱེད་བཞིན་ཡོད་སྟབས། ཕྱིའི་འཛུགས་སྐྲུན་ཙམ་མ་གཏོགས་མི་མང་གི་བདེ་སྡུག་ངོ་མ་ཞིག་ཤེས་རྟོགས་བྱུང་ཁག་པོ་ཆགས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

ཆུ་ཚོད་ ༡༤ སྔོན་ལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཆུ་ཚོད་ ༡༥ སྔོན་ལ།
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese